འཕྲིན་གསར།
སྒྲུང་གཏམ།
  • བུ་བཀྲ་ཤིས་པ་ཕར་གྱུར་པ།

    ཕོ་གཞོན་བཀྲ་ཤིས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ཏེ་ལས་གནས་ཐོག་ཞུགས་ནས་ད་བར་ཕོ་ལོ་ལྔ་ཙམ་འདས་ཟིན་པ། བཀྲ་ཤིས་ལ་ཆུང་དུས་ནས་ཕུགས་བསམ་ཞིག་ཡོད་པ་ནི་རྗེས་སུ་རང་ཉིད་ལག་ཆགས་རྗེས་དངུལ་མང་པོ་བསོགས་ནས་ཕ་མ་གཉིས་ལ་བཀའ་དྲིན་ཡག་པོ་གསོལ་དགོས་སྙམ་གྱིན་ཡོད་པ་དེ་ཡིན།

    2018-08-03 11:17:34
     སྒྲུང་གཏམ།
  • ཟླ་འོད་འོག་གི་ཟློས་གར།

    ཀླུ་ཚང་ཞོགས་རྩེན་གྱི་བརྩམས་སྒྲུང་ཟླ་འོད་འོག་གི་ཟློས་གར།

    2018-07-27 10:51:06
     སྒྲུང་གཏམ།
  • གྲིབ་མ་ནག་པོ།

    སྒོའི་ཕྱི་རོལ་གྱི་ཐལ་སྤུངས་འགྲམ་དུ། གཅིན་པ་ཤག་སེར་བཏང་རྗེས་ལུས་པོ་ཇེ་ཡང་དུ་བུད་སོང་། གཅིན་པ་སར་ཕོག་པའི་ཤུགས་ཀྱིས་ཁུང་བུ་ཆེན་པོ་ཞིག་བཏོད་འདུག དེ་ནི་བུ་མོ་ཞིག་གིས་ཁ་གདངས་པ་དང་འདྲ་ལ། དེ་ལས་རང་ཉིད་ནི་ད་དུང་སྟོབས་དང་ཤུགས་ཀྱིས་ཁེངས་པའི་སྟག་ཤར་ཞིག་ཡིན་པ་ཤེས་ཐུབ།

    2018-07-20 11:08:30
     སྒྲུང་གཏམ།
  • མནའ་མ་ཚེ་སྐྱིད།

    དུང་དཀར་སྡེ་བ་ནི་ལྷ་རི་གོང་མའི་གཡས་ཞོལ་དུ་འཕྲེད་ཀྱིས་ཆགས་ཡོད་ལ། ས་བབ་མཐོ་ཞིང་འཁྱག་གྲང་ཆེ་བས་སྡེ་བ་དེ་ནི་ཕྱུགས་ལས་གཉེར་བའི་འབྲོག་པ་རྐྱང་རྐྱང་ཡིན། འབྲོག་སྡེ་དེ་ཡུལ་དེར་ཆགས་ནས་དུས་ཡུན་ཅི་ཙམ་ཞིག་འགོར་སོང་བ་ས་དེའི་མི་སུས་ཀྱང་བཤད་མི་ཤེས་མོད། དུས་ཡུན་རིང་པོ་ཞིག་

    2018-07-13 10:51:26
     སྒྲུང་གཏམ།
  • སྒོར་མོ།

    ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་གསར་པ<<སྒོར་མོ>>།

    2018-07-04 14:24:47
     སྒྲུང་གཏམ།
སྙན་ངག
ལྷུག་རྩོམ།
  • མཐར་ཕྱིན་སློབ་བུ་ཚོར་ཕུལ་བའི་བྲལ་ཁའི་སྙིང་གཏམ།

    མི་ཞིག་གི་མི་ཚེ་ནི་ལམ་བུ་ཅུང་རིང་མོ་ཞིག་ཡིན་པའི་དབང་དུ་བཏང་ན། ད་ནི་ཁྱོད་ཚོ་ལམ་བུ་དེའི་དཀྱོགས་མཚམས་ཤིག་ཏུ་སླེབས་ཡོད་པ་རེད། རེ་ཆད་དང་ཞུམ་པ་མེད་པར་སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་ཏེ་གོམ་པ་བརྟན་པོས་དོག་ཅིང་གཟར་བའི་དཀྱོགས་མཚམས་དེ་བརྒལ་བ་ཡིན་ན། ཁོད་ཡངས་ཤིང་རྒྱ་ཆེ་

    2018-06-01 11:34:05
     ལྷུག་རྩོམ།
  • བདག་གི་དཔེ་ཀློག་འཚོ་བ།

    ང་རང་དཔེ་ཀློག་གི་འཚོ་བར་གོམས་རྒྱུར་དུས་ཚོད་རིང་པོ་ཞིག་འགོར་ཡོད་སྲིད། མཐར་དེ་ཉིད་བདག་གི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་བ་དང་འབྲལ་ཐབས་མེད་པའི་ཚད་ལ་ཐོན། བདག་ལ་མཚོན་ན་དཔེ་ཀློག་མེད་པའི་འཚོ་བ་ནི་ཕོངས་འགྱོད་ཀྱི་ལོ་ཟླ་ཤིག་དང་ཁེར་རྐྱང་གི་འཚོ་བ་ཞིག་ཡིན་ངེས།

    2018-04-27 10:52:12
     ལྷུག་རྩོམ།
  • གླུ་རེ་རེའི་ནང་ན་མེས་པོའི་ཁ་ཏ་རེ།

    དེ་བས་ཁྱེད་ཉིད་ཀྱིས་བོད་ཀྱི་དམངས་གླུའི་ངག་གི་སྒྱུ་རྩལ་འདི་མི་ཉམས་གོང་སྤེལ་དང་རྒྱ་ཆེའི་ཉན་མཁན་རྣམས་ཀྱི་རེ་འདོད་སྐོང་ཆེད། ཇི་ལྟར་མི་རིགས་ཀྱི་ཡིན་ན་དེ་ལྟར་འཛམ་གླིང་གི་ཡིན་ཞེས་པ་ལྟར་རྗེས་སོར་མུ་མཐུད་ནས་རང་གི་ཁྱད་ཆོས་ལྡན་པའི་དམངས་གླུའི་ཆེད་བསྒྲིགས་བརྙན་སྡེར་འག

    2018-04-09 15:14:24
     ལྷུག་རྩོམ།
  • ང་ནི་དངོས་སྦྱོང་སློབ་མ་ཞིག་ཡིན།

    འཇིག་རྟེན་འདིའི་སྟེང་གི་ཆགས་འཇིག་དང་དགའ་སྐྱོ་ཅི་རིགས་ཀྱི་དོན་དག་མང་པོ་ཞིག་ནི་ང་ཚོའི་ཉེ་འཁོར་ནས་བསམ་དབང་དྲན་དབང་མེད་པར་འབྱུང་སྲིད། ང་ཚོས་དེ་ནི་ལས་ཀྱི་བསྐོས་ཐང་ངམ་བགོ་སྐལ་གང་རུང་ཞིག་ཏུ་ངོས་བཟུང་སྟེ་དང་ལེན་བྱ་བ་ལས་དེ་ལ་ཕྱི་བཤོལ་དང་ཕྱིར་ཟློག་བགྱིད་པའི་བསྐལ་པ་

    2018-04-03 11:14:09
     ལྷུག་རྩོམ།
  • ཨ་མ།

    ​ད་ལོའི་དབྱར་གནང་སྐབས་སུ་ཕ་ཡུལ་ནས་ཕྱིར་ལོག་དུས། ཨ་ཕས་ང་ལ་རྒྱུན་དུ་ཁོམ་སྐབས་རེ་བྱུང་དུས་ཡུལ་ལ་ཁ་པར་རེ་གཏོང་གིན་སྡོད། ཁྱོད་རང་འགྲོ་ཐེངས་རེར་ཨ་མའི་གདོང་གི་མིག་ཆུ་ཇེ་མང་ནས་ཇེ་མང་རེད་ཟེར། དེ་དུས་ངས་ད་གཟོད་རང་ཉིད་ཀྱིས་སློབ་སྐབས་གཅིག་གི་རིང་ལ་ཕ་ཡུལ་ལ་ཁ་པར་གཏོང་ཐ

    2018-03-23 15:16:13
     ལྷུག་རྩོམ།
བསྒྱུར་རྩོམ།
  • བྱིས་པ་བསྐྱངས་པའི་མྱོང་སྣང་བསིལ་ལྡན་ལོ་མའི་བརྗེད་ཐོ།

    ཕ་དང་མ་བྱེད་རྒྱུ་ནི་དེ་འདྲ་སླ་མོ་མིན། གཉེན་བསྒྲིགས་པ་དང་བུ་ཕྲུག་བཙས་པ་ཙམ་གྱིས་ཕ་དང་མ་རུ་གྱུར་ཟིན་སྙམ་ནའང་མིན། ཕ་མ་བྱེད་བསམ་པ་དང་ཡང་ན་བྱིས་པ་ལེགས་པར་སྐྱོང་བསམ་པ་ལ། སྔོན་དུ་རང་ཉིད་ལ་བྱིས་པ་སྐྱོང་བའི་ཐབས་ཤེས་འཛོམས་མིན་དང་། ཕ་མ་བྱེད་པའི་ཆ་རྐྱེན་ལྡན་མིན། བྱིས་

    2018-08-03 11:20:14
     བསྒྱུར་རྩོམ།
  • གཞས་མ།

    ཁོ་མོ་སྔར་བཞིན་ལང་ཚོའི་ཁོ་ལག་རྫོགས་ཤིང་སྐད་ངག་ཧ་ཅང་སྙན་མོ་ཡིན་པའི་དུས་ཀྱི་ཉིན་ཞིག་ལ། རེ་བ་སྙེག་སའི་ཁའོ་ཨེར་པ་ཁཱོ་མོའི་ཁྱིམ་དུ་བསླེབས་བྱུང་། གཞིས་ཆེན་གྱི་ཐོག་ཁར་སྡོད་དུས་ཚ་གདུང་བཟོད་དཀའ་བ་ཞིག་རེད། ཁའོ་ཨེར་པ་ཁཱོ་ཡིས་གུང་ཇ་འཐུང་ཞོར་དུ་གོང་བདེའི་རྒུན་ཆང་འཐུང་

    2018-07-24 16:34:33
     བསྒྱུར་རྩོམ།
  • རྨ་ཆེན་གངས་རིའི་མཚན་སྙན།

    རྨ་ཆེན་གངས་རིའི་མཚན་སྙན།སྐལ་བཟང་རྡོ་རྗེས་བརྩམས།སྒང་ལམ་པས་བསྒྱུར།

    2018-06-04 13:51:19
     བསྒྱུར་རྩོམ།
  • བརྩེ་དུང་།

    “ད་ནི་ཐོ་རེངས་ཀྱི་ཆུ་ཚོད་གསུམ་པ་རེད། འཇམ་ཐེང་ངེར་གྱུར་པའི་ཟླ་བཞི་བའི་མཚན་མོས་ངའི་སྒེའུ་ཁུང་ཕྱོགས་སུ་བལྟས་ཏེ། སྐར་ཚོགས་ཀྱིས་ཁྲ་ཆིལ་ལེར་ཡིད་དུ་འོང་བའི་ངང་ང་ལ་མིག་ཟིམ་ཟིམ་བྱས། ང་བདེ་བའི་མལ་དུ་གཉིད་ཐབས་བྲལ་ལ་སྣང་བ་སྐྱིད་པོ་ཞིག་རེད།

    2018-05-15 14:15:16
     བསྒྱུར་རྩོམ།
  • བུ་ལ་གནང་བའི་སྙན་ངག

    ན་གཞོན་རྩོམ་པ་པོ་རུས་པ་ལགས་ཀྱི་སྙན་ངག<<བུ་ལ་གནང་བའི་སྙན་ངག>>

    2018-05-15 10:57:17
     བསྒྱུར་རྩོམ།
དཔྱད་རྩོམ།
  • ཆུང་འབྲིང་སློབ་མའི་སློབ་སྦྱོང་གི་ནུས་པ་ཇི་ལྟར་སྐྱེད་སྲིང་བྱེད་པའི་སྐོར་གྱི་བསམ་ཚུལ་འགའ་གླེང་བ།

    ​ཉེ་བའི་ལོ་འགའི་རིང་ལ། བོད་ཀྱི་སློབ་མའི་གྲངས་ཚད་ལྡབ་ཀྱིས་འཕར། དེ་ནི་བོད་ཀྱི་སྤྱི་ཚོགས་འདི་སློབ་གསོ་དང་ཚན་རྩལ་གྱི་ལམ་དུ་ཞུགས་པའི་རྟགས་མཚན་ཞིག་ཡིན་པ་ཤིན་ཏུ་གསལ། འོན་ཀྱང་བོད་ཀྱི་གཞི་རིམ་སློབ་གྲྭ་ཁག་ན་སློབ་ཁྲིད་བྱེད་སྟངས་དང་སློབ་གསོའི་ཐབས་ལམ་ཐད་ནས་ད་དུང་གནད་ད

    2018-07-20 11:23:03
     དཔྱད་རྩོམ།
  • ཁྱིམ་ཚང་སློབ་གསོའི་གལ་ཆེན་རང་བཞིན་ཕྱོགས་བཞི་ནས་གླེང་ན།

    མི་ཚེའི་གནས་ཡུལ་གཉིས་པ་ནི་ད་གཟོད་ཁྱིམ་ཚང་ཡིན། ཨ་མའི་ལུས་དང་བྲལ་ཏེ་འཇིག་རྟེན་འདིར་སླེབས་པ་ན། གཞི་ནས་ཁྱིམ་ཚང་དུ་སླེབས་པ་ཡིན་ལ། བྱིས་པ་དང་འཇིག་རྟེན་གྱི་འབྲེལ་བ་མཐའ་དག་ནི་ཕ་མ་གཙོའི་ཁྱིམ་མི་རྣམས་ལ་བརྟེན་ནས་བྱུང་བ་ཡིན། སྐབས་ཐོག་དེར་ཁོ་ནི་ད་དུང་མི་ཚེའི་ཐོག་མའི་ད

    2018-07-13 10:56:04
     དཔྱད་རྩོམ།
  • བོད་ཀྱི་རྔའི་རིག་གནས་དང་དེའི་སྐོར་གྱི་བསམ་གཞིག

    རྔ་ནི་གནའ་བོའི་དུས་ནས་བཟུང་ཆོས་སྲིད་གཉིས་ནས་བེད་སྤྱོད་བཏང་ནས་མི་རབས་ནས་མི་རབས་སུ་བརྒྱུད་དེ་དེའི་བཟོ་རྩལ་དང་སྤྱོད་ཚུལ་གྱིས་མཚོན་པའི་སྒྱུ་རྩལ་གྱི་རྣམ་པ་དང་རིགས་དབྱེ། བྱེད་ནུས། སྤྱོད་སྟངས་ལ་སོགས་ཕྱོགས་གང་ཐད་ནས་དར་རྒྱས་ཆེན་པོ་བྱུང་སྟེ་རིག་གནས་ཀྱི་མཚོན་དོན་ཟབ་

    2018-06-20 09:52:38
     དཔྱད་རྩོམ།
  • ནང་བསྟན་དཔལ་འབྱོར་རིག་པའི་སྐོར་གྱི་དྲིས་ལན།

    ང་ཚོའི་བོད་ལ་རིག་གཞུང་གི་ཐད་ནས་བསམ་བློ་གཏོང་མཁན་མི་འདུག ངས་འདི་ལྟར་གཞུང་ལུགས་ཀྱི་ངོས་ནས་བསམ་བློ་གཏོང་འདོད་དེ། རིག་གནས་འདི་གཞུང་ལུགས་ཅན་དུ་མ་སོང་ན་བོད་ཀྱི་རིག་གནས་དེ་ད་དུང་ཆ་ཚང་བར་འགྲོ་ཐུབ་ཀྱིན་མེད་པ་དང་ཚན་རིག་ཅན་དུ་འགྲོ་ཐུབ་ཀྱིན་མེད་པའི་རྟགས་ཤིག་རེད།

    2018-06-15 15:00:43
     དཔྱད་རྩོམ།
  • ནང་བསྟན་དཔལ་འབྱོར་རིག་པ་བསྐྱར་དུ་གླེང་བ།

    ལ་ལས་དཔལ་འབྱོར་རིག་པ་ཟེར་དུས་ཚོང་རྒྱག་སྤྱད་དང་སྒོར་མོ་འཚོལ་བྱེད་ཀྱི་རིག་པ་ཞིག་ཏུ་ངོས་འཛིན་པ་ནི་ནང་བསྟན་གྱི་དཔལ་འབྱོར་རིག་པ་དང་ལྷག་པར་དཔལ་འབྱོར་རིག་པ་ཞེས་པའི་མིང་ཙམ་ལ་ཡང་གོ་བ་མ་ཆགས་པའི་སྐད་ཆ་ཞིག་རེད། དཔལ་འབྱོར་རིག་པ་ཞེས་པའི་ཐ་སྙད་ཙམ་ལ་ཡང་གོ་བ་མ་ལོན་ན་ནང་བས

    2018-06-14 09:18:06
     དཔྱད་རྩོམ།
ཆེད་སྒྲིག