ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2019-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ནི་ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོའི་ཚེས་བཅུ་བཞི་ནས་ཚེས་བཅུ་བདུན་ཉིན་གྱི་བར་གཙོས་སུ་ཚོགས།

ཐེངས་འདིའི་གྲོས་ཚོགས་ནི་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ནན་ཏན་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཀྲུང་གུང་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་། གཏིང་ཟབ་སྒོས་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་འཐབ་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱེད་པ། བློ་ཐག་རྦད་ཆོད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་བྱེད་པ་དང་། བདེ་སྐྱིད་ཀྱི་ཀན་ལྷོ་གསར་བ་འཛུགས་སྐྲུན་བྱེད་པའི་གནས་བབ་གསར་བའི་འོག་ཏུ་ཚོགས། འདི་ནི་འབྲས་བཟང་རྒྱུན་སྐྱོང་དང་ལེགས་ལམ་གསར་གཏོད། མཐུན་སྒྲིལ་དམངས་གཙོ་དང་སེམས་ཤུགས་གཅིག་སྒྲིལ། བདེན་འཚོལ་ཡར་བརྩོན་བཅས་ཀྱི་ཚོགས་འདུ་ཞིག་ཡིན།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་འགོ་ཚུགས་མཛད་སྒོའི་སྟེང་དུ་གཏམ་བཤད་གནང་བ་དང་། 2018ལོའི་ཁུལ་སྲིད་གྲོས་ཀྱི་ཕྱོགས་སོ་སོའི་བྱ་བར་གདེང་འཇོག་ཚད་མཐོན་པོ་བྱས་ཤིང 2019ལོའི་ཁུལ་ཡོངས་ཀྱི་སྲིད་གྲོས་བྱ་བར་བླང་བྱ་ནན་མོ་བཏོན། དེ་ཡིས་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཁུལ་ཡོངས་ཀྱི་སྲིད་གྲོས་བྱ་བར་གཙིགས་ཆེན་བྱས་པ་དང་ཚད་མཐོའི་རྒྱབ་སྐྱོར་བྱས་པ་མཚོན་ཡོད། ཚོགས་འདུ་འདིའི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་དགོས་པ། ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱ་དགོས་སོགས་ཐག་གཅོད་བྱས།

ཚོགས་འདུའི་སྐབས་སུ།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་བློ་མཐུན་རྣམས་ཚོགས་ཆེན་ལ་ཞུགས།  འགོ་ཁྲིད་རྣམ་པ་སོ་སོ་ཚོ་ཆུང་ཚོགས་འདུར་ཞུགས་ཏེ་བགྲོ་གླེང་དང་གཏམ་བཤད་གནང་བ་དང་ཨུ་ཡོན་དག་གི་བསམ་འཆར་དང་གྲོས་གཞི་ལ་ཉན་པ་དང་།  ཨུ་ཡོན་རྣམས་དང་ལྷན་དུ་ཀན་ལྷོའི་འཕེལ་རྒྱས་དང་གཏན་འཇགས་སོགས་ཀྱི་འཐབ་ཇུས་ལ་གྲོས་མོལ་བྱས། ཨུ་ཡོན་ཡོངས་ཀྱིས་ཆབ་སྲིད་ལ་སྤྲོ་སེམས་ཀྱིས་ཁེངས་ཤིང་འོས་འགན་དང་འགན་འཁྲིའི་འདུན་པ་དྲག་པོས་ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སོགས་གཙིགས་སུ་བཟུང་ནས་གནད་དོན་གལ་ཆེན་དག་དང་།  མི་དམངས་མང་ཚོགས་ཀྱི་བདེ་སྡུག་ལ་ཐད་ཀའི་འབྲེལ་བ་ཡོད་པའི་གནད་དོན་དག་ལ་བསམ་འཆར་གྲོས་གཞི་བཏོན་པ་དང་གཏིང་ཟབ་སྒོས་ཆབ་སྲིད་གྲོས་མོལ་བྱས།  ད་དུང་སྲིད་གྲོས་བྱ་བར་ཤུགས་སྣོན་བྱ་དགོས་སོགས་ཀྱི་ཐད་ནས་བསམ་འཆར་དང་གྲོས་གཞི་བཏོན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་སོགས་མངོན་པར་མཚོན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་གསོན་ཉམས་མངོན་པར་ཐོན།

ཚོགས་ཐོག་ཏུ་ཀྲུའུ་ཞི་ཞུས་ཆང་གིས་སྲིད་གྲོས་ཀན་ལྷོ་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་ཚོགས་འདུའི་ཚབ་བྱས་ཏེ་ཕུལ་བའི་བྱ་བའི་སྙན་ཞུར་གྲོས་ཞིབ་དང་ཆོག་མཆན་བཀོད་པ་དང་།  ཀྲུའུ་ཞི་གཞོན་པ་ཨན་ཞུས་ལིན་གྱིས་སྲིད་གྲོས་ཀན་ལྷོ་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་ཚོགས་འདུའི་ཚབ་བྱས་ཏེ་ཕུལ་བའི་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ཕུལ་བར་གྲོས་ཞིབ་དང་ཆོག་མཆན་བཀོད།  ཚང་མའི་འདོད་ཚུལ་ལ་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་མཛུབ་སྟོན་རྒྱུན་འཁྱོངས་བྱས་པ་དང་།  གཏིང་ཟབ་སྒོས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོས་དོན་སློབ་སྦྱོང་བྱེད་པ། ནན་ཏན་གྱིས་ཀྲུང་དབྱང་དང་ཞིང་ཆེན།  ཁུལ་རིམ་པའི་འཐབ་ཇུས་གལ་ཆེན་དག་བཀོད་སྒྲིག་དང་ལག་བསྟར་དོན་འཁྱོལ་བྱེད་པ།  རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་མཐུན་སྒྲིལ་དང་དམངས་གཙོ་རྒྱུན་འཁྱོངས་བྱས།  ནན་ཏན་སྒོས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ།  སྲིད་ཞུགས་སྲིད་གླེང་སོགས་ཀྱི་འགན་འཁྲི་ལག་བསྟར་བྱས་པས་འཕེལ་རྒྱས་ཀྱི་འཐབ་ཇུས་ཁྲོད་དུ་སྲིད་གྲོས་ཀྱིས་འོས་འགན་ཕྲག་ཏུ་ཁུར་བ་མཚོན་པར་བྱས་པ་དང་།  གཏན་འཇགས་སྲུང་སྐྱོང་ཁྲོད་དུ་སྲིད་གྲོས་ཀྱི་ཕན་ནུས་བཏོན།  སྲིད་གྲོས་ཀྱིས་དམངས་གཙོའི་ལྟ་སྐུལ་ཁྲོད་དུ་ནུས་པ་གལ་ཆེན་བཏོན་པ་དང་དམངས་ཕན་ལག་ལེན་ཁྲོད་དུ་སྣང་བརྙན་གསར་བ་བསྐྲུན། ད་དུང་ཀན་ལྷོའི་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བསྒྱུར།  སྤྱི་ཚོགས་འཆམ་མཐུན་དང་རིག་གནས་འཛུགས་སྐྱོང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་སོགས་ཀྱི་ཐད་ནས་བྱས་རྗེས་གལ་ཆེན་བཞག  ཚོགས་འདུས་བསྟན་དོན།  ཁུལ་སྐབས་བཅུ་བཞི་བའི་སྲིད་གྲོས་ཀྱི 2019ལོའི་བྱ་བའི་སྙན་ཞུ་རུ་བཏོན་པའི་མཛུབ་སྟོན་གྱི་བསམ་བློ་དང་སྤྱིའི་བླང་བྱ་སོགས་ཀྲུང་གུང་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་ཨུའི་དགོངས་པ་དང་མཐུན་འདུག་ལ་སྲིད་གྲོས་རྒྱུན་ཨུ་དང་ཨུ་ཡོན་ཡོངས་ཀྱིས་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ་བྱས་རྗེས་མི་དམན་པ་འཇོག་དགོས།

ཚོགས་ཐོག་ཏུ་ཁུལ་དཔོན་ཀྲའོ་ལིན་ཡོན་གྱིས་ཕུལ་བའིསྲིད་གཞུང་གི་བྱ་བའི་སྙན་ཞུ དང་ནོར་སྲིད་ཀྱི་སྙན་ཞུ། ཀན་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཀན་ལྷོ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་སོགས་ལ་བགྲོ་གླེང་བྱས་ཤིང་མོས་མཐུན་རྒྱབ་སྐྱོར་ཐོབ།  ཚང་མའི་འདོད་ཚུལ་ལ 2018 ལོར་ཀན་ལྷོ་ཁུལ་གྱིས་བློ་ཐག་རྦད་ཆོད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་བསྐྱོད་པའི་ལམ་བུའི་ཁྲོད་དུ་གོམ་པ་བརྟན་པོ་སྤོས་ཤིང་། ལྗང་མདོག་འཛུགས་སྐྲུན་མངོན་འགྱུར་གྱི་ལག་ལེན་ཁྲོད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་བ་ཐོབ། གྲོང་གསེབ་དར་རྒྱས་སྐུལ་སྤེལ་གྱི་ཁྲོད་དུ་རོང་ཕྱུགས་དར་རྒྱས་དང་རོང་འབྲོག་མཛེས་པ། རོང་ཕྱུགས་འབྱོར་ཕྱུག་བཅས་ཀྱི་རྣམ་པ་གསར་བ་བསྐྲུན། ལོ་གཅིག་གི་རིང་ལ་ཛ་དྲག་རྙོག་འཛིང་གི་གནས་བབ་དང་དཀའ་ཚེགས་དང་འོས་འགན་འཁྲི་ལྗིད་མོའི་མདུན་ནས་ཀྲུང་གུང་ཀན་ལྷོ་ཁུལ་ཨུས་མཐུན་སྒྲིལ་གྱིས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གཏིང་ཟབ་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སློབ་སྦྱོང་དང་ལག་བསྟར་བྱེད་པ། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གཟིགས་ཞིབ་བྱེད་སྐབས་ཀྱི་གསུང་བཤད་གལ་ཆེན་དང་འབད་བརྩོན་བྱ་དགོས་པ་བརྒྱད་གྱི་གལ་ཆེའི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས། ཞིང་ཆེན་ཏང་ཨུའི་བཀོད་འདོམས་དང་བླང་བྱ་བཏོན་པ་ལྟར་སྐྱེ་ཁམས་ཆེན་མོ་ལྔ་གནད་སྨིན་དོ་ཁུར་བྱེད་པ་དང་ཁོར་ཡུག་ཆེན་མོ་བཅུ་འཛུགས་སྐྱོང་བྱེད་པ། འབད་ཐག་གིས་འཕར་སྣོན་གཏན་བཟོ་དང་བསྒྱུར་བཅོས་སྐུལ་འདེད། སྒྲིག་གཞི་ལེགས་སྒྲིག་དང་དམངས་འཚོར་ཕན་འདོགས། ཉེན་ཁ་སྔོན་འགོག་བཅས་ཀྱི་བྱ་བར་བརྩོན་ལེན་བྱས། དེ་ཡིས་ཁུལ་ཡོངས་སུ་དཔལ་འབྱོར་བདེ་ཐང་འཕེལ་རྒྱས་འགྲོ་བཞིན་པ་དང་། སྐྱེ་ཁམས་ཁོར་ཡུག་སྔར་ལས་ལེགས་འགྱུར། བཅོས་བསྒྱུར་གོ་རིམ་དང་ལྡན་པའི་ངང་སྐུལ་སྤེལ་བྱས་པ་དང་མི་རིགས་ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་སྔར་ལས་གཏན་འཇགས་དང་མི་དམངས་ཀྱི་འཚོ་བ་སྔར་ལས་ལེགས་སུ་སོང་སྟེ་ཏང་འཛུགས་སྐྱོང་སྔར་བས་ཤུགས་བསྣན་པའི་རྣམ་པ་གསར་བ་ཆགས།

ཚོགས་འདུའི་བསྟན་དོན། 2019ལོ་ནི་ཀྲུང་གོ་གསར་བ་ བཙུགས་ནས་ལོ་འཁོར70དང་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར70འཁོར་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གལ་ཆེའི་ལོ་ཞིག་ཡིན་ལ། ང་ཚོས་དབུལ་སེལ་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པ་དང་བློ་ཐག་རྦད་ཆད་སྒོས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་གི་གནད་འགག་གི་ལོ་ཞིག་ཡིན་པས། ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་ཀྱིས་ངེས་པར་དུ་བསམ་བློ་དང་ལག་ལེན་གཅིག་གྱུར་གྱིས་ཁུལ་ཨུའི་འཐབ་ཇུས་དང་བཀོད་འདོམས་སྟེང་འབབ་དགོས་ལ། རང་འགུལ་གྱིས་དུས་བབ་དང་བསྟུན་ལ་འཕེལ་རྒྱས་ཀྱི་བླང་བྱ་གསར་བ་ལ་བསྟུན་པ། མང་ཚོགས་ཀྱི་དམིགས་འབེན་དང་རེ་འདོད་དང་བསྟུན་པར་བྱས་ཏེ་སྔར་ལས་ལྷག་པར་རྒྱལ་གཅེས་གཅིག་གྱུར་གྱི་བསམ་བློ་སྲ་བརྟན་དུ་གཏོང་དགོས་པ་དང་། དམངས་གཙོའི་བསམ་བློ་སེམས་སུ་བཅངས་ནས་སྲིད་གྲོས་ཀྱི་ཁྱད་འཕགས་ཀྱི་ནུས་པ་བཏོན་ཏེ་འཕེལ་རྒྱལ་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བ། གཏན་འཇགས་སྲུང་སྐྱོང་བཅས་ཀྱི་བྱ་བར་ནུས་པ་གལ་ཆེན་བཏོན་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་དང་མཛེས་སྡུག་གི་ཀན་ལྷོ་གསར་བ་འཛུགས་སྐྱོང་གི་ཐད་ལ་བྱས་རྗེས་བླ་མེད་འཇོག་དགོས་པ་བསྟན།

ཚོགས་ཐོག་ཏུ་ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ལྟེ་བར་དམིགས་ཤིང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་མི་དམངས་སྲིད་གྲོས་ཀྱི་ཁྱད་འཕགས་ཀྱི་ནུས་པ་འདོན་དགོས་པ་དང་། ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བྱས་ཏེ་འགན་དང་ལེན་བྱ་དགོས། དབུལ་སྐྱོར་མཁྲེགས་གཏོར་དང་ཁོར་ཡུག་བཅོས་སྒྱུར་སོགས་ཀྱི་ཐད་ནས་བསམ་བློ་བརྗེ་རེས་དང་འགལ་བ་ཐག་གཅོད། བསམ་ཕྱོགས་གཅིག་གྱུར་བཅས་ཀྱི་ནུས་པ་བཏོན་ནས་ཁ་བྲལ་བྱ་འགུལ་ལ་ངོ་རྒོལ་དང་དུས་ནམ་ཡང་མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་སྤྱི་ཚོགས་བདེ་འཇགས་འཆམ་མཐུན་ལ་སྲུང་སྐྱོང་བྱ་དགོས་པ་སོགས་ཀྱི་བླང་བྱ་བཏོན། ཀྲུང་དབྱང་དང་ཞིང་ཆེན་ཁུལ་ཨུ་བཅས་ཀྱི་བླང་བྱ་ལྟར་བཅོས་སྒྱུར་གྱི་བསམ་བློ་དང་གསར་གཏོད་ཀྱི་འདུ་ཤེས་ཀྱིས་སྲིད་གྲོས་འགོ་ཁྲིད་ཁག་དང་ཨུ་ཡོན། སྲིད་གྲོས་ལས་ཁུངས་སོགས་འཛུགས་སྐྱོང་བྱ་དགོས།  ནན་ཏན་གྱིས་འགན་འཁྲི་སྒྲུབ་པ་དང་རང་འགུལ་གྱིས་ལས་ཀ་གཉེར་ཏེ་མཐུན་སྒྲིལ་དང་འཆམ་མཐུན། འགན་འཁྲི་དང་དུ་ལེན་ཞིང་དོན་གཉེར་ཡར་རྒྱས་ཀྱི་རྣམ་པ་གསར་བ་ཆགས་སུ་འཇུག་དགོས།

གྲོས་ཚོགས་ཀྱིས་ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་ནས་མཐུན་སྒྲིལ་དམ་འཛིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་རྒྱུན་འཁྱོངས་བྱེད་པ།  ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ནས་བསམ་པ་གཅིག་མཐུན་དང་ཇུས་ཤུགས་མཉམ་འདོན་བཅས་བྱས་ཏེ་ཐུན་མོང་གི་དམིགས་འབེན་ལ་དཀའ་བ་མཉམ་སྤྱད་ཀྱིས་འབྲས་བཟང་ལེན་དགོས། མཐུན་སྒྲིལ་གྱི་ཨ་ལོང་དམ་དུ་སྦྲེལ་ཏེ་གྲོས་མོལ་དམངས་གཙོའི་ནུས་པ་འདོན་དགོས་པ་དང་། བཅོས་སྒྱུར་གསར་གཏོད་ཀྱིས་བྱ་བཞག་གསར་བར་གསོན་ཤུགས་ཕུལ་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་ལ་རྒྱལ་ཁ་ལེན་པ་དང་བདེ་སྐྱིད་ཀྱི་ཀན་ལྷོ་གསར་བ་འཛུགས་སྐྱོང་། མི་དམངས་སྲིད་གྲོས་བྱ་བཞག་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་འབུལ་བར་ཧུར་ཐག་བྱ་དགོས་པའི་འབོད་སྐུལ་བཏང་།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།