ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཚོ་དབུལ་བོར་རྒྱང་སྒྲོག་བརྙན་འཕྲིན་གྱི་བརྡ་རྟགས་ཁྱབ་ཚད་99.8%ཟིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རླུང་འཕྲིན་དང་བརྙན་འཕྲིན་གྱི་བརྡ་རྟགས་ཁྱབ་པའི་ལས་གཞིའི་ཤུགས་ཆེ་རུ་བཏང་ནས། གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ་དབུལ་བོའི་རླུང་འཕྲིན་དང་བརྙན་འཕྲིན་གྱི་བརྡ་རྟགས་ཁྱབ་ཚད་99.8%ཟིན་པས། གྲོང་ཚོ་དབུལ་བོ་དབུལ་ཐར་བྱུང་བའི་ཚད་གཞིར་སླེབས་ཡོད་པ་རེད། 

གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང་11གི“ནུབ་རྒྱུད་གསར་སྐྲུན་གྱི་ལས་གཞི”དང“གྲོང་ཚོ་ཡོངས་ལ་ཤར་གཏོང་དང་། དུད་ཁྱིམ་ཡོངས་ལ་ཤར་གཏོང་”བྱེད་པའི་རླུང་འཕྲིན་དང་བརྙན་འཕྲིན་བརྡ་རྟགས་བསྡུ་ལེན་སྒྲིག་ཆས་ཞིབ་བཤེར་སྲུང་སྐྱོང་ལ་ཤུགས་སྣོན་བྱས་པ་བརྒྱུད། ཡུལ་བབ་དང་བསྟུན་ནས“གྲོང་ཚོ་ཡོངས་ལ་ཤར་གཏོང་ཐུབ་པའི”ལས་གཞི་སླར་ཡང་ལག་བསྟར་བྱས་པ་མ་ཟད། མ་དངུལ་སྒོར་ཁྲི་211.2བཏང་ནས་གྲོང་ཁྱེར་ཡོངས་ཀྱི་གྲོང་མི་ཚོ་ཆུང་688ལ“གྲོང་ཚོ་ཡོངས་སུ་བསྒྲགས་ཐུབ་པའི”ལས་གཞི་ལག་བསྟར་བྱས་ཤིང་། ཁྱོན་བསྡོམས་དུད་ཁྱིམ་ཡོངས་ལ་ཤར་གཏོང་དང་། གྲོང་ཚོ་ཡོངས་ལ་ཤར་གཏོང་”གི་སྒྲིག་ཆས་ཆ་ཚང་33178དང་། “གྲོང་ཚོ་ཡོངས་སུ་བསྒྲགས་ཐུབ་པའི”རླུང་འཕྲིན་སྒྲིག་ཆས་ཆ་ཚང་688ལག་བསྟར་བྱས་པ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན། རླུང་འཕྲིན་དང་བརྙན་འཕྲིན་ལེ་ཚན་ས་ཁོངས་དེ་གར་ཕན་ནུས་ལྡན་པའི་སྒོ་ནས་ཁྱབ་པར་འགན་སྲུང་དང་། རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་བརྙན་འཕྲིན་ལས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་སློབ་སྦྱོང་དང་ཤེས་རྟོགས་བྱེད་དུ་འཇུག་པ། ཞིང་ལས་ཚན་རྩལ་གྱི་ཤེས་བྱ་དང་ཕྱུག་འགྱུར་གྱི་ཆ་འཕྲིན་སློབ་སྦྱོང་དང་ཤེས་རྟོགས་བྱེད་པ། གྲོང་གསེབ་ཀྱི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།