ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་བྱ་བའི་སྔོན་ཐོན་ཐུན་མོང་དང་ངལ་རྩོལ་དཔེ་ལེགས་ཅན། སྔོན་ཐོན་བྱ་བ་སྒྲུབ་མཁན་བཅས་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

张高丽会见中央和国家机关事务工作先进集体劳动模范和先进工作者.jpg

ཟླ་དང་པོའི་ཚེས་ལྔ་ཉིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་བྱ་བའི་སྔོན་ཐོན་ཐུན་མོང་དང་ངལ་རྩོལ་དཔེ་ལེགས་ཅན། སྔོན་ཐོན་བྱ་བ་སྒྲུབ་མཁན་བཅས་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚོགས་འདུར་ཞུགས་པའི་བློ་མཐུན་རྣམས་ལ་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གནང་།

张高丽会见中央和国家机关事务工作先进集体劳动模范和先进工作者  1.jpg

ཟླ་དང་པོའི་ཚེས་ལྔ་ཉིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་བྱ་བའི་སྔོན་ཐོན་ཐུན་མོང་དང་ངལ་རྩོལ་དཔེ་ལེགས་ཅན། སྔོན་ཐོན་བྱ་བ་སྒྲུབ་མཁན་བཅས་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚོགས་འདུར་ཞུགས་པའི་བློ་མཐུན་རྣམས་ལ་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་བྱ་བའི་སྔོན་ཐོན་ཐུན་མོང་དང་ངལ་རྩོལ་དཔེ་ལེགས་ཅན། སྔོན་ཐོན་བྱ་བ་སྒྲུབ་མཁན་བཅས་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཚེས་ལྔ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚོགས་འདུར་ཞུགས་པའི་བློ་མཐུན་རྣམས་ལ་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གནང་།

ཀྲང་ཀའོ་ལིས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་ངལ་རྩོལ་དཔེ་ལེགས་ཅན། སྔོན་ཐོན་བྱ་བ་སྒྲུབ་མཁན་བཅས་ལ་རྟེན་འབྲེལ་ཞུས་པ་དང་། ལས་ཁུངས་ལས་དོན་སྡེ་ཁག་གི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བར་བརྩེ་བའི་འཚམས་འདྲི་ཞུས།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་བྱ་བས་ཐད་ཀར་དུ་ཏང་ཀྲུང་དབྱང་དང་རྒྱལ་སྤྱི་ཁྱབ་ཁང་། ལས་ཁུངས་དང་སྡེ་ཁག་སོ་སོར་ཞབས་ཕྱིའི་འགན་སྲུང་འདོན་སྤྲོད་བྱས་པ་དང་། དེ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བྱེད་པར་འབྲེལ་བ་ཡོད་པ་དང་ཏང་སྲིད་ལས་ཁུངས་ཀྱི་ཕན་འབྲས་མཐོ་བའི་འཁོར་རྒྱུག་ལ་འབྲེལ་བ་ཡོད་ལ། ལས་བྱེད་པ་དང་ལས་བཟོ་བའི་ཁེ་ཕན་ལའང་འབྲེལ་བ་ཡོད། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གཅིག་གྱུར་བྱེད་དགོས། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་འཆར་འགོད་རྒྱུན་འཁྱོངས་བྱས་ཏེ་ལས་ཁུངས་ཀྱི་ལས་དོན་བྱ་བ་བཟང་བོར་བསྒྲུབ་ནས་ལས་འགན་སྣ་ཚོགས་ལྷག་འགྲུབ་བྱེད་དགོས་ཟེར།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཡང་འབད་བསྐྱར་འབད་དང་ཧུར་ཐག་བརྩོན་ལེན་བྱས་ནས། ལས་ཁུངས་ཀྱི་ལས་དོན་བྱ་བའི་བཅོས་སྒྱུར་འཕེལ་རྒྱས་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱེད་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།