ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་མཉམ་འབྲེལ་རྒྱལ་ཚོགས་ལཱ་ཏེན་མེ་གླིང་དང་ཅ་ལེ་པུས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་སྤྱི་ཁྱབ་པུའུ་ནས་བསྡུས་པའི་ཀྲུང་གོ་དང་ལཱ་ཏེན་མེ་གླིང་སྨྱན་བྱད་གཙོ་འཛིན་གྱི་མཐོ་རིམ་གྲོས་ཚོགས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平出席中拉媒体领袖峰会开幕式.jpg

ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཧྲིན་ཏིས་ཡ་ཀིའི་མཉམ་འབྲེལ་རྒྱལ་ཚོགས་ལཱ་ཏེན་མེ་གླིང་དང་ཅ་ལེ་པུས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་སྤྱི་ཁྱབ་པུའུ་ནས་བསྡུས་པའི་ཀྲུང་གོ་དང་ལཱ་ཏེན་མེ་གླིང་སྨྱན་བྱད་གཙོ་འཛིན་གྱི་མཐོ་རིམ་གྲོས་ཚོགས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས། མཛད་སྒོའི་སྟེང་ཞི་ཅིན་ཕེན་གྱིས་ཁ་ཡིག་ལ་ཀྲུང་གོ་དང་ལཱ་ཏེན་མེ་གླིང་སྨྱན་བྱད་མཉམ་ལས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཞེས་པའི་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཧྲིན་ཏིས་ཡ་ཀིའི་མཉམ་འབྲེལ་རྒྱལ་ཚོགས་ལཱ་ཏེན་མེ་གླིང་དང་ཅ་ལེ་པུས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་སྤྱི་ཁྱབ་པུའུ་ནས་བསྡུས་པའི་ཀྲུང་གོ་དང་ལཱ་ཏེན་མེ་གླིང་སྨྱན་བྱད་གཙོ་འཛིན་གྱི་མཐོ་རིམ་གྲོས་ཚོགས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས། མཛད་སྒོའི་སྟེང་ཞི་ཅིན་ཕེན་གྱིས་ཁ་ཡིག་ལ་ཀྲུང་གོ་དང་ལཱ་ཏེན་མེ་གླིང་སྨྱན་བྱད་མཉམ་ལས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཞེས་པའི་ཤིས་ཚིག་ཕུལ། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ལཱ་ཏེན་མེ་གླིང་སྨྱན་བྱད་གཙོ་འཛིན་གྱི་མཐོ་རིམ་གྲོས་ཚོགས་སྐབས་དང་པོ་དངོས་སུ་ཚོགས་པ་ནི་ཀྲུང་གོ་དང་ལཱ་ཏེན་མེ་གླིང་སྨྱན་བྱད་ལོ་རྒྱུས་སྟེང་གི་གསར་གཏོད་ཐེངས་ཤིག་ཡིན་པ་དང་རླབས་ཆེན་ལས་དོན་ཞིག་ཀྱང་ཡིན། སྨྱན་བྱད་བརྗེ་རེས་ནི་ཀྲུང་གོ་དང་ལཱ་ཏེན་མེ་གླིང་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་དང་ལཱ་ཏེན་མེ་གླིང་སྨྱན་བྱད་ཀྱིས་ཀྲུང་གོ་དང་ལཱ་ཏེན་མེ་གླིང་མི་དམངས་བར་གྱི་མཛའ་བཤེས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ལཱ་ཏེན་མེ་གླིང་དང་ཅ་ལེ་པུས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་དང་ལཱ་ཏེན་མེ་གླིང་བར་གྱི་མཉམ་ལས་ཕྱོགས་སུ་ནུས་པ་ཆེན་པོ་བཏོན། དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཕྱོགས་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་འབྲེལ་བའི་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།