ཞོན་ཧྭ་རྡོ་སྦིས་ཡུལ་གྱི་གཉེན་སྲོལ་ལས་བག་མ་སློང་བའི་སྐོར་གླེང་བ།

551fa5f1ccecf83a3eb41b7a2c614227.png8QNཀྲུང་གོ་བོད་ཀྱི་དྲ་བ།

ས་གཞི་གོ་ལ་འདིའི་སྟེང་འཚོ་བཞིན་པའི་མི་རིགས་གང་ཞིག་ཡིན་རུང་མི་རིགས་རང་ཉིད་ལ་དབང་བའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་སྲོལ་རྒྱུན་རིག་གནས་སོགས་ཡོད་ལ། དེ་ནི་མི་རིགས་རང་ཉིད་དུས་རབས་འཕེལ་འགྱུར་གྱི་གོམས་འགྲོས་ཁྲོད་དུ་སྟངས་སྟབས་བརྟན་ཞིང་བརྗིད་པའི་སྒོ་ནས་མདུན་དུ་སྐྱོད་པའི་གཞི་མ་ཡིན།དེ་བས་གངས་ཅན་ཁ་བའི་ལྗོངས་སུ་འཚོ་ཞིང་གནས་པའི་གངས་ཅན་པ་དག་ལ་མཚོན་ནའང་དེ་ལས་མ་འདས་ཏེ་ཕ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་ལས་རིགས་རྒྱུད་མཆེད་པ་ནས་ད་བར་དུ་འཕེལ་ཡོང་བ་དང་འཕེལ་འགྲོ་བཞིན་པའི་དམངས་སྲོལ་རིག་གནས་གྱ་ནོམ་པ་ཞིག་ཡོད། དེར་ཡང་ཁ་དཔེ་ལ་ལུང་བ་རེ་ལ་ཆུ་རེ་དང་། ཡུལ་གྲུ་རེ་ལ་དཔེ་ཟེར་བ་ལྟར་ང་རང་གིས་ཀྱང་འཇིག་རྟེན་རྒད་པོའི་ལྗགས་རྩེ་ལས་ཐོན་པའི་ཞོན་ཧྭ་རྡོ་སྦིས་ཡུལ་གྱི་གཉེན་སྲོལ་ལས་བག་མ་བསུ་སྟངས་ཀྱི་སྐོར་ཅུང་ཟད་བརྗོད་པར་བྱེད་པ་གཤམ་གསལ་ལྟར།8QNཀྲུང་གོ་བོད་ཀྱི་དྲ་བ།

བག་མ་སློང་དུ་འགྲོ་བའི་སྐོར།  8QNཀྲུང་གོ་བོད་ཀྱི་དྲ་བ།

སྤྱིར་བག་མ་སློང་དུ་འགྲོ་བའི་གོ་རིམ་ཁྲོད་དུ་ཚིག་ཆང་དང་རྒྱུ་འདེད། རྒྱུ་གཅོད་སོགས་རིམ་པ་མང་བོ་ཞིག་ཡོད་ལ། འདི་ཚང་མའི་སྔོན་གཉེན་པོ་ཚང་གིས་རང་སྡེ་བའི་ནང་བཤད་ལ་མཁས་པའི་རྒད་པོ་ཞིག་ལ་གོ་རེ་སྣ་གཅི(འདིའི་སྟེང་ཁ་བཏགས་དཀར་པོ་ཞིག་གཡས་སུ་འཁོར་ནས་དཀྲུས་དགོས)དང་སྲེག་ནུ། ཆང་དམ་པུ་གང(འདིའི་ཐོག་ལ་བལ་དཀར་པོ་ཞིག་གཡས་སུ་འཁོར་ནས་དཀྲིས་རྗེས་མདུད་པ་རྒྱག་དགོས་དང་དེའི་སྟེང་འབྲི་མར་མཐེ་བོང་ཙམ་ཞིག་གླགས་དགོས) བཅས་བྱིན་ནས་རྒད་པོ་དེ་བར་བའི་ཚུལ་དུ་བུ་ཆུང་གིས་ཕ་རོལ་གང་ཞིག་འདོད་བློ་ཡོད་པ་དེའི་ཁྱིམ་དུ་བག་མ་སློང་གི་འགྲོ་དགོས་པ་དང་རང་ནུས་ཅི་ཡོད་བཏོན་ནས་ཆང་དམ་པུ་གང་དེ་ཨ་ཞང་ཚང་དུ་འཇོག་ཅི་ཐུབ་བྱ་དགོས། རྒྱུ་མཚན་ནི་ཆང་དེ་འཇོག་ཐུབ་སོང་ན་བུ་མོ་སློང་ཐུབ་ པའི་གོ་སྐབས་ཆེ་རུ་སོང་བ་ཡིན་མོད། འོན་ཀྱང་ཐེངས་དང་པོའ་ིཐོག་འཇོག་ཐུབ་པ་ཧ་ཅང་ཉུང་ཞིང་། གལ་སྲིད་གཉེན་འབྲེལ་འཛིན་འདོད་ཡོད་རུང་དེ་ལས་མ་འདས་ལ། དེ་ནི་ཨ་ཞང་ཚང་གི་རང་གིས་གཉོར་ཞིང་བསྐྱངས་བའི་བུ་མོ་དེ་མ་ཐག་གནས་ཡུལ་ལ་བརྫངས་རྒྱུ་ནི་ལས་སླ་མོ་མིན་པའི་རྟགས་སུ་མངོན། དེ་ལྟར་བར་བ་ཨ་ཞང་ཚང་གིས་སྟེར་རེག་བར་ དུ་ཐེངས་མང་པོ་འགྲོ་དགོས།8QNཀྲུང་གོ་བོད་ཀྱི་དྲ་བ།

༡. ཚིག་ཆང་འཐུང་བའི་སྐོར། ཨ་ཁུ་བར་བས་ལས་ཚེགས་ལ་མ་བལྟས་བར་ཐེངས་མང་བོ་སོང་། གལ་ཏེ་ཨ་ཞང་ཚང་གིས་གནས་ཡུལ་དེ་ལ་འཐད་ན། གནས་འགྲོ་བུ་མོའི་མ་ཞང་ཞིག་གིས་ཆང་ཕང་ཁ་ཕྱེ་ནས་ཚིག་བྱིན་པའི་རྟགས་སུ་ཆང་ཧུབ་གང་འཐུང་བ་ཡིན་པས་འདི་ལ་ཚིག་ཆང་འཐུང་བ་ཟེར།8QNཀྲུང་གོ་བོད་ཀྱི་དྲ་བ།

76579457fbae956c28a1423eb95e10b7.jpg8QNཀྲུང་གོ་བོད་ཀྱི་དྲ་བ།

༢. རྒྱུ་གཅོད་ཀྱི་སྐོར། ཚིག་བྱིན་རྗེས་བར་བ་དང་ཨ་ཞང་ཚང་གཉིས་གྲོས་བསྡུར་བྱས་ནས་རྒྱུའམ་ཨ་མའི་ནུ་རིན་ཅི་ཙམ་ལེན་པ་ཐག་གཅོད་ཀྱི་ཡོད་ལ། སྔོན་ཆད་སྒོར་མོ་ལྔ་བཅུའམ་བརྒྱ་སོགས་ལེན་ལ་ཞོར་དུ་འབྲུ་རིགས་སྒྱེ་གང་སོགས་ལེན་གྱི་ཡོད་མོད། ད་བར་དམངས་ཚོགས་ཚང་མའི་འཚོ་བའི་ཆུ་ཚད་ཇེ་བཟང་ལ་སོང་བ་དང་བསྟུན་ནས་སྒོར་མོའི་ཚད་ཐུག་ཇེ་མཐོ་ལ་སོང་བ་མ་ཟད། ད་དུང་གསེར་གྱི་སྐེད་རྒྱན་དང་རྣ་རྒྱན། དངུལ་གྱི་སྐག་བཅིངས་སོགས་ལེན་པ་ཡིན་ཏེ་འདི་ལ་རྒྱུ་གཅོད་ཟེར།8QNཀྲུང་གོ་བོད་ཀྱི་དྲ་བ།

༣. རྒྱུ་འདེད་པའི་སྐོར། དེར་ཡང་ཧ་ཅང་ཉིན་བཟང་སྐར་བཟང་གི་དུས་ཤིག་ལ། ཨ་ཞང་ཚང་གིས་རང་སྡེ་བའི་ནང་གི་ཁྱིམ་ཚང་རེའི་བུ་གཅིག་རེ་རྒྱུ་ཆང་འཐུང་དུ་འབོད་དགོས་པ་དང་། ཨ་ཁུ་བར་བ་དང་མག་པ། གླུ་བ(གླུ་ཅུང་ཟད་ལེན་ཤེས་དགོས་པ་དང་། གལ་ཏེ་ཨ་ཁུ་བར་བའི་ལེན་ཤེས་ན་མ་ཁྲིད་ནའང་ཆོག གང་ལྟར་མི་གསུམ་གྱི་ཡན་སོང་མི་ཆོག) གསུམ་གྱིས་ཀྱང་གྲོས་ཐག་བཅད་པའི་རྒྱུ་སྟེ། སྒོར་མོ་དང་ཞོར་དུ་ཆང་། དུ་བ་དང་ཁ་ར་སོགས་འཁྱེར་ཡོང་ན་སྡེ་བ་ནང་གི་རྒན་དར་གཞོན་གསུམ་ཚང་མ་ཁྱིམ་དེ་ལ་འཛོམས་ནས་ཟས་ཟ་ཞོར་དང་གླུ་ལེན་རེ་བྱེད་ནས་སྟོན་མོ་རྒྱ་ཆེན་པོ་བྱེད་པ་ཡིན། དེ་ལྟར་ཉིན་གུང་གི་ཟ་མ་ཟོས་རྗེས་ཨ་ཁུ་བར་བས་བུ་མོ་སློང་ཚུལ་གྱི་གོ་རིམ་ཕྲ་ཞིང་ཞིབ་པར་བཤད་དགོས། དཔེར་ན། “དེ་ན་མདུན་ཚོགས་ཐམས་ཅད་ཀྱི་གཉེན་དར་ཞིག་ང་ལ་གཡོར་དང་། ད་ངས་ཁ་བརྡ་ཞིག་ཟེར་གྱི་ཡོད་ནི་མ་རེད་ད། སྤུ་རྒྱལ་པོད་ཀྱི་འགྲོ་སྟངས་དང་པོད་ཁ་བ་ཅན་གྱི་དཔེ་ལྟར་དུ་ཚིག་གསུམ་བཤད་ན། དེ་རིང་སྤྱི་རྒྱ་ལོ་ཡི་ཚེས་པ་དྲུག་གི་ཉིན་མོ། གཡང་མོ་ལུག་གི་ཉིན་མོ། དུས་བཟང་སྐར་བཟང་གི་ཉིན་འདིར། བཀྲ་ཤིས་ཀྱི་བུ་དོན་འགྲུབ་ལ་མཚོན་ན་བུ་རྒྱུད་ཀྱི་མགོ་མ། ཨ་ཞང་རིན་ཆེན་གྱི་བུ་མོ་ལྷ་མོ་ལ་མཚོན་ན་འོ་རྒྱུད་ཀྱི་མགོ་མ། ད་འདི་གཉིས་གཉེན་སྒྲིག་བྱས་ཏེ་གཉེན་སྟོན་བྱེད་པའི་ཉིན་མོར། དེ་དཔེ་ཞིག་བཞག་ན་ལྷ་ཁང་བཞེངས་ནས་གསེར་ཏོག་འཇོག་པའི་ཉིན་མོ། མཆོད་རྟེན་འགྲུབ་ཏེ་ཉི་ཟླ་གཏོད་པའི་ཉིན་མོ། ཟི་ལིང་གྲོང་ཁྱེར་ཆེན་པོ་འདིར་འཚོགས། གྲོང་ཁྱེར་ཆེན་པོ་འདི་ཡིན་རྒྱུ་ན། སྐྱིད་ཉི་མ་གཡས་ཤར་གྱི་ཡུལ་ཞིག སྐྱིད་མཚོ་མོ་ཞོར་འབབ་ཀྱི་ཡུལ་ཞིག  སྐྱིད་ཅན་བོད་ཀྱི་གྲོང་ཁྱེར་ཆེན་པོ་འདིར་མཚོན་ན། ཤར་ཕྱོགས་ན་བྱ་ཁྱུང་དགོན་པ། ཆོས་རྗེ་དོན་འགྲུབ་རིན་ཆེན་གྱི་གདན་ས། རི་ཡག་པོ་ཙོང་ཁའི་སྐྱེས་རི། བོད་ཁ་བ་ཅན་གྱི་བླ་རི།  ཁམས་གསུམ་འགྲོ་བའི་བླ་མ་རྣམས་ཀྱི་འཁྲུངས་ཡུལ།  ལྷོ་ཕྱོགས་ན་སྐུ་འབུམ་བྱམས་པ་གླིང་། སངས་རྒྱས་གཉིས་པ་རྗེ་ཙོང་ཁ་བའི་འཁྲུངས་ཡུལ། ནུབ་ཕྱོགས་ན་མཚོ་ཆུང་ནོར་རུ་བཟང་བོ།  མཚོ་སྙིང་མ་ཧཱ་དེ་བའི་གནས། བྱང་ན་བྱང་གི་དགོན་ཆེན་བཞི། གནས་འདི་ནི་བོད་མཁས་པ་མི་གསུམ་གྱི་གནས། གནས་ཁྱད་པར་ཅན་གྱི་ས་འདི་ན། རྟེན་བྱིན་རླབས་ཅན་ཇི་འདྲ་མང་བོ་མི་བཞུགས་ཟེར་རྒྱུ། ངའི་དེ་འདྲ་མང་བོ་མི་ཤེས་ལ། མ་ཤེས་རུང་འདིར་ཚོགས་ཐམས་ཅད་ཀྱི་ཁ་སེམས་བུ་རྒྱུད་ན་མེད་ལ་ཟེར་རྒྱུ་ཅི་ཡོད།8QNཀྲུང་གོ་བོད་ཀྱི་དྲ་བ།

324caf77b383d6195d69bc4a02e9b477.png8QNཀྲུང་གོ་བོད་ཀྱི་དྲ་བ།

ཡ....ད་དེ་རིང་བདེ་སྐྱིད་ཀྱི་ཉི་མ། བཀྲ་ཤིས་པའི་ཉིན་མོ། བྱ་བ་འགྲུབ་པའི་དུས་བཟང་། འདིའི་སྟེང་འདིར་འཚོགས་ན། གཤོག་ཐོག་གི་རྒྱལ་པོ་བྱ་རྒྱལ་ཁྱུང་དཀར་རོ་ཡིན་ལ། དགུང་གནམ་འཕང་མཐོན་པོ་ཡུལ་གྱི་གཏོད་ན། འཕུར་གདའ་མགྱོགས་གསུམ་བྱ་རྒྱལ་ཁྱུང་ལ་འདྲ། རྔོག་ཐོག་གི་རྒྱལ་པོ་འདོ་རིགས་རྟ་ཡིན་ལ། བྱང་ས་ལམ་རིང་བོ་ཡུན་གྱིས་བཅད་ན། རྒྱུག་མངག་གོམས་གསུམ་འདོ་རིགས་རྟ་ལ་ལྡན། གཅན་གཟན་གྱི་རྒྱལ་པོ་སེང་གེ་ཡིན་ལ། གཅིག་གིས་བཤད་ན་ཀུན་ལ་སྙན། ད་ཉོན་ཟེར་ནས་མགོ་ཟུར་གྱི་རྣ་ལ་བཤད་ན། རྣ་ཕ་རོལ་གྱི་ཉན་ན་ཉན་རྒྱུ་ཡོད་ལ། བལྟས་ཟེར་ནས་ཁྲ་ཆུང་གི་མིག་ལ་བཤད་ན། མིག་ཆ་ག་ཅན་གྱིས་བལྟས་ན་རྒྱང་ཡང་ཆོད། ཉོན་ཟེར་ནས་གངས་དཀར་གྱི་སེང་ལ་བཤད་ན། བསམ་དཀར་ཅན་གྱི་བསམ་པའི་དོན་ཇི་བཞིན་འགྲུབ་ཟེར་རྒྱུ་ཅན་གཟིག་རེད། 8QNཀྲུང་གོ་བོད་ཀྱི་དྲ་བ།

ཡ....ད་དེ་རིང་བདེ་སྐྱིད་ཀྱི་བྱ་བ། འདིའི་སྟེང་ཁ་མ་གཅིག་ཏུ་འཛོམས་ན། གནམ་ལ་བཀྲ་ཤིས་པའི་ཉི་ཟླ་སྐར་གསུམ་ཤར། བར་ལ་བཀྲ་ཤིས་པའི་འཇའ་ཚོན་སྣ་ལྔ་ཤར། ས་ལ་བཀྲ་ཤིས་པའི་རྟ་ནོར་ལུག་གསུམ་སྤེལ་ལ། དེ་རིང་གི་ཁྲོམ་འདི་བཀྲ་ཤིས་པའི་གཡང་ར་ཀུན་མཁྱེན་རྒྱལ་པོ་བཞུགས་གི།  གཏམ་ལ་བཀྲ་ཤིས་པའི་ཁ་གཡང་སྨོན་ལམ་བཞུགས་གི། ད་གཡས་གྲལ་གཡས་ན་བཞུགས་ལ། གཡས་གྲལ་ཉི་མ་ཤར་འདྲ།  དྲོད་ཁོལ་དེ་རིང་འཛོམས་གི    གཡོན་གྲལ་གཡོན་ན་བཞུགས་ལ། གཡོན་གྲལ་ཟླ་བ་ཚེས་འདྲ། བསིལ་ཡང་དེ་རིང་འཛོམས་གི།   བར་གྲལ་བར་ན་བཞུགས་ལ། བར་གྲལ་སྐར་ཚོགས་ཤར་འདྲ། བདེ་སྐྱིད་དེ་རིང་འཛོམས་གི།  ད་གྲལ་མགོ་ན་རྒན་པ་བསོད་ནམས་ཅན་རྣམས་ལྷ་འདྲ་བ་བཞུགས་ལ། གྲལ་སྐེད་ན་གསར་བུ་དཔའ་རྩལ་ཅན་རྣམས་སྟག་འདྲ་བ་བཞུགས་གི།  གྲལ་འདབ་ན་བུ་ཆུང་རིག་པ་ཅན་རྣམས་ཉ་འདྲ་ཞིག་བཞུགས་ལ། གྲལ་རྔ་མ་ན་མ་སྲུ་དུང་ར་ཅན་རྣམས་མཚོ་འདྲ་ཞིག་འཁྱིལ་གི་ཟེར་རྒྱུ་ཅན་གཟིག་རེད། 8QNཀྲུང་གོ་བོད་ཀྱི་དྲ་བ།

868a4628f9e9eee668ea3098f31ce4cb.png8QNཀྲུང་གོ་བོད་ཀྱི་དྲ་བ།

ཡ....ད་སེང་དཀར་མོ་གཡས་ར་ཅན་འདྲ་བའི་རྒྱལ་པོ་བཞུགས་གི།  བྱ་ཁྱུང་ཆེན་སོ་སྒྲ་ཅན་འདྲ་བའི་ཆོས་བཤད་གི སྟག་དར་མ་ཐོང་ཤོམ་ཅན་འདྲ་བའི་གཏམ་བཤད་གི  རྒྱ་རི་རྐྱང་དུང་སོ་ཅན་འདྲ་བའི་ཆང་འདྲེན་གི     བྱ་ཁུ་བྱུག་གསུང་སྙན་ཅན་འདྲ་བའི་གླུ་དགའ་རྩེད་མོ་བྱེད། ད་དེ་རིང་གི་ཁྲོམ་འདི་ན་མཁས་པའི་དབང་བོ། རིག་པའི་རལ་གྲི  ལུང་རྟོགས་ཀྱི་ཡོན་ཏན། ལྷའི་ལྷ་གཡང་གི་བདག་པོ། ལྷའི་དངོས་གྲུབ་འཛོམས་ལ། རྒན་པ་ཚེ་གཡང་གི་བདག་པོ། ལོ་བརྒྱའི་ཚེ་ལ་དབང་བའི་མི། ཕྱུག་པོ་ནོར་གཡང་གི་བདག་པོ། རྣམ་སྲས་བང་མཛོད་ལོན་པའི་མི། བུ་རབས་ཚ་རྒྱུད་ཀྱི་བདག་པོ། བུ་ཚའི་མཐའ་ན་སྐོར་བའི་མི། ཁ་ལས་དབང་གི་བདག་པོ། དབང་ཐང་ལུས་ལ་འཛོམས་པའི་མི། སྐྱིད་དགའ་དཔལ་གསུམ་གྱི་བདག་པོ། ཁྲོམ་ཆེ་ཆུང་སྐྱིད་ལ་སྐུལ་བའི་མི། འདི་མི་རྒན་པ་དབང་ཐང་ཅན་ཞིག་གིས་བཤད་ན། བཤད་པའི་མི་ཡིས་བཤད་ན་བཤད་རྒྱུ་ཡོད་ལ། ཉན་པའི་མི་ཡིས་ཉན་ན་ཉན་རྒྱུ་ཡོད་མོད། ད་མི་ང་འདྲ་བ་ཞིག་གིས། ཁ་གཡང་ཞིག་བོས་ནའང་། རྔ་མ་མགོ་ལ་སྤར། མགོ་རྔ་མ་སྤར་ནས། མགོ་རྐང་འདུས་ནི་ཞིག མགོ་མཇུག་འཕྲོད་ནི་ཞིག་བཤད་ཤེས་ནི་མ་རེད་ད། ཡང་རྣམ་པ་ཐམས་ཅད་ཀྱིས་ཚིག་གསུམ་བཤད་དགོས་ཟེར་ན། ངའི་ཕ་དང་ཨ་ཁུའི་བཀའ་མ་ཆག་པར། ཁ་ཡ་ན་ཟླའི་གསུངས་མ་ཆག་པར། བུ་ར་ཚ་བོའི་ཚིག་མ་ཆག་པར། མ་ར་བུ་མོའི་ངོ་མ་ཆོད་ལ། ད་བཤད་ཟེར་ན། ང་གནའ་གཏམ་བཤད་པའི་གནའ་མི་མ་རེད། དེང་གཏམ་བཤད་པའི་དེང་མཁས་པ་མ་རེད། གཞུག་མ་མཁྱེན་པའི་སངས་རྒྱས་མ་རེད། དེ་མིན་པའི་རྒྱུ་མཚན། དང་པོ་སྐྱེས་སྟོབས་ཀྱི་ཤེས་རབ་མེད་ལ། བར་དུ་ཚིག་སྦྱོར་གྱི་ངག་སྒོ་མེད། མཐའ་མ་རིག་པའི་ཤེས་པ་མེད། སྟེང་འདི་ཡིས་ངའི་ཚིག་གི་བཤད་སྲོལ་ལ། ནོར་འཕྱུགས་དང་ལབ་ཟློས་རེ་བྱུང་དང་ན། གྲལ་མགོ་ཡི་རྒན་པ་སྨྲ་ར་ཅན་ཚོས་ང་བཀའ་བཀྱོན་རེ་གནང་མི་ཉན། གྲལ་སྐེད་ཀྱི་ཕོ་གསར་གདག་པ་ཅན་ཚོས་ང་ཁ་མཆུའི་སྙིང་ཆུ་རེ་གཏོང་མི་ཉན།  གྲལ་རྔ་ཡི་མ་སྲུ་དུང་ར་ཅན་ཚོས་ང་ཧ་ཧ་ར་ཧོ་ཧོ་རེ་ཟེར་མི་ཉན། ད་ལས་ཀྱིས་དར་རྒྱལ(རི་མཐོན་པོ་ཞིག་ གི་མིང་ཡིན། སྔོན་བཙན་པོའ་ིསྐབས་ཀྱི་བློན་དར་རྒྱལ་ཞེས་པ་དེའོ།།)བསང་ལ་འཚོགས་དུས་སུ། གོམས་གསུམ་སྤོས་ནས་རྒྱུག་དགོས་ཟེར་གི།  གོམས་གསུམ་སྤོས་ནས་མ་རྒྱུག་ན། གྱོལ་བོ་ཡི་རང་བཞིན་ཡིན་ཟེར་གི། ནང་ན་ཟླ་ཁྲོམ་ལ་འཚོགས་དུས་སུ། གཏམ་ཚིག་གསུམ་ཁ་ཡིས་བཤད་དགོས་ཟེར་གི།   གཏམ་ཚིག་གསུམ་ཁ་ཡིས་མ་བཤད་ན། ལྐུགས་པ་ཡི་རང་བཞིན་ཟེར་གི  8QNཀྲུང་གོ་བོད་ཀྱི་དྲ་བ།

d41b2d7d95bfb2d29628103efa0e3260.jpg8QNཀྲུང་གོ་བོད་ཀྱི་དྲ་བ།

ཡ་ད་བཤད་ན། དང་པོ་སྐལ་བ་ས་ཡི་ཆགས་སྲོལ། པད་མ་གདན་ལ་བཏིང་ནས་བཤད་ན། ངའི་བཤད་ཤེས་ནི་མ་རེད་ད། ངའི་རྟེན་འབྲེལ་མཚོན་བྱེད་དུ་ཚིག་གསུམ་བཤད་ན། བསྐལ་བ་ས་ནི་ཆགས་དུས་སུ། ས་མ་ཆགས་སྔོན་ལ་ཆུ་ཆགས་ནི་ཟེར་གི།  ཆུ་མ་ཆགས་སྔོན་ལ་རླུང་ཆགས་ནི་ཟེར་གི།  རླུང་རྡོ་རྗེ་རྒྱ་གྲམ་ཐུར་དུ་གཡུགས་ནས། རླུང་གི་དཀྱིལ་འཁོར་ཆགས་ཟེར་གི།  ཕྱི་ཡི་རྒྱ་མཚོ་ཆེན་པོ་ཆགས། མ་ཧ་གསེར་གྱི་རུས་སྦལ་ཆགས། རི་ཡི་རྒྱལ་པོ་རི་རབ་ཆགས། སའི་ལྟེ་བ་རྒྱ་གར་རྡོ་རྗེ་གདན་ཆགས། གནས་བཟང་བོ་བྱ་རྒོད་ཕུང་བོའ་ིརི་ཆགས། ཡ་ད་སྐལ་བ་ས་ཡི་ཆགས་སྲོལ་བཤད་ན་གན་འདྲ་རེད། ད་ངའི་པད་མ་གདན་ལ་བཏིང་ནས་དམ་པའི་ཆོས་ཀྱི་དར་སྲོལ་བཤད་ན། དང་པོ་སངས་རྒྱས་འཁོར་བ་འཇིག་འཇིག་རྟེན་དུ་བྱོན་ཞིང་། དམ་པའི་ཆོས་ཀྱི་འཁོར་ལོ་དང་པོ་སྐོར། གཉིས་པ་སངས་རྒྱས་གསེར་ཐུབ་འཇིག་རྟེན་དུ་བྱོན་ཞིང་། དམ་པའི་ཆོས་ཀྱི་འཁོར་ལོ་གཉིས་པ་སྐོར། གསུམ་པ་སངས་རྒྱས་འོད་སྲུངས་འཇིག་རྟེན་དུ་བྱོན། དམཔའི་ཆོས་ཀྱི་འཁོར་ལོ་གསུམ་པ་སྐོར། སྙིགས་མ་ལྔ་བདོ་ཡི་དུས། མི་ཡི་ཚེ་ལོ་བརྒྱ་བའི་དུས་སུ། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཁྲུངས། ཁོང་རྒྱལ་པོ་སྲས་གཙང་གི་སྲས་སུ་འཁྲུངས། དགུང་ལོ་ཉི་ཤུ་ཉེར་དགུ་བར་དུ་རྒྱལ་སྲིད་བསྐྱངས། དགུང་ལོ་སུམ་ཅུ་སོ་ལྔ་ཐོག་མངོན་པར་རྫོགས་པའི་སངས་རྒྱས། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་སྐོར།  བཀའ་གཉིས་པ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་སྐོར། བཀའ་གསུམ་པ་མཚན་ཉིད་མེད་པའི་ཆོས་འཁོར་སྐོར། ཆོས་ཀྱི་འཁོར་ལོ་རིམ་གསུམ་སྐོར། དེ་ནས་འཛམ་གླིང་རྒྱན་དྲུག་མཆོག་གཉིས་འཁྲུངས། རྒྱ་གར་གྲུབ་ཆེན་བརྒྱད་བཅུ་བྱོན། བསྟན་འཛིན་གྱི་སྐྱེས་བུ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྐར་ཚོགས་ལྟ་བུ་བྱོན། ཁྱད་པར་དུ་སངས་རྒྱས་བྱང་སེམས་མང་བའི་ལུང་བསྟན་པའི་གནས། འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས། བོད་ཁ་བ་ཅན་གྱི་ཡུལ་ལྗོངས་འདིར། གངས་རི་ཤེལ་གྱི་མཆོད་རྟེན་ལྟ་བུས་ཡོངས་སུ་བསྐོར། མཚོ་དམའ་མོ་གཡུ་ཡི་མཎྡིལ་ཕྲ་བཏབ་པ། སྟོད་ན་མངའ་རིས་སྐོར་གསུམ། བར་ན་དབུས་གཙང་རི་བཞི། སྨད་ན་མདོ་ཁམས་སྒང་དྲུག བྱང་ན་ འཇང་རིགས་སྡེ་བཞི། ས་ཡི་ཐོག་མ་ཡར་ཀླུང་ས་ཆ། མཁར་གྱི་ཐོག་མ་ཡུམ་བུ་བླ་སྒང་། རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ། རྒྱལ་རབས་བཞི་ཅུ་ཞེ་གཉིས་པྱོན་ཞིང་། ད་རེ་རེ་བཞིན་ཟེར་ན་ཤེས་ནི་མ་རེད་ད། རྒྱལ་རབས་ཉི་ཤུ་ཉེར་བདུན་ཐོག འཕགས་པ་ཀུན་ཏུ་བཟང་བོའི་སྤྲུལ་བ། ལྷ་ཐོ་ཐོ་རུ་གཉན་བཙན་འཁྲུངས་ཤིང་། གཉེན་པོ་གསང་བ་ལ་མཆོད་དུས། བོད་ཡུལ་དུ་ཆོས་རྒྱལ་བསྟན་པའི་དབུ་བརྙེས། དེ་ནས་ཆོས་རྒྱལ་མེས་དབོན་རྣམ་གསུམ་འཁྲུངས་ཤིང་། རྒྱལ་པོ་སྲོང་བཙན་སྒམ་པོ་ས་མོ་གླང་གི་ལོ་ལ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་གྱི་སྟེང་དུ་སྲིད་བསྐྱངས། ཕྱི་བློན་སྟོང་གིས་ཕྱི་ཡི་བྱ་བ་ བྱས། ནང་བློན་བརྒྱ་ཡིས་ནང་གི་བྱ་བ་བྱས། བློན་ཆེ་ཁག་དྲུག་གིས་མདུན་གྱི་བྱ་བ་བྱས། སྟོད་རྒྱ་གར་ཆུ་བོ་གང་གཱ་ཚུན་ཆད་དེ། བོད་ཁ་བ་ཅན་གྱི་མངའ་འོག་ལ་བསྡུས་ནས། ལི་ཡུལ་གྱི་ལྕང་ར་སྨུག་པོ་དེ། བོད་ཁ་བ་ཅན་གྱི་དབང་ལ་བསྡུས་ནས། ཁྲལ་གྱི་བྱང་བུ་གཏན་ལ་ཕབ། ད་བོད་འདི་དར་དུས་སུ། མངའ་ཐང་ལྡན་དུས་སུ་བཤད་ན་འདི་འདྲ་རེད་ཟེར་རྒྱུ་ཅན་གཟིག་རེད།8QNཀྲུང་གོ་བོད་ཀྱི་དྲ་བ།

ba56081d69e5cc55742b87f9a3ac80ec.png8QNཀྲུང་གོ་བོད་ཀྱི་དྲ་བ།

 ཡ.…ད་ཟས་རི་རབ་འདྲ་ཞིག་བརྩིགས་ཤིང་། རྒོད་པོ་ཡིན་པ་ལྡིང་མི་ཆོད་ལ། ཇ་ཆང་གི་རྒྱ་མཚོ་འདྲ་རེ་བསྐྱིལ་ན། ཉ་སྲན་ཡིན་པ་བསྐྱལ་མི་ཐུབ། ད་ཟས་རི་རབ་འདྲ་རེ་བརྩིགས་ན། ཟས་ཟ་བའི་མགོ་མ་མཆོད་ཁ་ཡིན་ཟེར་གི། མཆོད་ གསུམ་མ་འཕང་ན་ཟ་སྲོལ་མེད་ཟེར་གི། གཏམ་གྱི་མགོ་མ་རྩེད་མོ་ཡིན་ཟེར་གི། རྩེད་མོ་མ་རྩེད་ན་བཤད་སྲོལ་མེད་ཟེར་གི། ད་ངའི་རྩེད་མོ་འདྲ་རེ་རྩེད་ནས། དགོད་ཀྱི་འདྲ་རེ་རྩེང(ཤོར)་ན། ངའི་མཛུབ་གུ་གསེར་ཐུར་ཡིན་པ་ཁྱོད་ཀྱང་དགའ་ལ། ངས་ཕོ་ལྷ་མཆོད། ཕོ་ལྷ་རྒྱ་སྟག་ཁྲ་མོ་མཆོད། ངས་མོ་ལྷ་མཆོད། མོ་ལྷ་དུང་ཆུང་དཀར་མོ་མཆོད། ཤར་གྱི་སྒོ་སྲུང་བདུད་ཀྱི་གཉན་པོ་མཆོད། ལྷོ་ཡི་སྒོ་སྲུང་མཛད་བུ་གསེར་ཐུབ་མཆོད། ནུབ་ཀྱི་སྒོ་སྲུང་ཀླུ་རིགས་ཐོ་དཀར་མཆོད། བྱང་གི་སྒོ་སྲུང་ཕ་ལུང་གྲུ་བཞིར་མཆོད། ད་མཆོད་དང་པོ་དགུང་ཨ་སྔོན་གནམ་ལ་མཆོད་དགོས་ཟེར། དགུང་ཨ་སྔོན་འདི་མཆོད་ནས་བཀུར་དགོས་པ་ནི། ཡུལ་ཁམས་སྡེ་བརྒྱད་ཀྱི་ནམ་ལངས་ས་ཡིན་ཟེར་གི། ལྷ་མི་ཆེ་ཆུང་ལྷ་ཆེན་གྱི་བཞུགས་ས་ཡིན་ཟེར་གི། འབྲུག་ཕོ་ཆུང་གིས་གནམ་གྱི་སྐད་སྒྲ་རེ་སྒྲོགས་ན། ས་དོག་མོ་འདིར་བཏབ་པའི་ལོ་ཏོག་བྱུང་ནས། མ་བཏབ་ཀྱི་ལྡུམ་ཏོག་སྐྱེས་ནས། རྩི་ཤིང་ལོ་ཏོག་ཐམས་ཅད་ཀྱི་ལོ་མ་རྒྱས་ནི་རེད་ཟེར་རྒྱུ། མཆོད་གཉིས་པ་འདི་བར་སྣང་ཁམས་ལ་མཆོད་དགོས་ཟེར། དགུང་བར་སྣང་འདི་མཆོད་ནས་བཀུར་དགོས་པ་ནི། ཉི་ཟླ་སྐར་གསུམ་གྱི་ཤར་ས་ཡིན་ཟེར་གི།  རླུང་རྡོ་རྗེ་རྒྱ་གྲམ་གྱི་ཆགས་ས་ཡིན་ཟེར་གི།  སྤྲིན་རླུང་ཕྱུགས་མོ་འཐིབས་ས་ཡིན་ཟེར་གི།  བསེར་བུ་རླུང་གི་གཡུགས་ས་ཡིན་ཟེར་གི།  རླུང་རྟ་བར་སྣང་གི་རྒྱུགས་ས་ཡིན་ཟེར་གི།  དེ་ང་ཚོ་མགོ་ནག་མི་ཡིས་བསང་གསུམ་བསྟོད་དེ་དགུང་ལ་མཆོད་ན། ཆོས་སྐྱོང་སྡེ་བརྒྱད་མ་ཡིན་པའི་ལྷ་མ་ཡིན་རྣམས་ཀྱི་བཞུགས་ས་ཡིན་ཟེར་གི། མཆོད་གསུམ་པ་འདི་ས་དོག་མོ་མཆོད་དགོས་ཟེར། ས་དོག་མོ་མཆོད་ནས་བཀུར་དགོས་པ་ནི། སའི་སྙིང་བོ་རི་རྒྱལ་ལྷུན་པོ་ཡི་ཆགས་ས་ཡིན་ཟེར་གི། རྐང་གི་སག་ལམ་གྱི་གཏོད་ས་ཡིན་ཟེར་གི།  ཤིང་གི་སྙིང་བོ་སྡོང་ཕྲུག་ཕྲ་མོའ་ིསྐྱེས་ས་ཡིན་ཟེར་གི།  རྩེ་མོ་རྒྱས་ནས་དགུང་ལ་ཟུག་ན། བྱ་རྒྱལ་ཁྱུང་གི་འཕུར་ལམ་འགོག་ཟེར་གི།  ལོ་མ་རྒྱས་ནས་བར་སྣང་གང་ན། སེར་བུ་རླུང་གི་གཡུགས་ལམ་འགོག་ཟེར་གི།  རྩད་པ་རྒྱས་ནས་ས་གཞི་གང་ན། འདོ་རིགས་རྟ་ཡི་རྒྱུགས་ལམ་འགོག་ཟེར་གི།  ཤ་དང་ཡུ་མོ་མ་བུ་འཚོགས་ས་ཡིན་ཟེར་གི།  ཤ་དང་རྒོད་བ་མ་བུ་གཤར་ལམ་ཡིན་ཟེར་གི།  བུ་ཆུང་གི་རྩེད་ས་ཡིན་ཟེར་གི།  སྲིང་ཆུང་གི་མེ་ཏོག་འཐུ་ས་ཡིན་ཟེར་གི།  དགེ་འདུན་ཚོགས་པ་འཚོགས་ས་ཡིན་ཟེར་གི།  ཆོས་ཀྱི་འཁོར་ལོ་བསྐོར་ས་ཡིན་ཟེར་གི། སངས་རྒྱས་ཀྱི་བསྟན་པ་དར་ས་ཡིན་ཟེར་གི།  བདག་ཅག་གི་སྐལ་བ་ལྡན་ས་ཡིན་ཟེར་གི།  སྤྱིར་ཁམས་གསུམ་འགྲོ་བ་རིགས་དྲུག  མ་གྱུར་སེམས་ཅད་ཐམས་ཅད་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་ནས། བདག་ཅག་གི་སྐལ་བ་འདྲ་རེ་ལྡན་ཟེར་རྒྱུ་ཅན་གཟིག་རེད། 8QNཀྲུང་གོ་བོད་ཀྱི་དྲ་བ།

8f202537dec50d45b0a41c7e6684e613.png8QNཀྲུང་གོ་བོད་ཀྱི་དྲ་བ།

ཡ.…ད་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྐལ་བ་བཟང་བོ་འདི་ཡི་དུས་སུ་འཇིག་རྟེན་གྱི་ཡུལ་ལ་གཉེན་དར་ཞིང་། གཉེན་གྱི་དར་བ་རྣམ་གསུམ་ངའི་མདོར་ཙམ་བཤད་ན། དང་པོ་གནམ་ས་གཉིས་ཀྱིས་གཉེན་བཟུང་ཞིང་། ནམ་མཁས་སྲས་མོ་སྤྲིན་གྱི་མེ་ཏོག་སྟེ། ས་འཛིན་མག་པ་ཆེན་པོར་མནའ་མ་བྱིན་ལ། ནོར་འཛིན་རི་རྒྱལ་ལྷུན་པོ་མག་པ་བྱེད་ནས། དུས་ཀྱི་རྒྱལ་མོ་བར་བ་བྱེད་ལ། ལྷ་མོ་དབྱངས་ཅན་མ་ཡིས་བག་རོགས་བྱས་ནས། ལྷ་མཚོ་སྔོན་མོའ་ིགོས་གོན་ལ། འཇའ་ཚོན་སྣ་ལྔའི་སྐེ་རགས་བཅིངས་ནས། རིན་ཆེན་སྣ་ལྔའི་རྒྱན་ཆ་བཏགས་ལ། ཡིད་བཞིན་ནོར་བུའི་རྫོངས་པ་བྱེད་ནས། ཕྱིའི་རྒྱལ་པོའི་མགྲོན་པོ་བྱེད་ལ། རྒྱལ་ཆེན་སྡེ་བཞི་མགྲོན་ལ་ཡོང་ནས་གནམ་ས་གཉིས་ཀྱི་སྟོན་མོ་འཐུང་ཟེར། འདིའི་རྗེས་འཇུག་དེ་དེད་ནས། ལྷ་ཀླུ་གཉིས་ཀྱི་གཉེན་བཟུང་ཞིང་། ལྷའི་སྲས་མོ་འཆི་མེད་དབང་བོ་སྟེ། ཀླུ་རྒྱལ་གཙུག་ན་རིན་ཆེན་ལ་མནའ་མ་བྱིན་ལ། ཀླུ་ཆེན་པད་མ་ཆེན་པོ་མག་པ་བྱེད་ནས། ཀླུ་རྒྱལ་དུང་ཆུང་དཀར་པོ་བར་བ་བྱེད་ལ། ལྷ་མཚོ་སྔོན་མོའ་ིགོས་གོན་ནས། མེ་ཏོག་པད་མའི་སྐེ་རགས་བཅིངས་ལ། དགུང་ཉི་ཟླ་གཉིས་ལ་མགྲོན་བྱེད་ནས། རྒྱལ་ཆེན་སྡེ་བཞི་མགྲོན་དུ་ཡོང་ལ། ལྷ་ཀླུ་གཉིས་ཀྱི་སྟོན་མོ་འཐུང་བ་ཡིན། འདིའི་རྗེས་འཇུག་དེ་དེད་ནས། རྒྱ་བོད་གཉིས་ཀྱི་གཉེན་བཟུང་ཞིང་། ཐང་རྒྱལ་པོ་ཀོང་ཇོ་སྲས་མོ་དེ། བོད་ཀྱི་རྒྱལ་པོ་གནམ་རི་སྲོང་བཙན་ལ་མནའ་མ་བྱིན་ལ། རྒྱལ་པོ་སྲོང་བཙན་སྒམ་པོ་མག་པ་བྱེད་ནས། བློན་པོ་མགར་དམ་པ་བར་བ་བྱེད་ལ། ཟ་འོག་སྣ་ཚོགས་ཀྱི་གོས་གོན་ནས། ལུང་ དར་ཚོན་སྣ་ལྔའི་སྐེ་རགས་བཅིངས་ལ། གསེར་དངུལ་མུ་ཏིག་སྣ་ཚོགས་ཀྱི་རྒྱན་ཆ་བཏགས་ནས། ཇོ་བོ་ཡིད་བཞིན་ནོར་བུའི་རྫོངས་པ་བྱེད་ནས། བློན་པོ་ལུས་དེ་ཐོང་མགྲོན་བྱེད་ནས། རྒྱའི་རྟ་བ་ལྔ་བརྒྱ་མགྲོན་ན་ཡོང་ཞིང་། རྒྱ་བོད་གཉིས་ཀྱི་གཉེན་བཟུང་ལ། དེ་ནས་ཁ་བ་ཅན་གྱི་ཡུལ་གྲུ་འདིར། བདེ་སྐྱིད་ཉི་མ་ཤར་ནས། བདག་ཅག་གི་སྐལ་བ་འདྲ་རེ་ལྡན་ཟེར་གི། 8QNཀྲུང་གོ་བོད་ཀྱི་དྲ་བ།

b7f7fbb0e68ddbc0f2f0f48644650c90.jpg8QNཀྲུང་གོ་བོད་ཀྱི་དྲ་བ།

ཡ.…ད་བོད་ཁ་བ་ཅན་འདི་རྟགས་དང་རྟེན་འབྲེལ་གྱི་བདག་པོ་ཡིན་ལ། རྟེན་འབྲེལ་དང་མཐུན་པ་བྱེད་ནས། སྟོད་རི་རྒྱུད་དེད་དེ་དཔའ་མཁར་གཏད་ན། བལ་དཀར་པོའི་དམུ་གདགས་འཐེན་ན་ཡག་གི།  སྨད་ཆུ་རྒྱུད་དེད་དེ་ཟམ་པ་ཕང་ན། ལྕགས་བུ་རྟ་གཉིས་ཀ་གཤར་ན་ཡག་གི།  བར་མི་རྒྱུད་དེད་དེ་གཉེན་ཉེ་བཟུང་ན། གཉེན་ཕན་ཚུན་གྱི་ཁ་སེམས་མཐུན་ན་ཡག་གི།  ཡག་གསུམ་ཡག་གི་མཐུན་པ་བསྒྲིགས་ན། གྲ་ཁ་ཡག་གི་ཝ་མོ་དེ། སྐྱེལ་སའི་རླུང་ལ་བརྒྱུད་ན་ཡག་གི།  ཚིག་སྒོ་ཡག་གི་བར་བ་དེ། ཞང་མཛད་ཀྱི་བར་ལ་བརྒྱུད་ན་ཡག་གི།   དེ་ན་འཁོར་བ་སྐྱོང་གི་བུ་ཞིག་ཡོད་དང་ན། ཐབ་ཀ་སྲུང་གི་མ་ཞིག་བཙལ་དགོས་པ། སྤུར་རྒྱལ་པོད་ཀྱི་དར་སྲོལ་རེད། སྲིད་པ་རྒན་བོའ་ིཚོང་ཆེན་རེད། སྟེང་འདི་ཡིས་བཀྲ་ཤིས་ཀྱི་བུ་དོན་འགྲུབ་ལ་ཁལ་གཅིག་གི་དོ་ཡ། ཚེ་གཅིག་གི་སྐྱ་ཡ། མཛོ་གཡག་གཉིས་ཀྱི་གཉའ་ཡ། ཐི་གུ་འཁེལ་རྒྱུ་ཡི་སྐྱ་ཡ། སྐྱིད་ཀྱི་སྐྱིད་གྲོགས། སྡུག་གི་སྡུག་གྲོགས། འདི་འདྲའི་ཁོ་ལ་སྐྱིད་སྡུག་ཉན་པའི་བཟའ་ཚང་ཞིག་བཙའ་དགོས་ཟེར་ནས། བླ་མ་ལུང་བསྟན་ཅན་ལ་ལུང་བསྟན་ནས། སྔགས་པ་ར་བ་ཅན་ལ་རྩིས་བྱས་ན། མོ་དང་ལུང་བསྟན་ལྷན་དུ་བབས་ལ། རྒན་རྒོན་གཉིས་ཀྱིས་ཀྱང་། ཉིན་མོ་ཡི་རྟགས་ལ་བལྟས་ནས། ནུབ་མོ་ཡི་རྨི་ལམ་ལ་བརྟག་ན། རྟགས་རྨི་ལམ་གཉིས་ཀ་ཐོ་ཐུག་ནས། ད་གང་ལྟར་ཁྲི་ཀའི་ཡུལ་ལྗོངས་འདི་ཡི། ཨ་ཞང་རིན་ཆེན་གྱི་ཞི་མོ་འདི། བུ་ཆུང་དོན་འགྲུབ་ལ་མཚོན་ན། སྐྱིད་ཀྱི་སྐྱིད་གྲོགས། སྡུག་གི་སྡུག་གྲོགས། སྐྱིད་པའི་ཉི་མ། སྐྱིད་ཀྱི་ཧ་ཅ་རྒྱགས་རོགས། སྡུག་གི་ཉི་མ། སྡུག་གི་སེམས་གཏམ་བསྟན་རོགས། མི་ཚེ་ཡི་མཐའ་རྒྱ་འདི་ཡི་ཕུག་ལ་རྒན་རྒོན་གཉིས་ཡིན་ནའང་། རྒས་དུས་རྒུད་དུས་ཞིག་ལ། ཡར་ལ་འགྲོ་བའི་རྐང་རྟེན། ཐུར་ལ་འབབ་པའི་ལག་རྟེན། ལག་མགོ་ལ་ཆུ་བླུགས་ནི་ཞིག ལག་འོག་ལ་མེ་འབུད་ནི་ཞིག ཕ་མའི་ཚེགས་ལས་བྱེད་གྲོགས་འདི་ཡིས་ཉན་གི་ཟེར་ནས། བོད་ལོ་ཚེས་པ་དྲུག་གི་ཉིན་མོར། ངས་ཁ་བཏགས་དཀར་པོ་གཡས་ལ་བཟུང་ནས། བདུད་བརྩི་སྔོན་མོ་གཡོན་ལ་བཟུང་ནས། ཆུ་རྨ་ཆུའི་བཞུར་མགོ་ལ་བལྟས་ནས། ཁྲི་ཀའི་ཡུལ་ལྗོངས་འདི་ཡི། ཨ་ཞང་རིན་ཆེན་ཚང་གི་སྒོ་ཁར་ཡོང་ནས་གོ་ཁར་བཙོག་ནས། ཡ་ད་ང་རང་ཉིད་ཡིན་རྒྱུ་ན། མི་བར་ཞིག་མ་ཟད་སྲོག་བར་ཞིག་ལའང་སོང་ནི་ཡོད་ནི་མ་རེད་ད། ལས་ཀྱིས་འདི་འདྲ་ཞིག་གི་ཐོག་ལ་བུད་སོང་ན། ཨེ་ཤེས་དང་མི་ཤེས་བྱེད་ནས། གང་ལ་དེད་ན་ཨ་ཞང་ལོ་ལོ་མགོ་ལ་བཞག་ནས། ཨ་ནེ་དྲིན་ཅན་སྐེད་ལ་བཞག་ནས། ང་ཁྱེད་ཚང་གི་སྒོ་ཁར་ཡོང་ནས་གོ་ཁར་བཙོག་དོན་ཅི་ཡིན་ཟེར་ན། གསེར་གྱི་ཐོ་བ་ལེན་གི་ཡོང་ནི། དངུལ་གྱི་ཀ་བ་འབལ་བར་ཡོང་ནི། ཁྱོད་ཕ་བཟང་གི་བུ་མོ་སློང་གི་ཡོང་ནི། ངའི་ཚང་ཡིན་རྒྱུ་ན་བླ་མ་ལུང་བསྟན་ཅན་ལ་ལུང་བསྟན་ནས། སྔགས་པ་ར་བ་ཅན་ལ་རྩིས་བྱེད་ན། མོ་དང་ལུང་བསྟན་ལྷན་དུ་བབས་རེ། འདི་འདྲ་ཡི་རྟེན་འབྲེལ་ཐོག་ཁྱེད་ཚང་གི་སྒོ་ཁར་ཡོང་དོན་དེ་ལྟར་ཡིན། ཁྱོད་ཨ་ཞང་བཀྲ་ཤིས་ལ་མཚོན་ནའང་། ཁྱོད་འཇིག་རྟེན་རྒད་པོ་རེད། ཁ་གདང་ན་ཁོག་པ་རིག་ལ། མིག་བཙུམ་ན་ཕྱི་མ་མཁྱེན་ནོ།།  འཇིག་རྟེན་འདིའི་བུ་རྒྱུད་ཀྱི་བྱ་བ་ཐམས་ཅད་མི་ཤེས་ནི་ཡོད་ནི་མ་རེད། ཞི་མོ་ལ་མཚོན་ན་གྱོ་པུས་མར་བཏུམ་པ། རྒྱུ་མས་ཚིལ་བཏུམ་འདྲ། མོ་རང་ག་འཐད་པ་ཡིན་ན། ཕ་མའི་ཞི་མོ་ཡི་འདོད་ཐོག་ལ་འཇོག་དགོས་ལ། དེ་ད་བར་ཡིན་ན་དེང་གི་སྲིད་ཇུས་ཐོག་རང་འཐད་ཀྱི་གཉེན་སྒྲིག་རེད། སྔོན་ཆད་ཡིན་ནའང་ཞི་མོ་འཐད་ས་དུང་ས་ཞིག་ལ་སྟེར་དགོས་པ་ནི་འཇིག་རྟེན་གྱི་འགྲོ་རིམ་རེད། སྟེང་འདི་ཡིས་ང་ཁྱེད་ཚང་ལ་ཡོང་བའི་རྒྱུ་མཚན་དེ་ཡིན། ཡ་ད་ཨ་ཞང་དྲིན་ཅན་པོ། སྐལ་ལྡན་པོ། དེ་རིང་ང་སེམས་ན་འཛིན་རྒྱུའི་ཚིག་ཅིག  རུམ་ན་བཟུང་རྒྱུའི་བྲོ་ཞིག་སྟེར་མིན་ཨ་ཞང་ཁྱོད་ཅིག་ཐུག་ཟེར་ནས་ངའི་ཞུ་བ་དེ་ལྟར་བྱེད།  8QNཀྲུང་གོ་བོད་ཀྱི་དྲ་བ།

6d3e56866b5307f566c70d51ba53e257.png8QNཀྲུང་གོ་བོད་ཀྱི་དྲ་བ།

ཡ་ད་ཨ་ཞང་ཚང་གི་ཅི་ཞིག་གསུངས་ཟེར་ན། འདི་སྲིད་པའི་ཚོང་ཆེན་རེད། རང་ཁེད་ཀྱི་རྟ་ཚོང་ནོར་ཚོང་མ་རེད། གསེར་སྲང་སྟོང་གི་མི་རེད། ངའི་ཞི་མོ་ཡིན་རྒྱུ་ན། བུ་ཕྲུག་ནང་གི་ཆུང་ཕྱོགས་ཡིན། ངའི་ཡ་ཐོད་ཀྱི་མིག་ཡིན། གངས་དཀར་གྱི་སེམས་ཡིན། སེམས་འབལ་ནས་སྟེར་སྲོག་གི་མི་ཆོད་གི ལག་མགོ་ཡི་ཆ་ཡིན་ལག་བཅད་རེ་སྟེར་སྲོག་གི་མི་ཆོད་གི ཡིན་ནའང་ཞ་ཡིས་ཁོ་གཉིས་གཅིག་གི་གཅིག་ལ་འཐད་པ་བྱུང་དང་ན། ཐུར་འཆོལ་རྒྱགས་སྲོལ་ཡོད་ནི་མ་རེད་ད། དེ་རིང་ངའི་ཁུང་དབང་ནང་གི་ཅིག་ཆོད་བྱེད་ནས། ཁྱོད་སེམས་ལ་འཛིན་རྒྱུའི་ཚིག་ཞིག རུམ་ན་འཛིན་རྒྱུའི་བྲོ་ཞིག་སྟེར་གྱི་མེད། ངའི་ཀླད་པའི་གཙུག་གི་མན་ཆད། རྐང་པའི་མཐིལ་གྱི་ཡན་ཆད། འདི་འདྲའི་འདྲ་ས་འགའ་རེ་ཡོད། དེ་ཡིན་ན་གཞུག་གི་ཕྱི་སྐོར་རེ་རྒྱོབས་ད། ང་ཚོས་གྲོས་ཁ་རེག་གསུམ་རེ་བྱེད་ཟེར་ནས་སྔ་ མ་དེ་ལྟར་བསྐྱིས། དེ་ནས་ང་རང་གིས་ཀྱང་ཨ་ཞང་ཚང་གི་ཕྱོགས་ནས་བཟང་གསུང་འབུམ་བརྩི་བརྩི་དང་། དགེ་ལབ་ཙེ་བསྟོད་བསྟོད་བྱེད་ནས། ཁོ་ཚོ་དེ་ལྟར་བཤད། དེར་ཡང་རྒྱ་ལོ་ཚེས་པ་དྲུག་གི་ཉིན་མོ། ཕྱི་སྐོར་རེ་བརྒྱབ་ན། ཨ་ཞང་ཚང་ལ་ངེས་ངེས་མར་འཁོར་ནས་འགྲུལ་བ་ཇ་གང་བཙོག་ཡོད། ཡར་འཁོར་ནས་མགྲོན་པོ་ཁྱིམ་གང་འཚོགས་ཡོད། ད་ཨ་ཞང་ཚང་གི་ཅི་གསུངས་ཟེར་ན། ངའི་སྟོད་ལྷ་ཡུལ་གྱི་ཡུལ་ལ་འབོད་པ་མངག་ལ། སྨད་ཀླུ་ཡུལ་གྱི་ཡུལ་ལ་སྐུལ་མ་བཏང་ནི།།  ཞི་མོ་འདིའི་ཤ་རུས་པ་ཡི་བདག་པོ། ཤ་ཡི་དེད་ན་ནག་སོ། རུས་པའི་དེད་ན་དཀར་རོ།།  མཁས་ཅན་དབང་ཅན་ཐམས་ཅད་ལ་ཁ་འདྲི་བློ་འདྲི་རེ་བྱེད་ནས། ང་ཚོའི་ཕྱི་གྲོས་རེག་མོ་དང་། ནང་གྲོས་འཇུག་མོ་བྱེད་ན། བྱིས་པ་རང་འཐད་པ་ཡིན་ན། ཐུར་འཆོལ་མི་རྒྱག་ཟེར་ནས་ཞི་མོ་འདི་ཁྱེད་ཚང་ལ་བྱིན་དང་ཟེར། ཚིག་བྱིན་དང་ན། སྔོན་ཆད་ཡིན་ན་འདིའི་ཐོག་ར་རིམ་པ་ཅན་གྱི་འགྲོ་སྲོལ་དང་གོས་མཐུན་པ་ཅན་གྱི་འགྲོ་སྲོལ་ཡོད་ལ། དང་པོ་ཡི་ན་གྱན་ཀ   དེ་ནས་ཚིག་ཆང་། མག་འཛུལ། རྒྱུ་གཅོད་དང་རྒྱུ་འདེད་སོགས་རིམ་པ་མང་པོ་ཡོད་ནི་རེད་ད། ང་ཚོས་རིང་བོ་འབྲིང་བ་བཅའ། འབྲིང་བོ་ཆུང་བ་བཅའ། ཆུང་བོ་མེད་ནི་བཅོས་ནས། བྱ་བ་གོ་བདེ་བྱེད་ནས། དོན་དག་སྟབས་བདེ་བྱེད་ནས། འདི་ཐམས་ཅད་པོ་ཞལ་གསུངས་ཀུན་འདུས་གཅིག་ལ་བསྡུས་ནས། དེ་རིང་རྒྱུ་གཅོད་རྒྱུ་འདེད་གཉིས་ཞོར་རྒྱ་ཞོར་གཅིག་ཡིན་ལ། དེ་ཡིན་ན། ད་རྟ་ཕོ་ཞིག་གི་གོང་ཚོད་རེད། མི་བོ་ཞིག་གི་རིན་ཐང་རེད། འདི་གསེར་སྲང་སྟོང་གི་མི་རེད། ངའི་ཞི་མོ་འདི་ལ་དགོས་ནི་མཁོ་ནི་རྣམས་བཤད་ན། སྨད་རྒྱ་ནག་ཡུལ་གྱི་གོས་དགོས། གོས་གཅིག་རུང་ཐིག་ལེ་མི་གཅིག་ནི་ཞིག་དགོས། སྟོད་ལྷ་སའི་ཡུལ་གྱི་ཕྲུག་དགོས། ཕྲུག་གཅིག་རུང་ཐིག་ལེ་མི་གཅིག་ནི་ཞིག་དགོས། དངུལ་ལྔ་བཅུ་མ་ཡིས་ཁྲི་བརྩིགས་ བརྩིགས་བྱེད་དགོས། ཤོག་དངུལ་སྒོར་བརྒྱ་ཤོག་ཅན་གྱིས་ཆོས་བརྩིགས་བརྩིགས་བྱེད་དགོས། ད་རུང་དེ་ཡིས་མི་ཆོག མཛོ་ཁྱུང་དཀར་གྱི་ར་སྣེ་གསེར་གྱིས་ཤན་ནས། དགུང་སྔོན་པོ་ཐུག་ན་སང་སྒྲ་གྲགས་ནི་ཞིག  དེ་ནང་གི་བྲེ་སེར་འབྲོང་ ཞིག་ཡོང་དགོས། རྟ་འདོ་བའོ་སྨུག་སྣེ་དངུལ་གྱི་ཤན་ནས། ས་སྟག་མོ་སྤོས་ན་ཐག་སྒྲ་གྲགས་ནི་ཞིག དེ་ནང་གི་ཁ་དཀར་ རྐྱང་ཞིག་ཡོང་དགོས་ཟེར་ནའང་། ཁྱོད་གཉེན་པོ་ཚང་གིས་མེད་པ་གླིང་ལ་བཙལ་ནས། སྲ་མོ་བྲག་ལ་བརྐོས་ནས་ཀྱང་། གསུངས་པ་ཐམས་ཅད་འཚོགས་དགོས་ནི་རེད་ད། ཨ་ཞང་ཚང་གིས་དེ་རྣམས་གང་ཡང་མ་ཟེར་བར། ཡ་ད་ཞི་མོ་རྒྱུ་ཡིས་ ཁུག་ནི་མེད། སྟེང་འདི་ཡིས་ངའི་དེ་རིང་མདའ་མོ་བྲག་ལ་འཕངས་ནས། ཤ་སྲེག་ཐབ་ཀ་གླན་ནས། ཞི་མོ་འདི་ཁྱེད་ཚང་ལ་བྱིན་དང་ཟེར།8QNཀྲུང་གོ་བོད་ཀྱི་དྲ་བ།

e6ef394ef7a3d4e066448abfef6965d3.gif8QNཀྲུང་གོ་བོད་ཀྱི་དྲ་བ།

ཡ་ད་རྡོ་སྦིས་གཏེར་ཁ་ལུང་ལ་མཚོན་ན།  དང་པོ་ཕ་དང་ཨ་ཁུའི་ས་འཛུགས་ས། མ་དང་སྲུ་མོའ་ིརྗེས་འཛུགས་ས། ས་འཛིན་གྱི་དང་པོ། གཞི་འཛིན་གྱི་ཐོག་མ་བཤད་ན།  གཏེར་ཁ་ལུང་རི་སྡེ་གསུམ་གྱི་ནང་གི་རུ་སྙིང་ཡིན། རུ་སྙིང་གཡང་ཚང་ཚང་གི་ས་འཛིན་ས་བཤད་ན།  ཨ་འགུ་གཡག་སྙིང་མན་ཆད་དང་།  ལན་ཨན་བྲག་ཁུང་ཡན་ཆད། རི་མགོ་གཏེར་གྱི་བདག་པོ། རི་སྐེད་ལབ་ཙེ་ཡི་བདག་པོ། རི་གཞུག་རྡེའི་འབུམ་ཡི་བདག་པོ།  ས་སྣ་གསུམ་གྱི་བདག་པོ་ཡིན། ད་གཏེར་ཁ་ལུང་གི་སྐྱེས་རབས་དང་འཁྲུངས་བཤད་ན། མགོ་གསེར་གཞུས་ཅན་གྱི་བླ་མ་འཁྲུངས་ས།  བླ་མ་ལྕང་ཤར་ཚང་ཟེར་ན། གོང་མ་རྒྱལ་པོའ་ིདབུ་བླར་བཞུགས་ལ། སྐུ་ཕྱོགས་རྒྱ་རྡོ་རྗེ་འཆང་ཟེར་ན།  རྡོ་སྦིས་དུབ་ཁ་སྟོང་གི་དགོན་བདག་ཡིན། བླ་མ་ཡི་སྐྱེས་རབས་བཤད་ན་གན་འདྲ་ཡིན། གཏེར་ཁ་ལུང་གཡང་ཚང་ཟེར་ན།  རྟ་བརྒྱ་རྟ་ལ་སྲོང་འདོགས་མཁན། མི་བརྒྱ་མིང་འདོགས་མཁན། བཙན་གྱི་རལ་གྲི་དགུང་ལ་ཟུག་ན།  རལ་གྲིའི་ཁ་ཡིས་ མེ་འབར་བ། དགུང་སྔོན་པོ་སྲུབས་འབྱེད་པ། གཉན་ཕུར་བ། ས་ལ་གདབ་ན།  གཉན་ཕུར་བ་ཁ་ཡིས་དུག་ཤི་ལ། ས་སྟག་མོ་ཡི་སྐེད་པ་གཉག་སེ་གཏོང་བ། གཏོར་མ་སྟེག་ལ་བཞག་ན།  ཁ་ཏ་ཡི་མགོ་འདར་བ། རལ་གྲི་ལག་ལ་བཟུང་ན། དགྲ་བོ་སྙིང་འདར་བ།  རྡོ་སྦིས་གཏེར་ཁ་ལུང་ཟེར་ན།  མི་ཡོད་ཀྱི་གླིང་ཡིན་ལ། རྟ་ཕོ་ཡི་འཚེར་ས་ཡིན།  རྡོ་སྦིས་དུབ་ཁ་སྟོང་གི་འཚོགས་ས་ཞིག་ལ་སོང་ནའང།  ཤར་ཤར་གྲལ་ལ་འཚོགས་ན། གྲལ་ཤར་ཤར་གྱི་མགོ་རུ་བཙོག་མཁན།  བསྐོར་བསྐོར་གྲལ་ལ་འཚོགས་ན། གྲལ་བསྐོར་བསྐོར་གྱི་དཀྱིལ་ནས་བཙོག་མཁན།  ཡར་ལ་ལངས་ན་སྐལ་ཡོད་ལ།  ས་ལ་བཙོག་ན་གྲལ་ཡོད། དུབ་ཁ་ལྔ་བཅུ་ཐམ་པ་མཚོན་ན། གནམ་ཡར་ལ་འགྱོག་པའི་ཤེད་ཡོད་ལ།  ས་མར་ལ་མནན་པའི་ལྗིད་ཡོད།  དེང་སང་ཡིན་ནའང་ཕ་ཤུལ་བུ་ཡིས་བཟུང་ནས། གཡག་ཤུལ་ཀོ་བས་ཐུམ་པ།  གཏེར་ཁ་ལུང་བརྒྱ་བཅུ་ཐམ་པ་རེད། ད་རུང་མང་བོ་ཡོད་ནི་རེད་ད། ངའི་དེ་འདྲ་མང་བོ་མི་ཤེས་ལ།  མ་ཤེས་རུང་འདིར་ཚོགས་ཐམས་ཅད་ཀྱི་ཁ་སེམས་བུ་རྒྱུད་ན་མེད་ར་ཟེར་རྒྱུ་ཅི་ཡོད།  དེ་ན་འདིར་ཚོགས་ཐམས་ཅད་ཀྱི་གཉེན་འདིའི་དར་ཅིག་ང་ལ་གཡོར་དང་།  མི་ང་འདྲ་བར་གཡང་ཞིག་ཟེར་གི་ཅི་ཡོད་ཀྱི་ད། འདིར་བསགས་དང་བསོད་ནམས་ཀྱི་བདག་པོ།  ཁ་ལས་དབང་ཐང་གི་བདག་པོ། རྒྱུ་ནོར་ལོངས་སྤྱོད་ཀྱི་བདག་པོ། བུ་རབ་ཚ་རྒྱུད་ཀྱི་བདག་པོ།  མ་འཛོམས་པ་གཅིག་ཀྱང་ཡོད་ནི་མ་རེད་ད།8QNཀྲུང་གོ་བོད་ཀྱི་དྲ་བ།

735a603b430ea89661b5ad1eabba6d16.png8QNཀྲུང་གོ་བོད་ཀྱི་དྲ་བ།

 ཡ་ད་སྡེ་བ་འདིར་སྐྱིད་ལ་ཉི་མ་ཤར་རེ། གཡང་ལ་མཚོ་མོ་འཁྱིལ་ནས། བསམ་ཐོག་འདོད་ཐོག་ལ་འགྲོ་མི་རང་རང་ཡིན་ནའང་། གར་སོང་ས་ཡི་ཁ་ལས་དགོས་ནས། རླུང་རྟ་རྒྱུག་ནས། དགྲ་ལྷ་རྟ་ཐོག་གི་འཁོར་རེ། རླུང་རྟ་བར་སྣང་གི་རྒྱུག་ནས། རི་མོ་འབྲི་ས་ཐིག་ལེ་བཞད་རེ། མཆི་མ་ཕང་ས་མེ་ཏོག་བཞད་རེ། བསམ་ཐོག་འདོད་ཐོག་ལ་འགྲོ་བ་ཟེར་རྒྱུ་དེ་ཡིན། ”དེ་ལྟར་ཨ་ཁུ་བར་བས་བུ་མོ་སློང་ཚུལ་གྱི་གོ་རིམ་ཞིབ་པར་བཤད་རྗེས་གནས་འགྲོ་བུ་མོའ་ིམ་ཞང་ཞིག་གིས་བར་བ་བརྒྱུད་ནས་རང་བུ་མོ་དེ་གཉེན་པོ་ཚང་གི་ཨ་མྱེས་དང་ཨ་ནེ། མག་པ་དང་ཁ་ཡ་ན་ཟླ་ཚང་མར་བཅོལ་བའི་བཅོལ་གཏམ་ཞིག་བཤད་དགོས་ཏེ། འདི་ལ་བཅོལ་གདམས་ཟེར། ས་སྲོད་ཀྱི་དུས་སུ་བུ་མོ་རང་དང་ན་ཚོད་གོང་འོག་གི་ན་ཟླ་ཚོས་རྫོངས་པའི་ཚུལ་དུ་སིལ་ཏོག་དང་། སྒོར་མོ་གཅིག་གཉིས་རེ་མོ་ལ་སྟེར་བ་དང་། ཕོ་གྲལ་མོ་གྲལ་བྱེད་ནས་གླུ་ལེན་གར་རྩེད་བྱེད་པ་ཡིན། ནམ་ཕྱེད་ཙམ་ལ་བར་བས་ལམ་ལ་ཆས་བའི་རེ་བ་བཏོན་ན།  ཞང་བོ་ཚང་གིས་གྲལ་དཀྱིལ་དུ་གདན་དཀར་པོ་ཞིག་འདིང་དགོས་པ་དང་། བག་མའི་གཡས་གཡོན་ནས་བུ་མོ་གཉིས་ཀྱི་བསྐྱོར་ཏེ་གདན་ཐོག་ནས་བག་ལ་གོན་པ་དང་ཆབས་ཅིག་གྲ་བ་ཞིག་གིས་གཡང་འབོད་བྱ་དགོས། གཡང་འབོད་བྱས་རྗེས་བག་མ་ངུ་ཞོར་དུ་གྲལ་མགོའ་ིཀ་བ་དེ་ལ་བསྐོར་བ་གསམ་བརྒྱབ་ནས་སྒོ་ཕྱིར་འབུད(འདིའི་སྐབས་བག་མའི་ཨ་མས་རང་གི་བུ་མོའ་ིལྭ་ཞིག་གོན་ནས་ནང་དུ་འདུག་དགོས། )པ་དང་། སྡེ་བའི་མཐའ་ལ་ཐུག་པའི་བར་དུ་བར་བ་དང་ཁ་ཡ་ན་ཟླས་གླུ་ལེན་རེ་བྱེད་དགོས། གལ་ཏེ་བར་བའི་གླུ་ལན་འཇལ་མ་ཐུབ་ན་དེའི་ཚབ་ཏུ་སྒོར་མོ་སྟེར་དགོས་པ་ཡིན། བག་མ་དང་བཅས་པ་གཉེན་ཚང་གི་སྡེ་འདབས་ལ་ཐོན་དུས།  བག་མ་བསུ་རུ་ཡོང་བའི་ཤ་ཉེ་འཁོར་ཚང་མས་བལ་གདན་ཞིག་བཏིང་ནས་སྒུག་ཡོད་པ་དང་། བག་མས་དེ་ཐོག་ནས་སྡེ་བར་ཁ་ཕྱོགས་ཏེ་ཕྱག་གསུམ་འཚལ་དགོས་པ་དང་།  མ་ཎི་ཁང་དང་སྒོ་དྲུང་མཆོད་ཁང་རེ་རེ་ཡི་མདུན་ནས་ཀྱང་ཕྱག་གསུམ་རེ་འཚལ་དགོས། དེ་ནས་བག་མས་སྐྱོགས་མགོ( འདིའི་སྐེད་རྩར་བལ་དཀར་པོའ་ིགཡས་སུ་འཁོར་ནས་རིམ་པ་གསུམ་དཀྲིས་རྗེས་མདུད་པ་རྒྱག་དགོས་པ་དང་། མདུད་པའི་སྟེང་མར་མཐེ་བོང་ཙམ་ཞིག་གླན་དགོས། )ཡི་དཀར་ཡོལ་གསུམ་གྱི་ནང་དུ་ཇ་བླུགས་རྗེས་གཅིག་མཆོད་ཁང་ལ་འབུལ་དགོས་པ་དང་། གཞན་པ་གཉིས་མག་པའི་ཕ་མ་གཉིས་ལ་བྱིན་ནས་ཨ་མྱེས་ཨ་ནེ་ཞེས་འབོད་དགོས་པ་དང་། ཁོ་གཉིས་ཀྱིས་ཀྱང་མནའ་མ་ཞེས་འབོད་པ་རེད། དེ་ནས་མནའ་མ་དང་བག་རོགས་གཉིས་ཀྱིས་བཟའ་བཏུང་ལ་རོལ་རྗེས་ཉེ་འཁོར་ཚང་མས་དགའ་བའི་གླུ་ལེན་ཞིང་སྐྱིད་ པའི་གར་ལ་རོལ་བར་བྱེད་པ་ཡིན་ནོ།།  ཞེས་རང་ཡུལ་གྱི་རྒན་པ་དག་གི་ངག་རྒྱུན་དང་རང་གིས་ཡུལ་དངོས་སོགས་སུ་ ཕྱིན་པའི་མཐོང་ཐོས་ཅི་རིགས་དྲང་མོར་བྲིས་པའོ། །
8QNཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།