ལའོ་ཉིན་ཧྥུའུ་ཞིན་དུ་བོད་ཡིག་དཔེ་རྙིང་པོད་བཞི་བརྒྱ་ལྷག་ལེགས་སྒྲིག་གནང་།

1491982918631325.jpgTwwཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལེའོ་ཉིང་ཧྥུའུ་ཞིན་(阜新)གྲོང་ཁྱེར་སྲིད་གྲོས་ལོ་རྒྱུས་ཡིག་ཚགས་ཁང་གིས་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གི་ཞིབ་འཇུག་པ་གཞོན་པ་བྱམས་པ་ལགས་གདན་དྲངས་ནས་བོད་ཡིག་དཔེ་རྙིང་ལེགས་སྒྲིག་བྱས་ལ། འདི་ནི་ན་ནིང་ཟླ་དགུ་བའི་རྗེས་སུ་ཐེངས་གཉིས་པར་ཞིབ་འཇུག་པ་གཞོན་པ་བྱམས་པ་ལོ་རྒྱུས་ཡིག་ཚགས་ཁང་དེ་གར་གདན་དྲངས་ནས་བོད་ཡིག་དཔེ་རྙིང་ལེགས་སྒྲིག་བྱས་པ་ཡིན། ཕྱོགས་གཉིས་ཀྱིས་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་པར་སྐྲུན། འགྲེམས་སྟོན། ཞིབ་འཇུག་སོགས་ཀྱི་ལས་ཀའི་ཁྲོད་མཉམ་འབྲེལ་བྱ་རྒྱུ་གྲོས་མཐུན་བྱུང་བ་རེད།Twwཀྲུང་གོ་བོད་ཀྱི་དྲ་བ།

1491982919304576.jpgTwwཀྲུང་གོ་བོད་ཀྱི་དྲ་བ།

རེབ་འདིར་བོད་ཡིག་གི་དཔེ་རྙིང་རིགས་དབྱེའི་ལེགས་སྒྲིག་བྱས་རྗེས་དཔེ་སྣ་པོད་བཞི་བརྒྱ་ལྷག་ཡོད། པར་གཞིའི་ངོས་ནས་པེ་ཅིང་པར་མ་དང་སོག་ཡུལ་པར་མ་གཙོ་བོ་ཡིན་ཞིང་། པོ་ཏ་ལ་དང་བླ་བྲང་། སྐུ་འབུམ་གྱི་པར་མ་ཡང་རེ་འགའ་འདུག་པ་མ་ཟད། རིན་ཆེན་སྣ་མང་གི་བྲིས་མ་དང་གསེར་བྲིས་ཀྱང་མང་པོ་ཡོད་པ་རེད། ནང་དོན་ཐད་གསོ་རིག་རྒྱུད་བཞི་དང་མན་ངག་ལྷན་ཐབས། བཻཌཱུརྱ་སྔོན་པོ་གཙོ་བྱས་པའི་གསོ་རིག་གི་སྐོར་དང་། ཏིང་འཕགས་བསྐལ་གསུམ། ཆིན་རྒྱལ་རབས་ཁཱང་ཞིས་བཀའ་བསྟན་པར་མ། ཁུ་རེན་ཆེན་མོའི་བཀའ་འགྱུར། ཆིན་གོང་མ་ཁཱང་ཞིས་དགུང་ལོ་དྲུག་ཅུར་སོན་པར་ཆེད་དུ་པར་ཏུ་བཏབ་པའི་གཟུངས་བསྡུས་པོད་ཆེ་བ་གཅིག གཟུངས་གྲྭ་ལྔ་བཅས་རྒྱལ་པོའི་བཀའ་གསུང་གི་སྐོར། དེ་བཞིན་དགའ་ལྡན་ཕུན་ཚོགས་གླིང་ཏུ་པར་ཏུ་བཏབ་པའི་ཀླུ་འབུམ་དཀར་པོ་གཙོ་བྱས་པའི་བོན་གྱི་སྐོར། ཨུ་རུ་སིའི་ཨར་ཅིན་སི་སོག་པོའི་དགོན་པར་པར་ཏུ་བཏབ་པའི་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་རྣམ་ཐར་དང་མི་ལ་རས་པའི་རྣམ་ཐར་བཅས་ལོ་རྒྱུས་རྣམ་ཐར་སྐོར་བཅས་ཡོད། Twwཀྲུང་གོ་བོད་ཀྱི་དྲ་བ།

1491982920876998.jpgTwwཀྲུང་གོ་བོད་ཀྱི་དྲ་བ།

 པར་མ་ལས་ཁཱང་ཞིས་སྐབས་ཀྱི་པར་གཞི་རྒྱ་ཆེ་ལ་བརྐོས་ལེགས་པའི་ཁྱད་ཆོས་འབུར་དུ་ཐོན་ཡོད། བྲིས་མའི་ཁྲོད་ཚེ་མདོ་དང་རྡོ་རྗེ་གཅོད་པ། ཐར་མདོ་གཙོ་བོ་རེད། ཇོ་ནང་ཏཱ་ར་ན་ཐའི་གསུང་འབུམ་བྲིས་མ་པོད་རྙིང་གཉིས། དབྱངས་ཡིག་དང་སྐར་རྩིས་སྐོར། དེ་བཞིན་ཆོས་སྤྱོད་འདོན་སྐོར་དང་བོན་གྱི་འབུམ་བཅས་ཡོད། དཔེ་ཚུགས་ཀྱི་ངོས་ནས་སྣ་རིང་གཙོ་བོ་ཡིན་པ་དང་། དབྱངས་ཡིག་དང་རྩིས་ཀྱི་དཔེ་ཆ་རེ་འགའ་མགོ་བཙེམ་གྱི་རྣམ་པ་ཆགས་ཡོད། གཞན་གདུགས་དཀར་མཆོག་གྲུབ་མ་དང་འཇམ་དཔལ་མཚན་བརྗོད། སྒྲོལ་བསྟོད། རྟེན་ཐོ་སྣ་ཚོགས་བཅས་དཔེ་འགའ་ཆིན་རྒྱལ་རབས་སྐབས་པར་ཏུ་བཏབ་པ་ལྟེབས་ཟུར་མའི་རྣམ་པ་རེད།Twwཀྲུང་གོ་བོད་ཀྱི་དྲ་བ།

1491982920742233.jpgTwwཀྲུང་གོ་བོད་ཀྱི་དྲ་བ།

ལེའོ་ཉིང་ཧྥུའུ་ཞིན་གྲོང་ཁྱེར་སྲིད་གྲོས་ལོ་རྒྱུས་ཡིག་ཚགས་ཁང་དུ་ཉར་ཚགས་བགྱིས་པའི་བོད་ཡིག་དཔེ་རྙིང་འབོར་ཆེ་བ་པེ་ཅིང་དང་སོག་ཡུལ།  ཨུ་རུ་སུའི་ཨར་ཅིན་ས་ཁུལ་གྱི་པར་མ་གཙོ་བོ་ཡིན་པས་བོད་རིགས་ས་ཁུལ་ཕུད་པའི་ནང་ལོག་དང་སོག་ཡུལ།  ཨུ་རུ་སུའི་ཨར་ཅིན་ས་ཁུལ་གྱི་བོད་བརྒྱུད་ནང་བསྟན་རིག་གནས་དང་བོད་ཡིག་པར་བསྐྲུན་ལ་ཞིབ་འཇུག་བྱེད་པར་རིན་ཐང་གལ་ཆེན་ལྡན།Twwཀྲུང་གོ་བོད་ཀྱི་དྲ་བ།

1491982921901670.jpgTwwཀྲུང་གོ་བོད་ཀྱི་དྲ་བ།

ཞིབ་འཇུག་པ་གཞོན་པ་བྱམས་པས་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ་ལོ་བཅུ་ལྷག་གི་རིང་ལ་བོད་ཡིག་དཔེ་རྙིང་ལེགས་སྒྲིག་གི་ཕྱག་ལས་གནང་མྱོང་ཡོད་ལ། བོད་ཡིག་དཔེ་རྙིང་ཐད་ཀྱི་དཔྱད་རྩོམ་ཡང་མང་པོ་ཞིག་དུས་དེབ་ཁག་ཏུ་བཀོད་ཡོད། སྔ་ཕྱིར་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་དཔེ་མཛོད་ཁང་དང་ཏཱ་ལེན་མི་རིགས་སློབ་ཆེན། ཨུའར་ཏའོ་སི་དཔེ་མཛོད་ཁང་བཅས་སུ་བོད་ཡིག་དཔེ་རྙིང་ལེགས་སྒྲིག་གི་ལས་གཞི་སྒྲུབ་མྱོང་། 《རྒྱལ་ཁབ་གནའ་དཔེ་རྩ་ཆེན་གྱི་མིང་ཐོ་》ཞིབ་བཤེར་ཆེད་མཁས་ཚོགས་པའི་ཁོངས་མི་བྱས་ཏེ་སྔ་ཕྱིར་ཐེངས་ལྔའི་ཞིབ་བཤེར་ལས་ཀར་ཞུགས།Twwཀྲུང་གོ་བོད་ཀྱི་དྲ་བ།

1491982922815481.jpgTwwཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།