ཀྲུང་གོ་བོད་ཀྱི་དྲ་བ།

«ཞི་ཅིན་ཕེན་གྱིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ»ཞེས་པའི་ནེ་པ་ལའི་ཡི་གེའི་དཔེ་དེབ་ཐོག་མར་སྤེལ་བའི་མཛད་སྒོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  «ཞི་ཅིན་ཕེན་གྱིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ»ཞེས་པའི་ནེ་པ་ལའི་ཡི་གེ་དཔེ་དེབ་ཐོག་མར་སྤེལ་བའི་མཛད་སྒོ་ཚེས་བཅོ་བརྒྱད་ཉིན་ནེ་པ་ལའི་ཙུང་ཐུང་བཞུགས་ཤག་ནས་བསྡུས། ནེ་པ་ལའི་ཙུང་ཐུང་པན་ཏ་ལི་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་གཉིས་ཐོག་མའི་འགྲེམ་སྤེལ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

པན་ཏ་ལི་ཡིས་བཤད་རྒྱུར། «ཞི་ཅིན་ཕེན་གྱི་རྒྱལ་སྐྱོང་སྲིད་འཛིན་གླེང་བ»ཞེས་པ་བརྒྱུད་ནས་ནེ་པ་ལའི་མི་དམངས་ཀྱིས་སྔར་ལས་ལྷག་པར་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་བཅོས་བསྒྱུར་འཕེལ་རྒྱས། རྒྱལ་ཁབ་སྐྱོང་བ། ཀྲུང་གོའི་ཕུགས་འདུན་དང་ཀྲུང་ཧྭའི་རིག་གནས། ཀྲུང་གོས་འཛམ་གླིང་ལ་བཅངས་པའི་འདུ་ཤེས་དང་ལྟ་ཚུལ་བཅས་ལ་རྒྱུས་ལོན་བྱེད་ཐུབ་ཟེར།

«ཞི་ཅིན་ཕེན་གྱིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་»ཞེས་པའི་ནེ་པ་ལའི་ཡི་གེའི་དཔེ་དེབ་འདི་ནི་ཀྲུང་གོའི་ཕྱི་རྒྱལ་སྐད་རིགས་དཔེ་སྐྲུན་ཅུའུ་དང་ནེ་པ་ལར་སྡོད་པའི་ཀྲུང་གོའི་ཞིབ་འཇུག་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་སྒོས་ཡིག་བསྒྱུར་དང་དཔར་སྐྲུན་འགྲེམ་སྤེལ་བྱས་པ་རེད། ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་བ་ནས་བཟུང«ཞི་ཅིན་ཕེན་གྱིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ»ཞེས་པའི་དཔེ་དེབ་དེ་རྒྱ་ཡིག་དང་དབྱིན་ཡིག ཧྥ་རིན་སིའི་ཡི་གེ ཨ་རབ་ཀྱི་ཡི་གེ ཨུ་རུ་སིའི་ཡི་གེ་སོགས་ཡིག་རིགས་བཅུ་གཅིག་གི་ལམ་ནས་འཛམ་གླིང་ཡོངས་ལ་ཁ་ཕྱོགས་ཏེ་འགྲེམ་སྤེལ་བྱས་པ་དང་། ད་ལྟའི་བར་རྒྱལ་ཁབ་དང་ས་ཁུལ་བརྒྱ་ལྷག་ལ་དཔེ་དེབ་ས་ཡ་དྲུག་དང་འབུམ་གཉིས་ལྷག་འགྲེམ་སྤེལ་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གདེང་འཇོག་མཐོན་པོ་བྱེད་བཞིན་ཡོད། «ཞི་ཅིན་ཕེན་གྱིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ»ཞེས་པའི་ནེ་པ་ལའི་ཡི་གེའི་དཔེ་དེབ་པར་སྐྲུན་འགྲེམ་སྤེལ་བྱས་པ་དེས་ཀྲུང་གོ་དང་ནེ་པ་ལ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་རེ་གཅིག་འཁོར་བར་ལེགས་སྐྱེས་གྱ་ནོམ་པ་ཞིག་འདོན་སྤྲོད་བྱས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།