ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཙུང་ལི་ལིས་ཁི་ཆང་རྣམ་གཉིས་ཀྱིས་ཅང་ཞི་ཧྥུན་ཁྲིན་གློག་འདོན་བཟོ་གྲྭའི་ལས་གཉེར་སྟེགས་བུ་བརྡིབས་པའི་དོན་རྐྱེན་དང་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གནང་བའི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱེད་པ་དང་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། དམར་མཚམས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་བདེ་འཇགས་ཐོན་སྐྱེད་འགན་འཁྲི་དངོས་འབེབས་བཟང་བོ་བྱེད་དགོས་ལ། ལྟ་རྟོག་དོ་དམ་དང་འགོག་སྲུང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་རྒྱ་ཆེར་སྤེལ་ནས། དོན་རྐྱེན་ཚབས་ཆེན་འབྱུང་བ་གཏན་འགོག་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མ་ཁེ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་པ་དང་། རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་གོ་ཧྲིན་ཁུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཙུང་ལི་ལིས་ཁི་ཆང་རྣམ་གཉིས་ཀྱིས་གནང་བའི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་ཤིང་། རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཡུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོ། སྡེ་ཁག་སོ་སོ་བཅས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་སུ་བཅོས་སྒྱུར་གསར་སྐྲུན་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་དང་ལེགས་སྒྱུར་བྱེད་དགོས། ཏང་སྲིད་འགན་མཐུན་དང་གནས་གཅིག་ཟུང་འགན་། མཉམ་འཛིན་མཉམ་སྲུང་། འགན་ཤོར་རྩད་གཅོད་བཅས་ཀྱི་རེ་བ་ལྟར། བདེ་འཇགས་ཐོན་སྐྱེད་འགན་འཁྲི་དངོས་འབེབས་བཟང་བོ་བྱེད་དགོས། ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྐྱོང་ནུས་པ་ཇེ་ཆེར་གཏོང་བ་དང་། ལྟ་རྟོག་དོ་དམ་དང་ཁྲིམས་སྐྱོང་བྱ་བར་ཤུགས་སྣོན་དགོས་ལ། ཁྲིམས་འགལ་ལུགས་འགལ་གྱི་ཐོན་སྐྱེད་བདག་གཉེར་འཛུགས་སྐྲུན་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱེད་པ་དང་འགན་འཁྲི་ལ་རྩད་གཅོད་ནན་མོ་བྱེད་དགོས། བདེ་འཇགས་གཙོར་བཟུང་སྟེ་ཉེན་ཁར་དོ་དམ་དང་ཚོད་འཛིན་ནན་མོ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་རྨང་གཞི་སྲ་བརྟན་དུ་བཏང་ནས་ཧུར་ཐག་སྒོས་བརྟན་འཇགས་ཡིན་པའི་བདེ་འཇགས་ཐོན་སྐྱེད་ཁོར་ཡུག་བཟང་བོ་ཞིག་སྐྲུན་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།