ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ལི་ཡིས་དྲ་རྒྱའི་བདེ་འཇགས་ལ་འགན་སྲུང་བྱེད་པར་འཛམ་གླིང་ཡོངས་ཀྱི་ཚད་གཞི་གཏན་འབེབས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་ཡིས་ཚེས་ཉེར་གཅིག་ཉིན་མའོ་སི་ཁི་ནས་བསྡུས་པའི་རྒྱལ་སྤྱིའི་དྲ་རྒྱའི་བདེ་འཇགས་ཚོགས་ཆེན་སྟེང་དྲ་རྒྱའི་བདེ་འཇགས་ལ་འགན་སྲུང་བྱེད་པར་འཛམ་གླིང་ཡོངས་ཀྱི་ཚད་གཞི་གཏན་འབེབས་བྱེད་དགོས་པའི་འབོད་སྐུལ་བཏང་། 

མེ་ཏི་བེ་ཅེ་ཧྥུའུ་ཡིས་གཏམ་བཤད་སྤེལ་སྐབས་བསྟན་དོན། མཉམ་འབྲེལ་དྲ་རྒྱ་བརྒྱུད་དེ་ལག་བསྟར་བྱེད་པའི་ནག་ཉེས་བྱ་འགུལ་ལ་རྒྱལ་མཚམས་ཀྱི་ཚོད་འཛིན་མེད་པས། དྲ་རྒྱའི་བདེ་འཇགས་ལ་འགན་སྲུང་བྱེད་པར་འཛམ་གླིང་ཡོངས་ཀྱི་ཚད་གཞི་གཏན་འབེབས་བྱེད་དགོས་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་གྲངས་ལྡན་ཁྱབ་ཁོངས་སུ་འདྲ་མཉམ་དང་དྲང་བདེན་གྱི་འཛམ་གླིང་སྒྲིག་སྲོལ་ཅིག་འཛུགས་པའི་འདོད་བློ་བཏོན་ཡོད་ཟེར། 

མེ་ཏི་བེ་ཅེ་ཧྥུའུ་ཡིས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གྱི་དྲ་རྒྱའི་དཔུང་འཇུག་དབང་གིས་བཟོས་པའི་གྱོང་གུད་ད་ལོར་མེ་སྒོར་ཁྲག་ཁྲིག་ཆེན་མོ་གཉིས་དང་ཁྲག་ཁྲིག་ལྔར་བསླེབ་སྲིད་པ་དང་། དྲ་རྒྱའི་ནག་ཉེས་དེ་འཛམ་གླིང་ཡོངས་ཀྱི་ཉེན་ཁ་གཙོ་བོ་ཞིག་ཏུ་གྱུར་ཡོད་ཟེར། 

ཁོས་རྒྱལ་ཁབ་སོ་སོས་དྲ་རྒྱའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐད་ནས་མཉམ་ལས་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཁེ་ལས་དག་དྲ་རྒྱའི་བདེ་འཇགས་གནད་དོན་ཐག་གཅོད་བྱེད་པར་ཞུགས་དགོས་པའི་འབོད་སྐུལ་བཏང་། རྒྱལ་ཁབ་ཀྱི་སྟོབས་ཤུགས་ཁོ་ནར་བརྟེན་དགོས་ཟེར། ཁོས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་དྲ་རྒྱའི་བདེ་འཇགས་ཁྱབ་ཁོངས་ཀྱི་ཤེས་བྱ་དང་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད་ཟེར། 

སྐབས་འདིའི་རྒྱལ་སྤྱིའི་དྲ་རྒྱའི་བདེ་འཇགས་ཚོགས་ཆེན་དེ་ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་མའོ་སི་ཁི་ནས་སྤེལ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།