ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེས་ནུབ་བྱང་ཕྱོགས་ཀྱི་མཚོ་ཁོངས་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་སོ་དགུ་བསྐྱབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཚེས་བཅུ་དགུའི་ཉིན་ནུབ་བྱང་ཕྱོགས་ཀྱི་ཨེ་ཆིན་མཚོ་ཁོངས་ནས་གྲུ་གཟིངས་ལོག་ནས་མཚོ་ནང་དུ་ལྷུང་བའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་སོ་དགུ་བསྐྱབས་ཟེར། 

ཐུར་ཁེའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཁྲིམས་འགལ་གནས་སྤོར་སྡོད་དམངས་དྲུད་པའི་གྲུ་གཟིངས་དེ་ཞི་ལཱ་རུ་བགྲོད་རྩིས་ཡོད་པ་དང་། ཐུར་ཁེའི་ཨེ་ཏིས་ཨར་ནེ་ཞིང་ཆེན་གྱི་ཨེ་ནེ་ཙི་ས་ཁུལ་ཉེ་འདབས་སུ་བགྲོད་སྐབས་གྲུའི་ནང་དུ་འཛུམ་པ་དང་། ཐུར་ཁེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་ལ་ཉེན་སྐྱོབ་ཀྱི་བརྡ་འབྱོར་ནས་ཡུལ་དངོས་སུ་ཐོན་སྐབས། གྲུ་གཟིངས་རྒྱ་མཚོར་ནུབ་ཡོད་པ་རེད། མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཚང་མ་བསྐྱབས་རྗེས་ཁོ་ཚོ་ཨེ་ནེ་ཙི་རུ་བསྐྱལ་བ་རེད་ཟེར། 

བསྒྲགས་པའི་གནས་ཚུལ་ལས་ཁྲིམས་འགལ་གནས་སྤོར་སྡོད་དམངས་དེ་དག་རྒྱལ་ཁབ་གང་གི་ཡིན་པ་གསལ་བོར་གླེང་མེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།