ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ཀྱི་ནཱ་སཱ་ལཱ་ཝ་ཀྲིག་ཏུ་ཚེས་དགུའི་ཉིན་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཞིར་རྨས་ཕོག 

ནཱ་སཱ་ལཱ་ཝ་ཀྲིག་གི་གཞུང་ལམ་དོ་དམ་སྡེ་ཁག་གི་འགན་ཁུར་བ་ཞིག་གིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཐེངས་འདིའི་དོན་རྐྱེན་ནི་ཀྲིག་དེའི་ཨ་ཁོན་ཅཱ་ས་ཁུལ་གྱི་ཉེ་འདབས་ནས་བྱུང་བ་དང་། བསྡོམས་པས་རླངས་འཁོར་གསུམ་དང་མི་བཅོ་ལྔར་འབྲེལ་བ་ཡོད། དེའི་ནང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་ཡོད་ལ། རྨས་མ་བཞི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

འགན་ཁུར་བ་དེས་བསྟན་དོན། འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།