ནར་མ་སོན་པའི་བྱིས་པའི་ཀུན་སྤྱོད་སློབ་གསོ་སྐོར་གྱི་ཁ་བརྡ།

46.9K

མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་དགེ་རྒན་གཅན་རོང་ལ་བཅར་འདྲི་བྱེད་ཚུལ།mWxཀྲུང་གོ་བོད་ཀྱི་དྲ་བ།

གསར་འགོད་པ། དགེ་རྒན་གཅན་རོང་ལགས།ནར་མ་སོན་པའི་བྱིས་པའི་སློབ་གསོ་དེ་རྒྱལ་ཁབ་ཀྱིས་དེ་འདྲའི་གཙིགས་ཆེན་དང་།སྤྱི་ཚོགས་ཧྲིལ་བོས་རྡོ་སྣང་བྱེད་ཡུལ་དུ་གྱུར་པའི་རྒྱུ་མཚན་ཅི་རེད།mWxཀྲུང་གོ་བོད་ཀྱི་དྲ་བ།

གཅན་རོང་བསྟན་འཛིན། ནར་མ་སོན་པའི་བྱིས་པའི་ཀུན་སྤྱོད་སློབ་གསོ་དེ་རྒྱལ་ཁབ་ཀྱིས་གཙིགས་ཆེན་དང་སྤྱི་ཚོགས་ཧྲིལ་བོས་དོ་སྣང་བྱེད་ཡུལ་དུ་གྱུར་པའི་རྒྱུ་མཚན་གཙོ་བོ་ནི།སྤྱི་ཚོགས་གསར་བ་དང་དུས་རབས་གསར་པའི་དབང་གིས་མིའི་སྤུས་ཚད་ཀྱི་རེ་བ་ཉིན་རེར་ཇེ་མཐོ་ནས་ཇེ་མཐོ་རེད།ནང་སྒོས་སུ་མིའི་ཀུན་སྤྱོད་སྤུས་ཚད་དམ་ཡང་ན་མི་གཤིས་སམ་མི་གཞིའི་རེ་བ་ཇེ་མཐོ་ནས་ཇེ་མཐོ་རེད།མི་ཞིག་གི་ཀུན་སྤྱོད་དམ་མི་གཤིས།མི་གཞི་བཟང་ངན་ནི་མི་རང་རང་གི་འཚོ་གནས་དང་མདུན་ལམ་ལ་འབྲེལ་བ་དམ་པོ་ཡོད་པ་མ་ཟད།སྤྱི་ཚོགས་ཧྲིལ་བོའི་དར་རྒུད་དང་རྒྱལ་ཁབ་ཀྱི་དར་རྒུད་ལ་རག་ལས་ཡོད་པས།རྒྱལ་ཁབ་ཀྱིས་གཙིགས་ཆེན་དང་སྤྱི་ཚོགས་ཧྲིལ་བོས་དོ་སྣང་བྱེད་ཡུལ་དུ་གྱུར་པ་རེད།mWxཀྲུང་གོ་བོད་ཀྱི་དྲ་བ།

འོ་ན།བྱིས་པའི་ཀུན་སྤྱོད་སློབ་གསོ་ཁོ་ན་ཅི་ཞིག་ལ་གཙིགས་ཆེན་བྱས་པ་ཡིན་ཟེར་ན།འདི་ནི་སེམས་ཁམས་རིག་པ་དང་སྐྱེ་ཁམས་རིག་པ།སློབ་གསོ་རིག་པའི་གནད་དོན་ཞིག་རེད།སེམས་ཁམས་རིག་པའི་ཆེད་མཁས་པ་ཚོས་མི་ནར་སོན་པའི་གོ་རིམ་ནི་མི་ལ་ཀུན་སྤྱོད་དང་མི་གཤིས་ཆགས་པའི་གོ་རིམ་ཞིག་རེད།ཅེས་བསྟན་པ་ལྟར་མི་ཞིག་ལ་གཤིས་རྒྱུད་ཀུན་སྤྱོད་བཟང་པོ་ཞིག་ཆགས་དགོས་ཚེ།གཤིས་རྒྱུད་དེ་ཆགས་པའི་དུས་ཚིགས་དམ་འཛིན་བྱེད་དགོས།གཤིས་རྒྱུད་དེ་ཆགས་པའི་དུས་ཚིགས་ནི་བྱིས་པ་ནར་མ་སོན་པ་ནས་མགོ་བརྩམ་དགོས།དེ་མིན་ཚེ།བྱིས་པ་ནར་སོན་པའི་གོ་རིམ་གྱི་ཁྲོད་ནས་གཤིས་རྒྱུད་ངན་ལང་དུ་ཤོར་ཚར་རྗེས།ཀུན་སྤྱོད་སློབ་གསོ་བཏང་ན་ཡང་འབྲས་བུ་འབྱུང་དཀའ་བ་རེད།དེ་བས།མི་ཞིག་ལ་ཀུན་སྤྱོད་དམ་མི་གཤིས།མི་གཞི་བཟང་བོ་ཞིག་ཆགས་དགོས་ཚེ།ཅི་ནས་ཀྱང་ནར་མ་སོན་པའི་བྱིས་པ་ནས་མགོ་བརྩམ་དགོས་པས་ནར་མ་སོན་པའི་བྱིས་པའི་ཀུན་སྤྱོད་འཛུགས་སྐྲུན་ལ་དོ་སྣང་བྱས་པ་རེད།སྐབས་འདིར་མཉམ་འཇོག་རྒྱུ་ཞིག་ཡོད་པ་ནི།གནའ་རབས་ཀྱི་མཁས་པ་མང་པོས།མིའི་ཡོན་ཏན་ལ་བཅོས་ཐབས་ཡོད་ཀྱང་མི་གཤིས་ལ་བཅོས་ཐབས་མེད།ཅེས་བཤད་ཡོད་པ་ནི་མི་གཤིས་ཀྱི་གལ་ཆེའི་རང་བཞིན་གསལ་བཤད་བྱས་ཡོད་པ་རེད།མི་གཤིས་ལ་བཅོས་ཐབས་མེད་ཅེས་པ་ནི་ཆུང་དུས་ནས་གཤིས་རྒྱུད་ངན་ལང་དུ་ཤོར་ཚར་རྗེས་བཅོས་ཐབས་མེད་ཅེས་པ་ནི་ཆུང་དུས་ནས་གཤིས་རྒྱུད་ངན་ལང་དུ་ཤོར་ཚར་རྗེས་བཅོས་ཐབས་མེད་པས་ཤེས་ཡོན་སྦྱང་རྒྱུ་ལས་ཀྱང་མི་གཤིས་བཟང་བོ་ཞིག་ཆགས་རྒྱུ་གལ་ཆེ་བར་བསྟན་པ་རེད།སྤྱི་ཚོགས་ལག་ལེན་གྱི་སྟེང་ན།ཕ་མ་ལོ་ལོན་གཉོར་སྐྱོང་མི་བྱེད་མཁན་དང་ཐ་ན་གཅར་རྡུང་བྱེད་མཁན།ཕ་མའི་ཚེ་སྲོག་ལ་ཉེན་ཁ་སྟེར་མཁན།གྲོགས་པོ་སྤུན་ཟླ་གསོད་མཁན།རྒྱུ་ནོར་རྐུ་འཕྲོག་ཧམ་ཁྱེར་བྱེད་མཁན།ཚོང་རྫས་རྫུས་མ་བཟོ་མཁན།མི་གསོད་མཁན།ཁྲེལ་མེད།བསམ་ངན་སྤྱོད་རྩུབ་ཅན།གནས་ལུགས་མི་བརྩི་མཁན་དང་ཁྲིམས་འགལ་བ་དག་ལ་བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཚད་ཞན་པ་རེད་ཅེས་ཚིག་ཐག་བཅད་ནས་བཤད་ཆོག་ཀྱང་དེ་དག་ལ་ཤེས་བྱའི་སྤུས་ཚད་དང་ནུས་པ་ཞན་པའི་ངེས་པ་ག་ལ་ཡོད།mWxཀྲུང་གོ་བོད་ཀྱི་དྲ་བ།

དེ་བས།སྤྱི་ཚོགས་སྟེང་གི་མི་སུ་ཞིག་ཡིན་ཡང་ཐོག་མར་ཀུན་སྤྱོད་བཟང་པོ་ཞིག་འཛོམ་རྒྱུ་ནི་ཆེས་རྩ་བ་དང་ཆེས་གལ་ཆེ་བ་ཞིག་ཡིན་པས།ཚད་ངེས་ཅན་ཞིག་གི་ཐད་ནས་བཤད་ན།ཀུན་སྤྱོད་མི་བཟང་བའི་མི་དེ་ནི་མི་མ་རེད།མ་མཐའ་ཡང་མི་ཆ་ཚང་བ་ཞིག་མ་རེད།དེས་ན།འབྱུང་འགྱུར་ཤེས་ཡོན་དཔལ་འབྱོར་གྱི་སྤྱི་ཚོགས་ནང་དུ།མི་མ་ཡིན་པའི་ཚོང་བ་དང་།མི་མ་ཡིན་པའི་བཟོ་བ།མི་མ་ཡིན་པའི་འགོ་ཁྲིད།མི་མ་ཡིན་པའི་ཁེ་ལས་པ།མི་མ་ཡིན་པའི་དགེ་རྒན།མི་མ་ཡིན་པའི་སྤྱི་ཞབས་པ།མི་མ་ཡིན་པའི་ཞིང་བ།མི་མ་ཡིན་པའི་འབྲོག་པ།མི་མ་ཡིན་པའི་སྨན་པ་སོགས་ལ་སྤྱི་ཚོགས་དང་དུས་རབས་ཀྱིས་གཏན་ནས་དགའ་བསུ་ཐོབ་རྒྱུ་མིན་པས།ད་ནས་བཟུང་སྟེ་ནར་མ་སོན་པའི་བྱིས་པའི་ཀུན་སྤྱོད་སློབ་གསོ་ལ་ཤུགས་སྣོན་བྱེད་པ་ནི་ཚན་རིག་དང་མཐུན་ཞིང་ལོ་རྒྱུས་ཀྱི་དོན་སྙིང་རླབས་ཆེན་ཡོད་པའི་བྱ་གཞག་གལ་ཆེན་ཞིག་རེད།གསར་འགོད་པ།རང་ཅག་གཞི་རིམ་བོད་རིགས་ས་ཁུལ་ནས་ནར་མ་སོན་པའི་བྱིས་པའི་ཀུན་སྤྱོད་སློབ་གསོ་དེ་ཇི་ལྟར་འཛིན་དགོས།ཇི་ལྟར་བྱས་ན་ད་གཟོད་འབྲས་བུ་བཟང་པོ་ཞིག་ཐོབ་ངེས་རེད།mWxཀྲུང་གོ་བོད་ཀྱི་དྲ་བ།

གཅན་རོང་བསྟན་འཛིན། ངས་བལྟས་ན།གཅིག་ནས་ཀུན་སྤྱོད་སློབ་གསོའི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་བྱེད་པར་ཤུགས་སྣོན་བྱེད་དགོས།ཁྱད་པར་དུ་བྱིས་པ་ནར་སོན་པའི་གོ་རིམ་ནི་མི་གཤིས་ཆགས་པའི་གོ་རིམ་ཞིག་ཡིན་པ།ཤེས་སུ་འཇུག་རྒྱུ་དང་།གལ་ཏེ་མི་སུ་ཞིག་ཡིན་ན་ཡང་མི་ལ་ཀུན་སྤྱོད་ཆགས་པའི་གོ་རིམ་འདིར་ངོས་འཛིན་དང་དམ་འཛིན་མ་བྱས་པར་ཀུན་སྤྱོད་ངན་ལང་དུ་ཤོར་ཚར་ན།བཅོས་ཐབས་མེད་པའི་གནས་ལུགས་ངོ་མ་འདི་ཤེས་སུ་འཇུག་རྒྱུ།གནད་དོན་འདིར་སྤྱི་ཚོགས་ཧྲིལ་བོར་གཙིགས་ཆེན་བྱེད་དུ་འཇུག་རྒྱུ་དེ་རེད།མདོར་ན་ཐོག་མར་ཀུན་སྤྱོད་སློབ་གསོ་ལ་སྤྱི་ཚོགས་ཀྱི་བསམ་བློའི་རྨང་གཞི་ཡོད་རྒྱུ་དེ་ནི་ནར་མ་སོན་པའི་ཀུན་སྤྱོད་སློབ་གསོ་འཕེལ་རྒྱས་ཀྱི་རྩ་བའི་ཁག་ཐེག་རེད།སྤྱིར་སྤྱི་ཚོགས་ནི་གར་སྟེགས་ཆེན་པོ་ཞིག་ཡིན་ལ།བྱིས་པ་སོ་སོས་དུས་ཚོད་སྐར་ཆ་རེ་རེར་གར་སྟེགས་དེ་ལས་བརྡ་འཕྲིན་གསར་བ་སྣ་ཚོགས་ཚུར་སྡུད་བྱེད་བཞིན་ཡོད།ཁོ་ཚོའི་ཚུར་སྡུད་བྱས་པའི་བརྡ་འཕྲིན་གྱི་ནང་ན་ཡར་སྐུལ་རང་བཞིན་གྱི་བརྡ་འཕྲིན་ཡོད་ལ།རྐུན་མ་ལ་དཔའ་དང་།སྤྱང་ཀི་ལ་རྣ་ཚར།འདོགས་པ་ལྟ་བུའི་ཁྲིམས་མེད་ལུགས་མེད་ཀྱི་བརྡ་འཕྲིན་ཡང་ཡོད་པས།ཀུན་སྤྱོད་དཔེ་ལེགས་མི་སྣ་དང་།ཁྱད་པར་དུ་བྱིས་པའི་སེམས་ཁམས་ཆོས་ཉིད་དང་འཚམ་པའི་ཀུན་སྤྱོད་དཔེ་ལེགས་མི་སྣ་གསར་འཛུགས་དང་དྲིལ་བསྒྲགས།བྱ་འགུལ་སྣ་ཚོགས་སྤེལ་རྒྱུ་ཧ་ཅང་གལ་ཆེ།གཉིས་ནས་ཁྱིམ་ཚང་སློབ་གསོར་དམ་འཛིན་བྱེད་དགོས།སློབ་གྲྭ་ཆུང་འབྲིང་སོ་སོས་ཁྱིམ་ཚང་སློབ་གྲྭ(家庭学校)སྣ་ཚོགས་བཙུགས་ཏེ།བྱིས་པ་ནར་སོན་པའི་གོ་རིམ་ནི་རང་གི་བྱིས་པར་མི་གཞི་ཆགས་པའི་གོ་རིམ་ཞིག་དང་།ཀུན་སྤྱོད་ཆགས་པའི་གོ་རིམ་ཞིགམི་གཤིས་ཆགས་པའི་གོ་རིམ་ཞིགམི་ཚེའི་ཁ་ཕྱོགས་གཏན་འཁེལ་བྱེད་པའི་གོ་རིམ་ཞིག་ཡིན་པ་ལ་ངོས་འཛིན་གསལ་བོ་ཞིག་བྱས་ཏེ།ཆུང་དུས་ནས་དངོས་ཐོག་བདེན་འཚོལ་གྱི་སློབ་གསོ་དང་།གཅིག་རྒུད་གཉིས་འགྱུར་གྱི་སློབ་གསོ།བཟང་ངན་དབྱེ་འབྱེད་ཤེས་པའི་སློབ་གསོ།བསམ་གཞིགས་གཏོང་བའི་སློབ་གསོ།གདེང་འཇོག་བྱེད་མཁས་པའི་སློབ་གསོ།རང་ལ་ཡིད་ཆེས་པའི་སློབ་གསོ།བསམ་བློ་བཙོག་པ་ཡོ་བསྲང་བྱེད་པའི་སློབ་གསོ་སོགས་གཏོང་རྒྱུ་ནི་ཁྱིམ་ཚང་དེའི་བྱིས་པ་ལ་འབྲེལ་བ་ཡོད་པ་མ་ཟད།ཁྱིམ་ཚང་དེ་དང་ཐ་ན་ཁྱིམ་རྒྱུད་དེ་ཧྲིལ་བོར་འབྲེལ་བ་ཡོད་པའི་བྱ་བ་ཞིག་ཡིན་ཏེ།ཕ་མ་ངན་པའི་བུ་ཕྲུག་དང་དགེ་རྒན་ངན་པའི་དགེ་ཕྲུག་ཅེས་པ་ནི་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོའི་མཇུག་འབྲས་བཤད་ཡོད་པས།དེ་ལྟ་མིན་ཚེ་ཕ་མ་ངན་པས་བུ་ཕྲུག་ངན་པ་སྐྱེད་སྲིང་བྱེད་པ་དང་བུ་ཕྲུག་ངན་པ་དེས་ཀྱང་ཕྱི་རབས་པ་ངན་པ་སྐྱེད་སྲིང་བྱེད་ངེས་ཡིན་པས།ཁྱིམ་ཚང་སློབ་གསོར་གཙིགས་ཆེན་བྱེད་རྒྱུ་ནི་ནར་མ་སོན་པའི་ཀུན་སྤྱོད་སློབ་གསོ་འཕེལ་རྒྱས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད།གསུམ་ནས་སློབ་སྔོན་བྱིས་པའི་སློབ་གསོ་ལ་གཙིགས་ཆེན་དང་དམ་འཛིན་བྱེད་དགོས།མིའི་སྟེང་ན་ཀུན་སྤྱོད་འཇོན་ནུས་གཏེར་ཁ་དང་།ཕན་ཚུན་ལ་སྐད་ཆ་བཤད་པའི་འཇོན་ནུས་གཏེར་ཁ།གསར་བཏོད་ཀྱི་འཇོན་ནུས་ཀྱི་གཏེར་ཁ་སོགས་ཕུན་སུམ་ཚོགས་པ་ཞིག་ཡོད་ཀྱང་།གལ་ཏེ་འཇོན་ནུས་ཀྱི་གཏེར་ཁ་དེ་དག་ཆུང་དུས་ནས་དུས་ལྟར་སྔོག་འདོན་མ་བྱས་ན།བྱིས་པ་ལོ་ཚོད་ཇེ་ཆེར་འགྲོ་བ་དང་བསྟུན་ནས་ནུས་པ་དེ་དག་ཇེ་མང་དུ་འགྲོ་བ་མ་ཡིན་པར།དེ་ལས་ལྡོག་སྟེ་བྱིས་པའི་ལོ་ཚོད་འཕར་བ་དང་བསྟུན་ནས་ཀུན་སྤྱོད་འཇོན་ནུས་གཏེར་ཁ།སྐད་ཆ་བཤད་པའི་འཇོན་ནུས་གཏེར་ཁ།གསར་བཏོད་ཀྱི་འཇོན་ནུས་གཏེར་ཁ་སོགས་ཇེ་ཉུང་ནས་ཇེ་ཅུང་དུ་འགྲོ་བཞིན་ཡོད།དཔེར་ན།བྱིས་པ་ཁུ་ལོ་ལོ4སྟེང་གསར་བཏོད་ཀྱི་ནུས་པ་བརྒྱ་ཆ90ཡོད་ན་ཡང་།ལོ10སྟེང་ནུས་པ་དེའི་བརྒྱ་ཆ60ལས་མེད་པ་རེད།དེ་བས།ནར་མ་སོན་པའི་བྱིས་པའི་སློབ་གསོར་དམ་འཛིན་བྱེད་རྒྱུ་ནི་ནར་མ་སོན་པའི་ཀུན་སྤྱོད་སློབ་གསོར་དམ་འཛིན་བྱེད་པའི་ཁག་ཐེག་ཡིན་པས།གཞི་རིམ་བོད་རིགས་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་སོ་སོ་ནས་ནར་མ་སོན་པའི་བྱིས་པའི་འཛིན་གྲྭ་དང་བྱིས་པ་ཁང་གང་མང་བཙུགས་ཏེ།བྱིས་པ་རྣམས་ལ་ཆུང་དུས་ནས་ཚད་ལྡན་གྱི་ཀུན་སྤྱོད་སློབ་གསོ་མྱོང་དུ་འཇུག་རྒྱུ་ནི་མིའི་འཚོ་གནས་ལ་འབྲེལ་བ་གལ་ཆེན་ཡོད་པའི་བྱ་བ་ཞིག་རེད།བཞི་ནས་གཞི་རིམ་གྱི་སློབ་གྲྭ་ཆུང་འབྲིང་སོ་སོས་ཀུན་སྤྱོད་སློབ་གསོར་གཙིགས་ཆེན་དང་།ཀུན་སྤྱོད་སློབ་གསོའི་ནང་དོན་སློབ་ཐུན་རེ་རེའི་དམིགས་ཚད་དུ་བཀོད་དེ།སློབ་ཐུན་རེ་རེའི་ནང་དུ་བྱེད་ཐབས་མི་འདྲ་བའི་སྒོ་ནས་སློབ་གྲོགས་རྣམས་ཀྱི་བསམ་བློ་ཀུན་སྤྱོད་སྤུས་ཚད་སྐྱེད་སྲིང་བྱེད་རྒྱུར་གཙིགས་ཆེན་བྱེད་རྒྱུ་བཅས་ནི་གཞི་རིམ་བོད་རིགས་ས་ཁུལ་གྱི་ནར་མ་སོན་པའི་བྱིས་པའི་ཀུན་སྤྱོད་སློབ་གསོ་སྒྲུབ་ཐབས་དང་ཕན་འབྲས་བཟང་པོ་ཐོབ་པའི་ཐབས་ལམ་གལ་ཆེན་ཞིག་རེད་སྙམ།  །mWxཀྲུང་གོ་བོད་ཀྱི་དྲ་བ།

mWxཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།