ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་ཏང་གི་འཐུས་མིའི་གྲོས་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

42eaf469aecbb32b55d7cfec03428ac0.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་ཏང་གི་འཐུས་མིའི་གྲོས་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ཚེས་བདུན་ཉིན་བསྡུས། ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གྲོས་ཚོགས་སུ་ཞུགས་ཤིང་གཏམ་བཤད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར། སུང་ཀྲན་ཝུན་དང་ཧྥན་ཝུའུ་ཏེ། སུང་ཅན། དབྱང་ཞུང་། དབྱང་སྒྲོལ་མ། ཞི་ཆང་། ཁྲིན་ཅང་ཧྥུན་སོགས་ཁུལ་གྱི་འགོ་ཁྲིད་པ་གྲོས་ཚོགས་སུ་ཞུགས། ཐེངས་འདིའི་གྲོས་ཚོགས་ལ་ཞུགས་འོས་པའི་འཐུས་མི130ཡོད་ལ། དངོས་སུ་ཞུགས་པའི་འཐུས་མི111ཡོད།

ཚོགས་ཐོག་ཏུ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཞི་ཆང་གིས་ཀན་ལྷོ་ཁུལ་གྱི་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པར་ཞུགས་མཁན་གྱི་འདེམས་སྒུག་འཐུས་མིའི་གྲ་སྒྲིག་འདེམས་བསྐོ་མིང་ཐོའི་འབྲེལ་ཡོད་གནས་ཚུལ་གསལ་བཤད་བྱས། གྲོས་ཚོགས་ཀྱིས་ལག་པ་ཡར་བཀྱགས་ནས་བརྡས་ཐག་གཅོད་པའི་རྣམ་པ་བརྒྱུད་ནས་ཚོགས་ཆེན་གྱི《འདེམས་བསྐོའི་བྱ་ཐབས》ལ་གྲོས་འཆམ་བྱུང་། ཚན་ཆུང་བགོས་ནས་འདེམས་ཤོག་ལྟ་སྐུལ་མཁན་གྱི་གྲ་སྒྲིག་འདེམས་བསྐོའི་མིང་ཐོ་དང་ཚོགས་ཆེན་གྱི་འདེམས་བསྐོའི་འདེམས་ཤོག་ལྟ་སྐུལ་མཁན་གྱི་མིང་ཐོར་གྲོས་འཆམ་བྱུང་། ཚན་ཆུང་བགོས་ནས་གྲ་སྒྲིག་འདེམས་བསྐོ་དང་ཚོགས་ཆེན་གྱི་འདེམས་བསྐོའི་འདེམས་ཤོག་བརྩི་མཁན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་མ་ཟད། ཚན་ཆུང་བགོས་ནས་གྲ་སྒྲིག་འདེམས་བསྐོ་བྱས།

cdfabf76854864e146ff00ff2eb33faa.jpg

ཡུས་ཁྲིན་ཧུའེ་ཡིས་བསྟན་དོན། མི་འགྱངས་པར་ཚོགས་གྲབས་ཡོད་པའི་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ནི། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་གྲུབ་བྱེད་པའི་གནད་འགག་གི་དུས་རིམ་དང་། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་དཔལ་འབྱོར་གོང་འཕེལ་གྱི་རྣམ་པ་བསྒྱུར་བའི་མཁྲེགས་གཏོར་དུས་རིམ་དུ་ཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཐེངས་ཤིག་ཡིན་པས། ཚོགས་འདུར་ཞུགས་པའི་འཐུས་མི་ཚོས་ངེས་པར་དུ"འདུ་ཤེས་བཞི"ཇེ་མཐོར་བཏང་ནས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་གི་རྩ་འཛུགས་ཀྱི་རེ་བཅོལ་སེམས་ལ་བཅངས་ཤིང་། དམངས་གཙོ་དར་སྤེལ་དང་ཡང་དག་པའི་སྒོ་ནས་དམངས་གཙོའི་དབང་ཆ་ལོངས་སུ་སྤྱོད་དགོས།

70482c2a8168dd07e2ff9b84ead3bd61.jpg

ཡུས་ཁྲིན་ཧུའེ་ཡིས་ཐེངས་འདིའི་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འདེམས་བསྐོའི་བྱ་བ་ལེགས་པོ་བསྒྲུབ་རྒྱུ་ནི་ཁྱོན་ཆེན་དང་འབྲེལ་བ་ཡོད་པ་དང་ལས་འགན་གལ་ཆེན་ཡིན་པས། ཚང་མས་ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་དང་ལོ་རྒྱུས་ཀྱི་འགན་འཁྲིའི་འདུ་ཤེས་ཚད་མཐོན་པོ་བཟུང་ནས། མིག་དཔེ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ནན་ཏན་སྒོས་ལས་འགན་ལག་བསྟར་བྱེད་པ་དང་། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཏང་གི་འཐུས་མི་འདེམས་བསྐོའི་ལས་འགན་ལེགས་པོ་བསྒྲུབས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་ཚོགས་ཐུབ་པར་བསུ་མ་བྱ་དགོས་ཞེས་ནན་གྱིས་བསྟན།

ཐེངས་འདིའི་ཚོགས་འདུའི་སྔོན་ལ་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས་ཏེ། འབྲེལ་ཡོད་ཀྱི་གྲོས་དོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།