ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2019-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱས། གྲོས་ཚོགས་ཀྱིས་ཁུལ་མི་དམངས་སྲིད་གཞུང་གི་འདས་ཟིན་པའི་ལོ་གཅིག་རིང་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། སྙན་ཞུ་རུ་བཏོན་པའི2019ལོའི་སྤྱིའི་བཀོད་སྒྲིག་དང་དམིགས་འབེན་ལས་འགན། གནད་སའི་བྱ་བ་བཅས་ལ་འཐད་པ་བྱུང་སྟེ་སྙན་ཞུ་འདིར་ཆོག་མཆན་བཀོད་རྒྱུ་ཐག་བཅད།

གྲོས་ཚོགས་ཀྱིས2019ལོ་ནི་ཀྲུང་གོ་གསར་བ་བཙུགས་ནས་ལོ་འཁོར70ལོན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་གྱི་གནད་འགག་གི་ལོ་ཞིག་ཡིན། ད་ལོའི་བྱ་བ་ལེགས་པར་བསྒྲུབ་རྒྱུ་ནི་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ལས་རྣམ་པར་རྒྱལ་བ་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཁུལ་མི་དམངས་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་“ཤུགས་འདོན་ས་བརྒྱད”ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་དགོས་ཤིང་། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་ཡར་སྐུལ་བྱ་དགོས། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། བརྟན་པོའི་ངང་ནས་ཡར་རྒྱས་ཡོང་བར་བྱེད་པའི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་རྒྱུ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་གཙོ་རྐང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཚོང་ར་ཅན་དུ་འགྱུར་བའི་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུ་མཐའ་འཁྱོངས་དང་། ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་བསྐྱེད་དགོས། མུ་མཐུད་དུ“འགག་སྒྲོལ་འཐབ་ཇུས་ཆེན་པོ་གསུམ”ཡག་པོ་རྒྱག་རྒྱུ་དང་། “སྐྱེ་ཁམས་ཆེན་མོ་ལྔ”ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ཏེ“ཁོར་ཡུག་ཆེན་པོ་བཅུ”ཧུར་ཐག་གིས་འཛུགས་སྐྲུན་བྱ་དགོས། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ཡག་པོར་སྒྲུབ་པ་དང་། ལོ་རྒྱུས་ཀྱི་གོ་སྐབས་དང་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཇུས་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ་དང་། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་བསྣོན་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལས་གཞི་གལ་ཆེན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། བཅོས་སྒྱུར་སྒོ་འབྱེད་མུ་མཐུད་དུ་ཟབ་སྤེལ་བྱེད་པ། གཞི་རིམ་གྱི་སྤྱི་ཚོགས་བདག་སྐྱོང་ཇེ་དྲག་ཏུ་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་སོགས་ཀྱི་ཕྱོགས་ལ་སྔར་བས་ཀྱང་བརྩོན་པ་བྱེད་དགོས། ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་དུ་དོན་དངོས་རང་བཞིན་གྱི་འཕེལ་རིམ་བརྩོན་ལེན་བྱས་ཏེ། མུ་མཐུད་དུ་མི་དམངས་ཀྱི་ཉིན་རེར་གོང་དུ་འཕེལ་བཞིན་པའི་འཚོ་བའི་དགོས་མཁོ་སྐོང་བ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་སྣང་། བདེ་འཇགས་ཀྱི་ཉམས་སྣང་དངོས་གནས་ཇེ་དྲག་ཏུ་གཏོང་དགོས། དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་རྒྱུན་སྲུང་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ལ་གཏན་འབེབས་རང་བཞིན་ལྡན་པའི་རྨང་གཞི་འདིང་དགོས་ཞེས་ནན་གྱིས་བསྟན། 

གྲོས་ཚོགས་ཀྱིས་ཁུལ་མི་དམངས་སྲིད་གཞུང་གིས་ཆབ་སྲིད་ཀྱི་སྣེ་ཁྲིད་ཇེ་དྲག་ཏུ་བཏང་སྟེ། ཕྱོགས་ཡོངས་ནས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གཟབ་ནན་གྱིས་ཏང་བདག་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། “འདུ་ཤེས་བཞི”བརྟན་པོར་འཛུགས་རྒྱུ་དང་། “གདེང་ཚོད་བཞི”བརྟན་པོར་གཏོང་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་དོན་གཉེར་བྱ་དགོས། རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་དང་། ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཁྲིམས་ལྟར་ཁྲིམས་འཛིན་གཟབ་ནན་བྱས་ནས། སྲིད་གཞུང་གི་ལས་དོན་ཁག་ཁྱོན་ཡོངས་ནས་ཁྲིམས་སྐྱོང་གི་ལམ་དུ་འཇུག་རྒྱུ། མུ་མཐུད་དུ་སྤྱོད་ཚུལ་ལེགས་བཅོས་བྱས་ནས། སྲིད་གཞུང་གི་འགན་ནུས་ཇེ་མཐོར་གཏོང་བ་དང་། སྲིད་གཞུང་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་དང་དེའི་ལག་བསྟར་བྱེད་ནུས་ཆེ་རུ་བཏང་སྟེ། མི་དམངས་བློ་ཡིད་ཚིམ་པའི་ཁྲིམས་སྐྱོང་སྲིད་གཞུང་དང་། འགན་འཁྲི་འཁུར་བའི་སྲིད་གཞུང་། ལས་ཕྱོད་ཆེ་བའི་སྲིད་གཞུང་། སྤྱོད་གཙང་གི་སྲིད་གཞུང་འཛུགས་སྐྱོང་ཧུར་ཐག་བྱ་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་ཀྱིས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ཏེ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཡང་དག་པའི་འགོ་ཁྲིད་འོག ཐོག་མའི་ཕུགས་འདུན་མི་བརྗེད་པར་ལས་འགན་ཡིད་ལ་དམ་པོར་འཛིན་པ་དང་། དཀའ་སྤྱད་སྡུག་རུས་ཀྱིས་ཡར་རྒྱས་བརྩོན་ལེན་བྱེད་པ། འཐབ་ཇུས་ངེས་ཤུགས་དང་བྱ་བའི་ངེས་ཤུགས། སྤྱོད་ལམ་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ། བདེན་འཚོལ་དོན་གཉེར་དང་འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་ཀྱིས་བྱ་བ་སོ་སོ་སྤུས་ཚད་མཐོན་པོས་མདུན་ཕྱོགས་སུ་སྐྱོད་པར་སྐུལ་འདེད་བཏང་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཀྲུང་གོ་གསར་བ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་དགོས་པའི་འབོད་སྐུལ་བཏང་།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།