ཀྲུང་གོ་བོད་ཀྱི་དྲ་བ།

སྐྱེ་འཕེལ་དབང་པོའི་ཆུ་ཐོར་ནད་ཀྱིས་ཕྲུ་གུར་གནོད་འཚེ་མི་ཕོག་པ་ཇི་ལྟར་བྱེད་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1. འཚོ་བའི་ཁྲོད་འཕྲོད་བསྟེན་བདེ་ཐང་ལ་ཡིད་འཇོག་དང་མི་གཙང་བའི་འཁྲིག་སྤྱོད་སོགས་ལ་འཛེམས་ནས་འཁྲིག་སྤྱོད་བརྒྱུད་མཚན་ནད་འགོ་ཚད་ཉུང་དུ་གཏོང་དགོས།

2. བཟའ་ཚང་གཉིས་ལས་གཅིག་ལ་མཚན་ནད་ཕོག་ཚེ། འཁྲིག་སྤྱོད་བྱེད་མཚམས་འཇོག་དགོས་པ་དང་དུས་མཚུངས་འཕྲལ་མར་སྨན་བཅོས་བྱེད་དགོས། དེས་མ་ཚད་དེའི་བཟའ་ཟླས་ཀྱང་སྨན་བཅོས་བྱེད་དགོས།

3. སྐྱེ་འཕེལ་དབང་པོའི་ཆུ་ཐོར་ནད་ཀྱིས་ཕྲུ་གུ་དང་བྱིས་པར་གནོད་པ་ཧ་ཅང་ཆེ་ལ། དེར་དམིགས་བསལ་གྱི་སྨན་བཅོས་བྱེད་ཐབས་མེད་པས། སྦྲུམ་མས་སྔོན་འགོག་ལ་སྣང་ཆེན་གྱིས་མངལ་ཆགས་དུས་འཁྲིག་སྤྱོད་བྱེད་མཚམས་འཇོག་དགོས།

4. གལ་ཏེ་མངལ་ཆགས་སྐབས་སྐྱེ་འཕེལ་དབང་པོར་ཆུ་ཐོར་གྱི་ནད་ཕོག་ཚེ། སྨན་པའི་མཛུབ་སྟོན་འོག་སྨན་བཅོས་དང་གཙང་སྦྲ་ཡག་པོ་བྱས་ནས་མ་འགོས་པ་བྱེད་དགོས། གལ་ཏེ་སྦྲུམ་མར་བརྟག་དཔྱད་བྱས་ནས་ནད་གཞི་དེ་རིགས་འགོས་པ་གཏན་འཁེལ་བྱུང་ཚེ་གྲོད་ཁོག་གཤགས་ནས་ཕྲུ་གུ་བཙའ་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།