ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པའི་བཞུགས་མོལ་ཚོགས་འདུ་ཁྲང་ཁྲོན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

liuyunshan.jpg

ཏང་ཨུའི་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཉམས་མྱོང་བརྗེ་རེས་བཞུགས་མོལ་ཚོགས་འདུ་ཟླ་དགུ་བའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་ཁྲང་ཁྲོན་ནས་ཚོགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཏང་ཨུའི་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཉམས་མྱོང་བརྗེ་རེས་བཞུགས་མོལ་ཚོགས་འདུ་ཟླ་དགུ་བའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་ཁྲང་ཁྲོན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་། གསུངས་བཤད་ནང་ནན་གྱིས་བསྟན་དོན། སློབ་སྦྱོང་རང་བཞིན་དང་ཞབས་ཞུའི་རང་བཞིན། གསར་གཏོད་རང་བཞིན་གྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་འཛུགས་སྐྲུན་བྱེད་པའི་རེ་བ་ལྟར་དུ། ཏང་ཨུའི་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཐད་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་བསྟན་དོན། ང་ཚོ་ཏང་གིས་ད་ལྟའི་སློབ་སྦྱོང་བྱེད་མཚམས་མ་བཞག་ལ། ངེས་པར་དུ་སློབ་སྦྱོང་ལ་བརྟེན་ནས་མ་འོངས་པར་བསྐྱོད་དགོས། གནས་བབ་གསར་བ་དང་ལས་འགན་གསར་བར་དམིགས་ནས། ང་ཚོའི་ཐོག་མའི་དམིགས་འབེན་མི་དོར་བར་མུ་མཐུད་དུ་མདུན་དུ་བསྐྱོད་དགོས་པ་དང་། གཙོ་བོར་མགོ་ཁྲིད་ལས་བྱེད་པར་དམ་འཛིན་བྱེད་པ་དང་། ཏང་ཨུའི་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ནས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ནས་སློབ་སྦྱོང་གི་སྣང་ཚུལ་གྲུབ་པར་སྐུལ་འདེད་བྱེད་དགོས། ལས་དོན་འཕེལ་རྒྱས་སུ་གཏོང་བའི་རེ་བ་དང་མཐུན་པར་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་བསམ་བློ་ཀུན་སྤྱོད་དང་ནུས་པའི་བྱང་ཚད། བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར།

ལིག་ཡུན་ཧྲན་གྱིས་ནན་གྱིས་བསྟན་དོན། ཏང་ཨུའི་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཐད་ནས་དཔེ་སྟོན་རང་བཞིན་ཆེན་པོ་ལྡན་ལ། དེ་ལས་མཐོ་བའི་ཚད་གཞི་དང་རེ་བ་ཡོད་འོས་པས། རིམ་པ་སོ་སོའི་ཏང་ཨུས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ནས། སློབ་སྦྱོང་གི་རྣམ་པར་གསར་གཏོད་དང་སློབ་སྦྱོང་གི་ལམ་ལུགས་འཐུས་ཚང་དུ་གཏོང་བ། དཔྱད་ཞིབ་གདེང་འཇོག་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཏང་ཨུའི་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚན་རིག་ཅན་དང་ཚད་ལྡན་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར།

ལིག་ཆིས་པོ་དང་ཀྲའོ་ལི་ཅི་གཉིས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།