ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱིས་སློབ་རར་དངོས་མིན་རིག་གནས་ཤུལ་བཞག་གི་རིག་རྩལ་འཁྲབ་སྟོན་དང་སློབ་རའི་རིག་གནས་དུས་ཆེན་སྐབས་གཉིས་པ་བསྡུས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ7པའི་ཚེས་1ཉིན་གྱི་སྔ་དྲོར།  སློབ་རར་དངོས་མིན་རིག་གནས་ཤུལ་བཞག་གི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ་དང་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་བདེ་ཆེན་ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ་ནས་བསྡུས། 


བྱེད་སྒོ་དེ་སྤྲོ་སེམས་རབ་ཏུ་འཁོལ་བའི་ཉི་ཤར་བྱམས་གླུའི་ཁྲོད་ནས་འགོ་བརྩམས་པ་དང་། རིག་རྩལ་འཁྲབ་སྟོན་གྱི་ལེ་ཚན་ལ་ལི་སུའུ་མཛའ་གཞས་དང་།  ལ་ལ་ལུས་སྦྱོང་།  རི་ཆེན་སློབ་སྐྱོར།  དྲིན་ཚོར་གྱི་སེམས་པ། དམངས་གླུ་མཉམ་ལེན་སོགས་ལེ་ཚན་14ཚུད་ཡོད་པ་རེད། 

ཉིན་དེའི་ཕྱི་དྲོར། ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭས་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་དང་། སློབ་རའི་གླུ་གཞས་འགྲན་བསྡུར།    ཞབས་བྲོའི་འགྲན་བསྡུར་ཆེ་མོ་བཅས་བསྡུས་པ་རེད།   འགྲན་བསྡུར་གྱི་ནང་དོན་ལ་རལ་པ་དང་།   ཁྱེད་རང་རྒས་དུས་ཞེས་པ།    འབའ་གཞས་སོགས་ལེ་ཚན་38ཡོད་པ་དང་འགྲན་ཞུགས་རུ་ཁག་དག་གིས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོར་ངོ་མཚར་ཆེ་བའི་མཐོང་ཚོར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད་པ་རེད། ‘

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།