ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་རྫོང་གིས་ཁྱད་འཕགས་ཐོན་ལས་གནད་འཕིགས་དབུལ་སྐྱོར་བྱེད་པའི་ཐོན་ལས་གཙོ་བོར་བསྒྱུར་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2016-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་ཡུན་ནན་ཞིང་ཆེན་མི་དམངས་འཐུའི་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིབ་འཇུག་བརྟག་དཔྱད་ཚན་ཆུང་བདེ་ཆེན་བོད་རིགས་རང་སྐྱོན་ཁུལ་དུ་སོང་ནས་ཀྲུང་ལུགས་སྨན་རྫས་ཀྱི་འདེབས་འཛུགས་གནས་ཚུལ་དང་བདེ་ཆེན་རྫོང་གིས་དབུལ་ཐར་མཁྲེགས་གཏོར་བྱེད་པའི་བྱ་བའི་གནས་ཚུལ་ལ་ཞིབ་འཇུག་བརྟག་དཔྱད་བྱས། 

ཞིབ་འཇུག་བརྟག་དཔྱད་ཚན་ཆུང་བདེ་ཆེན་རྫོང་གི་ཐོ་ཏུན་ཤང་དང་ཞ་རོ་ཤང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བུའུ་ཅིན་ཤང་དང་བེ་ཞིས་རྫོང་གི་སྐྱེ་དངོས་ར་བ། བདེ་ཆེན་ཁུལ་གྱི་བོད་སྨན་བཟོ་གྲྭའི་ཡུལ་དངོས་བརྟག་དཔྱད། པིན་ཙི་ལན་གྲོང་རྡལ་གྱི་དབུལ་ཕོངས་ཁྱིམ་ཚང་བཅས་ཀྱི་ཡུལ་དངོས་ལ་སོང་ནས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བའི་གནས་ཚུལ་ལ་ཞིབ་འཇུག་བརྟག་དཔྱད་བྱས་པ་དང་། བརྟག་དཔྱད་གོ་རིམ་ཁྲོད་དུ་ཡུན་ནན་ཞིང་ཆེན་མི་དམངས་འཐུའི་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བང་ཧྲོའུ་ཧྥིན་གྱིས་རིམ་པ་སོ་སོའི་སྡེ་ཁག་སོ་སོ་ལ་ཀྲུང་ལུགས་སྨན་རྫས་ཐོན་ལས་ཀྱིས་གནད་འཕིགས་དབུལ་སྐྱོར་བྱ་བར་སྔར་ལས་ལྷག་པའི་ནུས་པ་ཐོན་དགོས་པ་དང་ཁྱད་འཕགས་ཐོན་ལས་གནད་འཕིགས་དབུལ་སྐྱོར་བྱེད་པའི་ཐོན་ལས་གཙོ་བོར་འགྱུར་དགོས་པ་དང་། དུས་ཡུན་རིང་ཐུང་གཉིས་ཀྱི་འཆར་གཞི་ཟུང་འབྲེལ་བྱས་ཏེ་ཀྲུང་ལུགས་སྨན་རྫས་ཐོན་ལས་ཀྱི་འཕེལ་རྒྱས་འཆར་གཞི་བཟོས་ཏེ་དུས་ཡུན་ཐུང་ཐུང་ནང་ལས་ཆོད་མངོན་པའི་ཐོན་ལས་ལེགས་པར་བཟོ་དགོས་པ་དང་ཉོ་སྒྲུབ་གན་རྒྱ་ཡི་གེ་བཞག་པ་སོགས་བྱེད་དགོས་ལ། མང་ཚོགས་རྣམས་ལ་ཁྱད་འཕགས་ས་བོན་འདེབས་འཛུགས་བྱེད་པར་སྣེ་འཁྲིད་བྱས་ཏེ་ཚན་རིག་རང་བཞིན་གྱི་འདེབས་འཛུགས་དཔེ་སྟོན་ཁུལ་འགའ་དམ་པོར་བཟུང་སྟེ་ལག་རྩལ་ཁྱབ་གདལ་དུ་གཏོང་དགོས། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པ་དང་སྲིད་གཞུང་གི་རྒྱབ་སྐྱོར་གཉིས་ཟུང་འབྲེལ་བྱས་ཏེ་མགྱོགས་མྱུར་སྒོས་ཐོན་ལས་འགོ་ཁྲིད་ཚན་ཆུང་དང་། རིམ་པ་བཞིན་ཀྲུང་ལུགས་སྨན་རྫས་འཕེལ་རྒྱས་ཀྱི་མཐུན་ཚོགས་དང་མཉམ་ལས་ཁང་བཙུགས་ཏེ་ཀྲུང་ལུགས་སྨན་རྫས་ཀྱི་ལག་རྩལ་ཚད་གཞི་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་ཐོན་རྫས་ཀྱི་འགྲན་རྩལ་ནུས་པ་ཇེ་མཐོར་གཏོང་པ་དང་ཁེ་ལས་ནང་འདྲེན་བྱས་ནས་མཉམ་ལས་བྱེད་པའི་གན་རྒྱ་འཇོག་དགོས་པའི་བླང་བྱ་བཏོན། བདེ་ཆེན་ཁུལ་གྱི་ཁུལ་དཔོན་ཆི་ཅན་ཞིན་ཞིབ་འཇུག་བརྟག་དཔྱད་ལ་ཞུགས་ཡོད་པ་རེད། 

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།