ཀྲུང་གོ་བོད་ཀྱི་དྲ་བ།

ཕག་གི་དབུགས་ལམ་མ་ལག་གི་ནད་རིགས་བཅོས་ཐབས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དགུན་མཇུག་དང་དཔྱིད་འགོ་རུ། གནམ་གཤིས་འཁྱག་པས་ཕག་གསོ་མཁན་རྣམས་ཀྱིས་ངེས་པར་དུ་ཕག་གི་དབུགས་ལམ་མ་ལག་གི་ནད་རིགས་ལ་གཟབ་དགོས་ཤིང་། དེ་ནི་ཚོང་ལས་ཕག་ཁྱུར་འབྱུང་སླ་བའི་ནད་རིགས་ཤིག་ཡིན་ལ། ནད་རྟགས་གཙོ་བོ་ནི་གློ་ལུ་དང་། དབུགས་འཚང་ཡིན། ཕག་ཕྲུག་ལ་བྱུང་ན་འཆི་ཚད་ཧ་ཅང་མཐོ་བའི་ནད་རིགས་ཤིག་ཡིན།

རླུང་རྒྱུ་རུ་འཇུག་པ། 

ཕག་ཁང་གི་རླན་ཚད་ཇེ་དམའ་རུ་བཏང་སྟེ་ཕག་ཚང་གི་མཁའ་དབུགས་ཀྱི་རྒྱུ་སྤུས་ཇེ་བཟང་དུ་གཏོང་དགོས། རླུང་རྒྱུ་བ་དང་ཆེས་བཟང་བའི་ཐབས་ཤེས་ནི་ཕག་ཚང་གི་སྟེང་དུ་བུ་ག་ཞིག་གཏོད་པ་དེ་ཡིན། རླུང་རྒྱུ་བར་ཉམས་འཇོག་ཚུལ་ནི་གནམ་གཤིས་བཟང་ཞིང་གྲང་ངར་མེད་སྐབས་རླུང་རྒྱུ་བར་བྱས་ན་འགྲིག་ཅིང་། གནམ་གཤིས་འཁྱག་སྐབས་སུ་རླུང་རྒྱུ་བར་བྱས་ན་མི་འོས། རླུང་རྒྱུ་བ་དང་དྲོད་འཛིན་གཉིས་ལ་སྙོམ་སྒྲིག་བྱ་དགོས།

བཤང་གཅི་གཙང་སྦྲ་བྱེད་པ། 

གལ་སྲིད་གཙང་སྦྲ་དོ་སྣང་མ་བྱས་པར་བཤང་གཅི་ཕྱོགས་གཅིག་ཏུ་སྤུང་བར་བྱས་ཚེ་དྲི་ངན་བྲོ་བ་དང་། ཕག་ཚང་ནང་གི་གནོད་པ་ཅན་གྱི་དྲི་མའང་ཇེ་མང་དུ་འགྲོ་བ་ཡིན་པས། ཕག་ལ་ཡི་ག་མེད་ཅིང་། ཚོ་མི་གསོག་པ། དབུགས་ལམ་མ་ལག་གི་ནད་རིཊ་འབྱུང་སྲིད།

ཁྱུ་ཚོགས་ལ་ཚོད་འཛིན་བྱེད་པ།

གལ་སྲིད་ཕག་ཚང་གི་ཕག་གི་གྲངས་ཀ་མང་ན་དེའི་ནང་གི་མཁའ་དབུགས་མི་ལེགས་པར་གྱུར་ངེས་ཡིན། དེ་ལྟར་ན། ཕག་གིས་ཕན་ཚུན་ལ་སོ་ཡིས་བསྣུན་པའི་སྣང་ཚུལ་འབྱུང་ཞིང་། དོ་དམ་བྱེད་མི་བདེ། ཕག་ཁྱུ་བྱས་ཏེ་གསོ་བའི་འདུ་ཚད་ནི་ཕག་རེར་སྨི་གྲུ་བཞི་མ0.8ནས1ཡིན་ན་བཟང་།།  

རྩོམ་སྒྲིག་པ། : ཀླུ་མོ་མཚོ།