ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཅི་རི་ཡཱ་ཡིས་ཟླ་བཅུ་གཉིས་པར་ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨར་ཅི་རི་ཡཱའི་གནས་སྐབས་ཙུང་ཐུང་པིན་སཱ་ལཱ་ཧི་ཡིས་ཚེས་བཅོ་ལྔ་ཉིན་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན་ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས། 

པིན་སཱ་ལཱ་ཧི་ཡིས་བཤད་རྒྱུར། ཁོས་འདེམ་བསྐོའི་བྱ་འགུལ་སྤེལ་བའི་སྐོར་གྱི་བཀའ་རྒྱ་བཀོད་ཡོད་ཟེར། ཁོས་བསྟན་དོན། ཐེངས་འདིའི་འདེམ་བསྐོ་ལས་ཨར་ཅི་རི་ཡཱ་མིག་སྔའི་ཆབ་སྲིད་ཉམས་ཉེན་ལས་ཐར་ནས། རྒྱལ་ནང་གི་གནས་བབ་མགྱོགས་མྱུར་ངང་སླར་གསོ་འབྱུང་ཐུབ་ཟེར། ཁོས་མང་ཚོགས་དག་འདེམ་ཤོག་འཕེན་པའི་བྱ་འགུལ་ནང་ཧུར་བརྩོན་གྱིས་ཞུགས་དགོས་པརི་འབོད་སྐུལ་བཏང་བར་མ་ཟད། གང་ནུས་ཅི་ལྕོགས་ཀྱིས་འདེམ་བསྐོའི་བྱ་འགུལ་དེ་འདྲ་མཉམ་དང་དྲང་བདེན་ཡོང་བར་ཁག་ཐེག་བྱེད་དགོས་པ་ནན་བཤད་བྱས། 

ཨར་ཅི་རི་ཡཱའི་སྔོན་ཆད་ཀྱི་ཁྲིམས་འཛིན་པུའུ་ཀྲང་ཧྲུའུ་ཨར་ཧྥེ་ཚེས་བཅོ་ལྔ་ཉིན་ཨར་ཅི་རི་ཡཱའི་རང་བཙན་འདེམ་བསྐོའི་ལྟ་རྟོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ་དང་། ལས་ཁུངས་དེས་འདེམ་བསྐོའི་བྱ་འགུལ་གྱི་རྩ་འཛུགས་བྱ་བའི་འགན་ཁུར་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།