ཀྲུང་གོ་བོད་ཀྱི་དྲ་བ།

ཁང་དབང་ལག་ཁྱེར་མེད་པའི་སྡོད་ཁང་ཉོས་ན་ཁེ་དབང་ལ་འགན་སྲུང་བྱེད་ཐུབ་བམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བློ་མཐུན་རྩོམ་སྒྲིག་པ་ལགས།

ངའི་ཨ་ཞང་གིས་གྲོང་ཁྱེར་ནས་སྡོད་ཁང་ཞིག་ཉོས་ཏེ་རྒན་གསོ་བྱེད་རྩིས་ཡོད་མོད།འོན་ཀྱང་དཔལ་འབྱོར་ཆ་རྐྱེན་དེ་འདྲ་བཟང་རྒྱུ་མེད།ཉེ་ཆར་མི་ཞིག་གིས་ཁོར་གྲོང་ཁྱེར་མཐའ་འཁོར་གྱི་སྡོད་ཁང་ཞིག་ངོ་སྤྲོད་བྱས་པ་དེ་རིན་གོང་ཧ་ཅང་འཚམ་པོ་འདུག ཡིན་ནའང་དེ་ལ་འབྲེལ་ཡོད་ཀྱི་ཁང་དབང་ལག་ཁྱེར་གང་ཡང་མེད། ཅིག་ཤོས་ཀྱིས་ཉོ་འཚོང་གི་གན་རྒྱ་བཞག་ཆོག་པར་མ་ཟད།དེའི་སྟེང་དུ་ད་རུང་རྗེས་ཕྱོགས་ཁང་དབང་ལག་ཁྱེར་ལེན་ཐུབ་སོང་ན།ཁང་དབང་ངའི་ཨ་ཞང་ལ་དབང་རྒྱུའི་ཁ་ཆད་གསལ་པོ་བྲིས་ཆོག་པར་བཤད།འདིར་འདྲི་རྒྱུ་ཞིག་ནི་ཁང་པ་འདིའི་རིགས་ནི“བདག་དབང་ཆུང་ངུའི་ཁང་པ”ཡི་ནང་དུ་གཏོགས་སམ།ཁང་པ་འདིའི་རིགས་ཉོས་ན་རང་ཉིད་ཀྱི་ཁེ་དབང་ལ་འགན་སྲུང་ཐུབ་བམ།

ཀློག་པ་པོ་གཡང་འབུམ་རྒྱལ་ནས།

བློ་མཐུན་གཡང་འབུམ་རྒྱལ་ལགས།

རྒྱལ་ཁབ་ཀྱིས་དངོས་པོའི་བདག་དབང་སྐོར་གྱི་བཅའ་ཁྲིམས་འགྲེམ་སྤེལ་བྱས་པ་ནས་བཟུང་།ཁྲིམས་འཛིན་ལག་ལེན་ཁྲོད་ཀྱི་གནས་བབ་ནི་ཁང་པའི་བདག་དབང་དེ་ངེས་པར་ཁང་དབང་ཐོ་འགོད་བྱས་ཡོད་པའི་མི་དེར་དབང་བ་རེད།

ཁྱོད་ཀྱིས་བཤད་པའི་གྲོང་ཁྱེར་མཐའ་འཁོར་གྱི་སྡོད་ཁང་དེ་ནི།ཞིང་སྡེའི་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིས(ཞིང་པ)རང་ཚང་གི་གཞིས་ས་བེད་སྤྱད་དེ་ལས་པའི་སྡོད་ཁང(དེ་ལ་བདག་དབང་ཆུང་ངུའི་ཁང་པའང་ཟེར)ཡིན་སྲིད་ལ།ཐ་ན་སྡོད་ཁང་དེས་བདག་ཏུ་བཟུང་བའི་ས་དེ་བདག་དབང་མི་གསལ་བའི་གནས་སུ་འགྱུར་ཡང་སྲིད།དེ་བས་གལ་ཏེ་ཁྱོད་ཀྱིས་ཁང་པ་དེ་ཉོས་ན།བཅའ་ཁྲིམས་སྟེང་གི་ཉེན་ཁ་ཆེན་པོ་ཡོད་ངེས་རེད།གལ་ཏེ་རྗེས་ཕྱོགས་ཁང་དབང་ལག་ཁྱེར་བསྒྲུབས་མ་ཐུབ་ན།ཁྱོད་ཀྱི་ཨ་ཞང་གི་ཁེ་དབང་ལ་བཅའ་ཁྲིམས་ཀྱི་སྟེང་ནས་འགན་སྲུང་བྱེད་མི་ཐུབ་པར་མ་ཟད།ད་རུང་སྡོད་ཁང་ཉོས་པའི་གན་རྒྱའང་ནུས་མེད་དུ་འགྱུར་སྲིད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།