ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁས་ཐུར་ཁེ་ལF-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཕྱིར་འཚོང་བྱེད་མི་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅུ་དྲུག་ཉིན་བསྟན་དོན། ཐུར་ཁེ་ཡིས་ཨུ་རུ་སི་ནསS-400རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་ཉོ་བསྡུ་བྱས་པས། ཨ་མེ་རི་ཁ་ཕྱོགས་ཀྱིས་ཐུར་ཁེ་ཡིས་མངག་ཉོ་བྱས་པའིF-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བརྒྱ་ལྷག་ཕྱིར་འཚོང་བྱེད་མི་སྲིད་ཟེར། 

ཐི་ལིང་ཕུའུ་ཡིས་ཉིན་དེར་ཕོ་བྲང་དཀར་པོ་ནས་གསར་འགོད་པར་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ཁོས་བཤད་རྒྱུར། ཐུར་ཁེ་ཡིས་ཨུ་རུ་སི་ནསS-400རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་ཉོ་བསྡུ་བྱས་པའི་དབང་གིས་དེང་སྐབས་ཨ་མེ་རི་ཁ་དང་ཐུར་ཁེའི་བར་བྱུང་བའི་གནད་དོན་རྙོག་འཛིང་ཆེ་བ་དང་ཚབས་ཆེན་ཡིན། ཁོས་དོན་དེའི་འགན་ཁུར་སྔོན་ཆད་ཀྱི་ཙུང་ཐུང་ཨོ་པཱ་མཱའི་སྲིད་གཞུང་ལ་ཡོད་པར་བསམ་ཡོད། རྒྱུ་མཚན་ནི་སྐབས་ཐོག་དེར་ཨ་མེ་རི་ཁའི་སྲིད་གཞུང་གིས་ཐུར་ཁེ་ལ་རྒྱལ་གཅེས་མཁན་རྟགས་ཅན་གྱི་འཕུར་མདའི་མ་ལག་ཕྱིར་འཚོང་མ་བྱས་པས། ཐུར་ཁེ་ཡིས་ད་གཟོད་ཨུ་རུ་སི་ལ་རེ་བཅོལ་བྱས་པ་རེད་ཟེར། 

ཨ་མེ་རི་ཁའི་བཅའ་ཁྲིམས་ལྟར་ན། ཐུར་ཁེ་ཡིས་ཨུ་རུ་སིའི་ནསS-400རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་ཉོ་བསྡུ་བྱས་པ་དེ་ཨ་མེ་རི་ཁའི་བཀག་སྡོམ་གྱི་ཆ་རྐྱེན་གྲུབ་ཡོདཔ་རེད། གསར་འགོད་པས་ཨ་མེ་རི་ཁས་ཐུར་ཁེ་ལ་བཀག་སྡོམ་བྱེད་མིན་འདྲི་བའི་སྐབས་སུ། ཐི་ལིང་ཕུའུ་ཡིས་ཐད་ཀར་དུ་ལན་མ་བཏབ་པར། མིག་སྔར་ཨ་མེ་རི་ཁས་ཐུར་ཁེའི་བར་དོན་དེའི་ཐད་ནས་འབྲེལ་འདྲིས་བྱེད་བཞིན་ཡོད་པའི་ཚུལ་བསྟན་པ་རེད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།