ཀྲུང་གོ་བོད་ཀྱི་དྲ་བ།

ཕྲ་ཕུང་ཆེ་བའི་ནད་དུག་གིས་མངལ་ཆགས་ཕྲུ་གུར་གནོད་འཚེ་མི་ཡོང་བ་ཇི་འདྲ་བྱེད་དགོས་སམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.ཕྲ་ཆུང་ཆེ་བའི་ནད་དུག་འགོས་པའི་དབང་གིས་ལྷན་སྐྱེས་ཡ་མ་ཟུང་གི་ཕྲུ་གུ་སྐྱེས་ཚེ། མང་ཆེ་བ་སྐྱེས་ནས་ཟླ་འགའ་ཤས་དང་ཐ་ན་ལོ་འགའི་ནང་གཞི་ནས་གཞན་དང་མི་འདྲ་བའི་སྣང་ཚུལ་ཐོན་པ་དང་། གཙོ་བོ་རིག་སྟོབས་ཞན་པོ་ཡོད། ཕྲུ་གུ་སྐྱེ་རྩིས་ཡོད་པའམ་ཡང་ན་མངལ་སྦྲུམ་ཟིན་པའི་བུད་མེད་ཀྱིས་དེའི་ཐད་མཐོང་ཧ་ཅང་ཆེན་པོ་བྱེད་དགོས། འཚོ་བའི་ནང་འདུ་འཛི་ཆེ་སར་མི་འགྲོ་བ་དང་མི་སྒེར་གྱི་གཙང་སྦྲར་དོ་སྣང་བྱེད་དགོས་པ་དང་ཆབས་ཅིག་དོགས་ཡོད་ནད་རྟགས་ཐོན་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།

2.མངལ་སྦྲུམ་ཟིན་པའི་སྐབས་ནད་གཞི་མ་འགོས་པའི་ཆེད་དུ་ནད་པ་དང་ཉེ་པོ་བྱེད་མི་རུང་། ལུས་སྦྱོང་འོས་འཚམ་དང་འཚོ་བཅུད་དོ་སྙོམས་ཡོང་བ་བྱས་ཏེ་མངོན་མེད་འགོ་ནད་དེ་གྲུང་གཤིས་འགོ་ནད་ལ་མི་འགྱུར་བ་བྱེད་དགོས།

3.མངལ་སྦྲུམ་པའི་སྐབས་གལ་ཏེ་ཕྲ་ཕུང་ཆེ་བའི་ནད་དུག་ཐོག་མ་ནས་འགོས་པའི་གཏན་འཁེལ་བྱས་ཚེ་མངལ་སྦྲུམ་མཚམས་འཇོག་རྒྱུའི་བསམ་གཞིག་བྱས་ནས་ལྷན་སྐྱེས་རང་བཞིན་གྱི་ཕྲུ་གུ་ཡ་མ་ཟུང་མ་སྐྱེས་པ་བྱེད་དགོས།

4.འགོ་ནད་ཕོག་པའི་དམར་འབྱར་གྱི་ཆབ་གདན་དང་། གཅིན་པ། ཁྲག་བཅས་ཚང་མར་འགོ་ནད་རང་བཞིན་ཡོད་པས་དུག་སེལ་དང་ལོགས་སུ་འཇོག་དགོས། ཕྲུ་གུ་སྐྱེ་རྩིས་ཡོད་པའི་བུད་མེད་དང་སྦྲུམ་མས་གཙང་སྦྲར་དོ་སྣང་བྱས་ཏེ་མི་འགོས་པ་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།