རྩ་ཏྲེམ་ནད།

རྩ་ཏྲེམ་ནད་ནི་བརླན་ཆེ་བའི་ཡུལ་དུ་བསྡད་དྲགས་པ་དང་། ལྕི་སྣུམ་འཇུ་དཀའ་བའི་ཁ་ཟས་ཟོས་དྲགས་པ། ཡང་ན་ལངས་ནས་ཡུན་རིང་བ་དང་ཡང་ན་ཙོག་ནས་འདུག་ཡུན་རིང་དྲགས་པ་རྐྱེན་བྱས་རྐང་བའི་སྡོད་རྩ་ཁྲོས་ན་འབུར་ལ་འདྲིལ་ནས་ཕྱིར་མངོན་པའི་ནད།    hpfཀྲུང་གོ་བོད་ཀྱི་དྲ་བ།

གཅིག ནད་རྟགས།hpfཀྲུང་གོ་བོད་ཀྱི་དྲ་བ།

1.ཁྲག་ཤས་ཆེ་བ། དཔྱིའི་སྟ་ཟུར་གྱི་ཤ་ཆད་པ་ལྟ་བུའི་ན་ཟུག་ལངས་པ།hpfཀྲུང་གོ་བོད་ཀྱི་དྲ་བ།

2.ལུས་ཀྱི་བཀྲག་མདངས་ཉམས་པ།གློ་སྙིང་མི་བདེ་བ།རྩ་སྦོས་ཤིང་སྲ་ལ་ན་བ།hpfཀྲུང་གོ་བོད་ཀྱི་དྲ་བ།

3.ནད་ཡུན་རིང་ན་ཁྲག་གི་འཁོར་རྒྱུག་ཞན་པས་ཤ་པགས་སྲ་བར་འགྱུར་ལ།རྨ་འབྲུམ་དོན་ནས་ཟ་འཕྲུག་ལངས་པ།hpfཀྲུང་གོ་བོད་ཀྱི་དྲ་བ།

4.རྩ་རྒྱུད་འབུར་ལ་འདྲིལ་བ།hpfཀྲུང་གོ་བོད་ཀྱི་དྲ་བ།

5.ཆུ་དམར་ལ་སྐ་བ།hpfཀྲུང་གོ་བོད་ཀྱི་དྲ་བ།

6.ལྕེ་སྐྱ་ལ་རྩུབ་པ།hpfཀྲུང་གོ་བོད་ཀྱི་དྲ་བ།

གཉིས། གཞོགས་འདེགས་བརྟག་དཔྱད།hpfཀྲུང་གོ་བོད་ཀྱི་དྲ་བ།

ཚོན་ལྡན་སྒྲ་བརྒལ་གྱི་ཞིབ་བཤེར་བྱེད་ཐབས་ལས་སྡོད་རྩའི་ཁོག་དོག་པ་དང་།རྩ་མིག་ཟུམ་ཞིང་རྒྱུ་ལམ་ཁེགས་པོར་གྱུར་ཡོད་པ་མཐོང་ཐུབ།hpfཀྲུང་གོ་བོད་ཀྱི་དྲ་བ།

གསུམ། གསོ་ཐབས།hpfཀྲུང་གོ་བོད་ཀྱི་དྲ་བ།

1.ཟས།ཚ་སྐྱུར་སྣུམ་རྙིང་རིགས་ལ་འཛེམ་པ་དང་གསར་བཅུད་འཇུ་སླ་བའི་རིགས་བསྟེན་དགོས།hpfཀྲུང་གོ་བོད་ཀྱི་དྲ་བ།

2.སྤྱོད་ལམ། དྲག་ལས་དང་བསེར་བུ་ཕོག་པ།ཆུ་གྲང་དུ་ཞུགས་པ་སོགས་འཛེམས་ནས་དྲོད་སར་མི་རྔུལ་ཙམ་རན་པར་བྱ་དགོས། དེར་མ་ཟད་ལངས་ནས་འདུག་ཡུན་དང་ཙོག་ཡུན་མི་རིང་བ།hpfཀྲུང་གོ་བོད་ཀྱི་དྲ་བ།

3.སྨན། སྐྱུ་རུ་ཉེར་ལྔ་དང་།ཁྲག་འཁྲུགས་ཀུན་སེལ།ཨ་གར་བཅོ་ལྔ་སོགས་སྨན་པའི་མངགས་བྱ་བཞིན་བསྟེན་རྒྱུ།hpfཀྲུང་གོ་བོད་ཀྱི་དྲ་བ།

4.དཔྱད། ཀ ཙོག་ལུམས། བདུད་རྩི་ལྔའི་སྟེང་བྲག་ཚེས་ཉིས་འགྱུར་གྱི་བོངས་བསྐྱེད་པའི་ཐོག་རྩ་བ་ལྔ་དང་།ཆུ་སེར་སྨན་གསུམ།ཨ་གར།སེང་ལྡེང་།པི་པི་ལིང་།མུ་ཟི་སོགས་ཁ་ཚར་བརྒྱབ་ནས་ལུམས་བྱེད་པ།hpfཀྲུང་གོ་བོད་ཀྱི་དྲ་བ།

ཁ། གཏར་ག འབྲས་བུ་སུམ་ཐང་ཉིན་གསུམ་མམ་ལྔར་བསྟེན་ནས་ནད་ཁྲག་ཟུངས་ཁྲག་དབྱེ་ཞིང་།ཆུ་སེར་གདོང་རྩའམ་རྒྱུ་རྩ།གྲུམ་རྩ་གཏར་བའམ།གང་རྒྱས་ཆེ་བའི་རྩ་གཏར་བ། ནད་ཡུན་འགོར་ནས་རྨ་འབྲུམ་འདོན་པ་ལ་དེ་སྟེང་པགས་གཏར་བྱ་རྒྱུ།hpfཀྲུང་གོ་བོད་ཀྱི་དྲ་བ།

ག སྐམ་ཁབ། སྐམ་ཁབ་རྒྱག་པ་ནི་གཙོ་བོ་ཁྲག་གི་འཁོར་རྒྱུག་ལ་རམ་འདེགས་བྱེད་ནུས་པར་ཁྲག་རྩ་ལ་གཞའ་ནས་གདབ་པ།hpfཀྲུང་གོ་བོད་ཀྱི་དྲ་བ།

བཞི། རྩ་ཏྲེམ་ནད་ཀྱི་སྔོན་འགོགhpfཀྲུང་གོ་བོད་ཀྱི་དྲ་བ།

1.རྒྱུན་དུ་རྐང་པར་འཕུར་མཉེ་བྱེད་པ།hpfཀྲུང་གོ་བོད་ཀྱི་དྲ་བ།

2.ཉལ་ཁར་རྒྱུན་དུ་ཆུ་དྲོན་མས་རྐང་པ་བཀྲུ་བ། (ཆུ་འཁྱགས་མི་རུང་།)ཉལ་དུས་རྐང་པ་འོག་གི་གདན་ཅུང་མཐོ་དགོས།hpfཀྲུང་གོ་བོད་ཀྱི་དྲ་བ།

3.གནས་སྐོར་རམ་མཇལ་སྐོར་དུ་འགྲོ་དུས་རྐང་འབོལ་རིང་པོའམ་རྐང་པ་གཉིས་རས་སོགས་ཀྱིས་བསྡམ་དགོས།hpfཀྲུང་གོ་བོད་ཀྱི་དྲ་བ།

4.ཙོག་ཡུན་དང་ལངས་ནས་འདུག་ཡུན་མི་རིང་བ།hpfཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།