ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་ཨ་མེ་རི་ཁས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་བདེ་འཇགས་ས་ཁུལ་འཛུགས་པར་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཐུར་ཁེ་དང་ཨ་མེ་རི་ཁའི་དམག་དོན་གྲོས་མོལ་འཐུས་ཚབ་ཚོགས་པས་ཉིན་དེར་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་བདེ་འཇགས་ས་ཁུལ་འཛུགས་པར་གྲོས་འཆམ་བྱུང་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐུར་ཁེ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་གང་མགྱོགས་སྒོས་མཉམ་འབྲེལ་འགུལ་སྐྱོད་ལྟེ་གནས་ཤིག་བཙུགས་ཏེ། སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་བདེ་འཇགས་ས་ཁུལ་འཛུགས་པའི་དོན་ལ་མཐུན་སྦྱོར་དང་ཐག་གཅོ་བྱེད་རྒྱུ་ཡིན་པ་དང་། བདེ་འཇགས་ས་ཁུལ་དེ་ཞི་བདེའི་བར་ཁྱམས་ཤིག་ཏུ་འགྱུར་ཐུབ་པར་མ་ཟད། བྱེད་ཐབས་སྤྱད་དེ་སི་རི་ཡཱའི་ཡུལ་གྱར་བ་ཕྱིར་རང་ཡུལ་དུ་ལོག་པར་རོགས་རམ་བྱེད་རྒྱུ་ཡིན་ཟེར། གསལ་སྒྲོག་ལས་འཆར་གཞི་དེ་ལག་བསྟར་བྱེད་པའི་དུས་ཚོད་དང་བྱེད་ཐབས་སོགས་གསལ་བོར་གླེང་མེད། 

ཐུར་ཁེའི་རྒྱལ་སྲུང་བློན་ཆེན་ཨ་ཁཱ་ཨར་གྱིས་ཉིན་དེར་ཨན་ཁཱ་ལཱ་ནས་བསྟན་དོན། ཐུར་ཁེ་དང་ཨ་མེ་རི་ཁའི་ཐེངས་འདིའི་གྲོས་མོལ་ལ་འཛུགས་སྐྲུན་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་བདེ་འཇགས་ས་ཁུལ་འཛུགས་པའི་འབྲེལ་ཡོད་གནད་དོན་ཐད་ནས་ཐུར་ཁེའི་བར་གྱི་འགལ་བ་ཇེ་ཆུང་དུ་སོང་ཡོད་ལ། ཐུར་ཁེ་དོན་དེར་ཡིད་ཚིམས་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།