ཀྲུང་གོ་བོད་ཀྱི་དྲ་བ།

དཔའ་བོའི་ལོ་རྒྱུས་སྙན་རྩོམ། ཉམས་པ་མེད་པའི་རྡོ་རིང་ཞེས་པའི་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བརྒྱད་ཅུ་ལོན་པར་དྲན་གསོ་ཞུ་བ་བརྗོད་དོན་གཙོ་བོ་ཡིན་པའི་འགྲེམ་སྟོན་མཛད་སྒོ་ཀྲུང་གོ་མི་དམངས་གསར་བརྗེ་དམག་དོན་འགྲེམ་སྟོན་ཁང་དུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༠༠༠༠༠༠༠༠༠.jpg

དཔའ་བོའི་ལོ་རྒྱུས་སྙན་རྩོམ། ཉམས་པ་མེད་པའི་རྡོ་རིང་ཞེས་པའི་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བརྒྱད་ཅུ་ལོན་པར་དྲན་གསོ་ཞུ་བ་བརྗོད་དོན་གཙོ་བོ་ཡིན་པའི་འགྲེམ་སྟོན་མཛད་སྒོ་དེ་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་ཀྲུང་གོ་མི་དམངས་གསར་བརྗེ་དམག་དོན་འགྲེམ་སྟོན་ཁང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་གསུང་བཤད་གལ་ཆེན་གནང་བར་མ་ཟད་འགྲེམ་སྟོན་མགོ་བརྩམས་པ་ཁྱབ་སྒྲོག་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དཔའ་བོའི་ལོ་རྒྱུས་སྙན་རྩོམ། ཉམས་པ་མེད་པའི་རྡོ་རིང་ཞེས་པའི་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བརྒྱད་ཅུ་ལོན་པར་དྲན་གསོ་ཞུ་བ་བརྗོད་དོན་གཙོ་བོ་ཡིན་པའི་འགྲེམ་སྟོན་མཛད་སྒོ་དེ་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་ཀྲུང་གོ་མི་དམངས་གསར་བརྗེ་དམག་དོན་འགྲེམ་སྟོན་ཁང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་གསུང་བཤད་གལ་ཆེན་གནང་བར་མ་ཟད་འགྲེམ་སྟོན་མགོ་བརྩམས་པ་ཁྱབ་སྒྲོག་མཛད།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུའི་སྟེང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་མིའི་རོལ་མོ་ཚོགས་པས་དང་བླངས་དམག་གི་རོལ་མོ་དཀྲོལ་བ་དང་། ཚོགས་ར་ཡོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། དེར་མཐུད་ནས་ཚོགས་ར་ཡོངས་ཀྱིས་རྒྱང་སྐྱོད་ཁྲོད་དུ་རང་སྲོག་བློས་བཏང་བའི་གསར་བརྗེ་སྔོན་གཤེགས་དཔའ་བོ་རྣམས་ལ་མྱ་ངན་ཞུས།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཐེངས་འདིར་རིན་ཐང་བྲལ་བའི་པར་རིས་དང་དངོས་བོ་འགྲེམ་སྟོན་བྱས་པ་དེ་ལས་དམར་དམག་གིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་དཀའ་ཁག་གང་རུང་ལ་མ་འཛེམ་པར་བྱས་རྗེས་བཞག་པའི་ལོ་རྒྱུས་འཕེལ་རིམ་མཚོན་པར་བྱས་ཡོད་པ་དང་། རླབས་ཆེ་བའི་རྒྱང་སྐྱོད་སྙིང་སྟོབས་མཚོན་པར་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བ་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་སྤེལ་བར་སྟེགས་བུ་གལ་ཆེན་ཞིག་འདོན་སྤྲོད་བྱས་པར་མ་ཟད་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་བྱེད་པར་གསོན་ཉམས་ལྡན་པའི་སློབ་ཁྲིད་ཅིག་འདོན་སྤྲོད་བྱས། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་ནས་མདུན་སྐྱོད་བྱེད་པ་དང་། ཤུགས་ཆེན་པོས་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་བྱེད་དགོས་ལ། རྒྱང་སྐྱོད་བགྲོད་ལམ་གསར་བའི་སྟེང་དུ་མུ་མདུད་ནས་མདུན་སྐྱོད་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིད་ཆེས་དང་རིགས་གཞུང་ཡིད་ཆེས། ལམ་ལུགས་ཡིད་ཆེས། རིག་གནས་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།