ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་ནེ་རྩྭ་ཐང་གི་སྔོ་ཁེབས་ལོ་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

timg.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  རྒྱལ་ཁབ་ཀྱི་རྩྭ་ཐང་སྲིད་ཇུས་རབ་དང་རིམ་པ་སྔར་བས་ལག་བསྟར་བྱས་པ་དང་བསྟུན་ནས་ཅོ་ནེ་རྫོང་གི་རྩྭ་ཐང་གི་སྔོ་ཁེབས་ལོ་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད། 

རྩྭ་ཐང་གི་ལྟ་ཞིབ་ཚད་ལེན་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། 2019ལོར་ཅོ་ནེ་རྫོང་གི་རང་བྱུང་རྩྭ་ཐང་གི་ཆ་སྙོམས་རྩྭ་ཐོན་ཚད་མུའུ་རེར་སྤྱི་རྒྱ298.86ཟིན་པ་དེ2014ལོའི་མུའུ་རེར་སྤྱི་རྒྱ63.69ཐོན་པ་ལས་འཕར་སྣོན་བྱུང་བ་དང་། འཕར་ཚད21%ཟིན་ཡོད་ལ། རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད97.26%ཟིན་པ་དེ2014ལོ་ལས་བརྒྱ་ཆའི་ཚེག1.26མཐོ་རུ་ཕྱིན་ཡོད། རྩྭ་ཐང་གི་ཆ་སྙོམས་ཀྱི་སྔོ་རྩྭའི་མཐོ་ཚད་ལི་སྨི27.23ཟིན་པ་དེ2014ལོ་ལས་ལི་སྨི3.63མཐོ་རུ་ཕྱིན་ཡོད་པ་རེད། 

timgབ.jpg

རྩོམ་སྒྲིག་པ། : ཀླུ་མོ་མཚོ།