ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་ཀ་ཕིན་གྱི་ཙུང་ཐུང་པང་ཀི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

张德江会见加蓬总统邦戈.jpg

ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀ་ཕིན་གྱི་ཙུང་ཐུང་པང་ཀི་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བརྒྱད་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀ་ཕིན་གྱི་ཙུང་ཐུང་པང་ཀི་ལ་མཇལ་འཕྲད་གནང་།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་ཀ་ཕིན་གཉིས་བར་སྲོལ་རྒྱུན་མཛའ་བཤེས་ཟབ་མོ་ཆགས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་ཡོད། ཐེངས་འདིར་ཀྲུའུ་ཞི་ཞི་ཅིན་ཕེན་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་ཀྲུང་གོ་དང་ཀ་ཕིན་བར་གྱི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བའི་ཚད་དུ་མཐོར་འདེགས་བྱེད་རྒྱུའི་ཐག་བཅད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུའི་དམིགས་འབེན་ལ་ཁྱོན་ཡོངས་ནས་ཇུས་འགོད་བྱས། དེས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་ཐུབ། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཀ་ཕིན་རྒྱལ་དམངས་གྲོས་ཁང་དང་དམངས་གྲོས་ཁང་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གཞིར་བཟུང་ནས། ཁྲིམས་འཛུགས་དང་རྒྱལ་སྐྱོང་སྲིད་འཛིན་ཐད་ཀྱི་ཉམས་མྱོང་ཧུར་ཐག་སྒོས་བརྗེ་རེས་བྱེད་པ་དང་། ཀྲུང་གོ་དང་ཀ་ཕིན་གཉིས་ཀྱི་མཛའ་མཐུན་དམངས་འདུན་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། མཉམ་དུ་ཀྲུང་གོ་དང་ཀ་ཕིན་གཉིས་ཀྱི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

པང་ཀི་ཡིས་ཀྲུང་གོས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་གནད་དོན་ཐད་ལ་ཡུན་རིང་དུ་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱས་པར་མ་ཟད། ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་མཉམ་ལས་ཐད་ལ་སྟོབས་ཤུགས་གསར་བ་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བར་རེ་བ་བྱེད་ཀྱིན་པའི་ཚུལ་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།