ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གསར་འགྱུར་ལས་རིགས་ཀྱིས་ཟླ་དགུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཚོགས་འདུའི་སྐབས་སུ་ཨན་པའེ་ཅིན་སན་གྱིས་ཝུན་ཙེ་ཡུན་ལ་ཐུག་འཕྲད་བྱེད་མིན་གསལ་བོར་མི་ཤེས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་དགུའི་ཉིན་བསྒྲགས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཟླ་དགུ་བར་ཚོགས་འདུ་སྤེལ་བའི་སྐབས་སུ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་དང་གྲོས་མོལ་བྱེད་པའི་ངེས་པ་ཆེར་མེད་ཟེར། 

ཧན་གོ་ཡིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་ཧན་གོའི་ངལ་རྩོལ་བཟོ་བའི་སྐྱིན་ཚབས་སྤྲོད་པའི་གནད་དོན་ཐད་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་བྱེད་ཐབས་མ་སྤྱད་ན། ཨན་པའེ་ཅིན་སན་གྱིས་ཝུན་ཙེ་ཡུན་བར་གྲོས་མོལ་བྱེད་རྩིས་མེད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལས་གཞན་ཨན་པའེ་ཅིན་སན་གྱིས་རྒྱལ་སྤྱིའི་ཚོགས་ར་གཞན་པ་སྟེ་ཟླ་བཅུ་བའི་ཨེ་ཤ་ཡཱ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་ས་ཁུལ་གླེང་སྟེགས་དང་ཟླ་བཅུ་གཅིག་པའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་གྲོས་ཚོགས་ནས་ཀྱང་། ཁེར་རྐྱང་དུ་ཧན་གོའི་མགོ་ཁྲིད་པར་ཐུག་འཕྲད་བྱེད་རྩིས་མེད་ཟེར། 

འཇར་པན་དང་ཧན་གོའི་བར་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་ཧན་གོའི་ངལ་རྩོལ་བཟོ་བ་བཙན་བསྡུ་བྱས་པར་སྐྱིན་ཚབ་སྟེར་བའི་གནད་དོན་ཐད་ནས་འགལ་བ་བྱུང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་སོང་བ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།