ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་ཉེར་དྲུག་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་དུས་བཅད་ལྟར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་ཁ་པར་བཏང་།

ཞི་ཅིན་ཕེན་གྱིས་ཕན་ཅི་ཝུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་འཁུར་ནས་ལོ་ངོ་བཅུའི་རིང་ལ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས། དར་རྒྱས་བཅས་ལས་དོན་ཐད་ལ་འབད་བརྩོན་ཆེན་པོ་བྱས་པར་མ་ཟད། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་བྱས་རྗེས་གལ་ཆེན་བཞག་པར་གདེང་འཇོག་གང་ལེགས་མཛད། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མདུན་དུ་གནད་དོན་གསར་བ་དང་འགྲན་རྩོད་གསར་བ་མང་པོ་གནས་ཡོད་པས། འཛམ་གླིང་ཡོངས་ཀྱིས་ནུས་ཡོད་སྒོས་བཅོས་སྐྱོང་བྱེད་པར་གཙིགས་འཛིན་བྱེད་དགོས་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་པ་སྔར་ལས་འདོན་སྤེལ་བྱེད་དགོས། དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་ཀྱིས་གནང་བའི་འགན་འཁྲི་ལྷག་བསམ་རྣམ་དག་སྒོས་ལག་བསྟར་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དྲུང་ཡིག་ཆེན་མོ་ཁྲུའུ་ཁྲིད་དེ་ཧུར་ཐག་སྒོས་བྱ་བ་བསྒྲུབས་པར་མ་ཟད། ཁོངས་གཏོགས་རྒྱལ་ཁབ་བར་གྲོས་མོལ་དང་མཉམ་ལས་བྱས་ནས། 2030ལོའི་བར་གྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དང་གནམ་གཤིས་འགྱུར་ལྡོག་གི་ཕ་རེ་སི་གྲོས་ཆོད་སོགས་ལ་གྲོས་མཐུན་བྱུང་སྟེ། གྲུབ་འབྲས་མངོན་གསལ་བླངས་ཡོད་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་བར་གྱི་མཉམ་ལས་ཆུ་ཚད་གསར་བ་ཞིག་ཏུ་སླེབས་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། གསར་དུ་འགན་འཁུར་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སྐུ་ཞབས་ཀུའུ་ཐི་ལོས་སི་ལ་མཉམ་ལས་དམ་པོ་བྱས་ནས། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་བར་གྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཟེར།

ཕན་ཅི་ཝུན་གྱིས་བཤད་རྒྱུར། མི་འགྱང་བར་ངའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་འཁུར་ཡུན་ལོངས་རྒྱུ་ཡིན་ལ། ཀྲུང་གོས་ངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་འཁུར་བའི་སྐབས་སུ་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པ་ཡིན། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་བྱེད་པ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་བཅས་ཐད་ལ་མགོ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས། ཀྲུང་གོས་སྐབས་རྗེས་མའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་མུ་མཐུད་དུ་མཉམ་ལས་དམ་པོ་བྱས་ནས། རྒྱལ་སྤྱིའི་ཞི་བདེ་དང་རྒྱུན་མཐུད་འཕེལ་རྒྱས་ལས་དོན་ལ་སྔར་བཞིན་རྒྱབ་སྐྱོར་བྱེད་པར་ང་ལ་ཡིད་ཆེས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།