ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་གིས་ཅི་ལིན་ཞིང་ཆེན་དུ་ཞིང་ལས་དང་ཞིང་སྡེ་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་གིས་ཚེས་དྲུག་དང་ཚེས་བདུན་ཉིན་གཉིས་ལ་ཅི་ལིན་ཞིང་ཆེན་དུ་ཞིང་ལས་དང་ཞིང་སྡེ་བྱ་བར་རྟོག་ཞིབ་བྱས། ཁོས་བཤད་རྒྱུར། ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་ནི་ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། འབྲུ་རིགས་རིན་གོང་ཆགས་པའི་རྐྱེན་སྲོལ་དང་བསྡུ་གསོག་ལམ་ལུགས་བཅོས་སྒྱུར་ལ་བརྟན་བརླིང་སྒོས་སྐུལ་འདེད་གཏོང་བ་དང་། ཚོང་རའི་དགོས་མཁོ་ཡིས་སྣེ་ཁྲིད་དང་ཞིང་ལས་ཐོན་སྐྱེད་ཀྱི་གྲུབ་ཚུལ་དང་ཐོན་རྫས་ཀྱི་གྲུབ་ཚུལ། ཐོན་ལས་ཀྱི་གྲུབ་ཚུལ་བཅས་ལ་མྱུར་དུ་སྙོམས་སྒྲིག་བྱས་ནས། ཞིང་ལས་བརྟན་བརླིང་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་ཞིང་བའི་ཡོང་སྒོ་རྒྱུན་མཐུད་སྒོས་འཕར་བར་སྐུལ་འདེད་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།