ཚན་རིག་ལ་དགའ་བའི་ཆིའུ་ཅིར་གྱིས་རྩོམ་བྲིས་ནས་སྐར་མའི་གོ་ལ་གཞན་དག་གི་ཚེ་སྲོག་ལ་དཔྱད་བསྡུར་བྱས་མྱོང་།

ཨ་མེ་རི་ཁའི་སྐར་མའི་གོ་ལའི་དངོས་ལུགས་རིག་པ་བ་མ་ལི་ཨོ•ལི་ཝེ་ཨོས་ཉེ་ཆར་དབྱིན་ཇིའི《རང་བྱུང》དུས་དེབ་ཀྱི་དཔྱད་གཏམ་པར་ངོས་སྟེང་རྩོམ་བཀོད་ནས་ལོ་མང་པོ་འགོར་བའི་རྩོམ་ཡིག་ཅིག་ངོ་སྤྲོད་བྱས། རྩོམ་ཡིག་དེའི་ནང་སྐར་མའི་གོ་ལ་གཞན་དག་ཏུ་ཚེ་སྲོག་ཡོད་པའི་སྒྲུབ་ཚོད་རང་བཞིན་ལ་དཔྱད་བསྡུར་བྱས། དེའི་རྩོམ་པ་པོ་ནི་དབྱིན་ཇིའི་ཆབ་སྲིད་པ་གྲགས་ཅན་ཝུན་སི་ཏུང•ཆིའུ་ཅིར་རེད།

ལི་ཝེ་ཨོས་ངོ་སྤྲོད་བྱས་པ་ལྟར་ན། ཤོག་ངོས11ཡོད་པའི་རྩོམ་ཡིག་དེ་ནི1939ལོར་བྲིས་པ་ཡིན་ལ། ཆིའུ་ཅིར་གྱིས་དེ་ནི་ཚན་ཁྱབ་རྩོམ་ཡིག་ཅིག་ཏུ་བརྩིས་ནས་ཚགས་པར་ཁང་དུ་བསྐུར་འདོད་ཡོད་མོད། འོན་ཀྱང་རྗེས་སུ་མཚམས་བཞག ཁོས་དུས་རབས་སྔོན་མའི་ལོ་རབས50པར་རྩོམ་ཡིག་གི་ནང་དོན་ལ་ཡང་བསྐྱར་ཁ་སྣོན་བྱས་མོད། འོན་ཀྱང་རྩོམ་ཡིག་དེ་ཚགས་པར་དང་དུས་དེབ་སོགས་ཀྱི་སྟེང་བཀོད་མ་མྱོང་།

དུས་རབས་སྔོན་མའི་ལོ་རབས80པར། རྩོམ་ཡིག་དེ་ཨ་མེ་རི་ཁའི་ཆིའུ་ཅིར་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་ལ་སྤྲད། ན་ནིང་གསར་དུ་འགན་ཁུར་པའི་གཙོ་བདག་གིས་རྩོམ་ཡིག་དེ་རྙེད་རྗེས་ལི་ཝེ་ཨོ་ལ་མངག་བཅོལ་བྱས་ནས་དེའི་ཚན་རིག་རང་བཞིན་ཞིབ་བཤེར་བྱེད་དུ་བཅུག

ཆིའུ་ཅིར་གྱི་ཁ་བྱང་ལ《འཇིག་རྟེན་དུ་ང་ཚོ་ནི་ཁེར་རྐྱང་ཡིན་ནམ》ཞེས་པའི་རྩོམ་དེའི་ནང་ཁོས་སྐར་མའི་གོ་ལའི་ཚེ་སྲོག་ལ་སྔོན་དཔག་ཞིབ་འབྲི་བྱས་ཏེ། གཤེར་གཟུགས་ཆུས་ཚེ་སྲོག་ལ་ཐོན་པའི་གལ་ཆེན་རང་བཞིན་གསལ་བཤད་བྱས་པར་མ་ཟད། ད་དུང་ད་ལྟ་གནམ་དཔྱད་རིག་པ་བས་རྒྱུན་དུ་བཤད་པའི“སྡོད་གནས་ལ་འཚམ་པ”ལྟ་བུའི་གོ་དོན་བཏོན་ཏེ། འཚོ་སྡོད་བྱེད་དགོས་ན། སྐར་མའི་གོ་ལ་གནས་སའི་ས་ཁོངས་ཀྱི་དྲོད་ཚད་ནི“འཁྱགས་རོམ་ཆགས་ཚད་ཡན་དང་ཁོལ་ཚད་མན”ཡིན་དགོས་པ་གསལ་བཤད་བྱས།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁུར་མྱོང་བའི་ཆབ་སྲིད་པ་དེས་ཐ་ན་སྐར་མའི་གོ་ལ་ཞིག་རང་གི་རླུང་ཁམས་ཆེན་པོ་ནང་ཇི་ལྟར་ཉར་ཚགས་བྱེད་པའི་ཐད་བསམ་གཞིག་བྱས་ཡོད། ཁོས་བཤད་རྒྱུར། འཐེན་ཤུགས་ཆེ་ན་སྐར་མའི་གོ་ལས་རླུང་ཁམས་ཆེན་པོ་ཡུན་རིང་དུ་ཉར་ཚགས་བྱེད་ཐུབ་ཟེར་བ་དང་། ཁོས་མིག་དམར་དང་པ་སངས་ནི་ཉི་མའི་ཁྱིམ་རྒྱུད་ནང་གི་སའི་གོ་ལ་གཞན་གྱི་ཚེ་སྲོག་གནས་ཐུབ་པའི་ས་གནས་ཡིན་པ་སྔོན་དཔག་བྱས།

དེ་ལས་གཞན་ཆིའུ་ཅིར་གྱིས་ད་དུང་ཉི་མའི་ཁྱིམ་རྒྱུད་ལས་གཞན་ད་དུང་ཚེ་སྲོག་ཡོད་པའི་སྒྲུབ་ཐུབ་རང་བཞིན་ལ་གྲོས་བསྡུར་བྱས། ཁོས་བལྟས་ན་འཇིག་རྟེན་ནང་སྐར་མ་ཁྲི་མ་འབུམ་ཡོད་ལ། སྐར་མ་རེ་རེར་ད་དུང་བརྟན་སྐར་མང་པོ་ཡོད། བརྟན་སྐར་དེ་དག་ལ་ཚེ་སྲོག་ཡོད་པའི་སྒྲུབ་ཐུབ་རང་བཞིན་ཡོད་ཅེས་བརྗོད།

ལི་ཝེ་ཨོ་ཆིའུ་ཅིར་ནི་ཚན་རིག་ལ་སྤྲོ་སྣང་ཆེ་བ་དང་རྒྱབ་སྐྱོར་བྱས་ཡོད་པར་མ་ཟད། ད་དུང་ཚན་རིག་གནད་དོན་གལ་ཆེན་ལ་བསམ་གཞིག་བཏང་ཡོད་ཅེས་གདེང་འཇོག་བྱས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།