ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་མོ་ཙམ་པི་ཁེའི་གྲོས་དཔོན་མཱ་ཁ་མའོ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

张德江与莫桑比克议长马卡莫举行会谈.jpg

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅོ་ལྔ་ཉིན་མོ་ཙམ་པི་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་དཔོན་མཱ་ཁ་མའོ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གྲོས་མོལ་མཛད་སྐབས་ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་མོ་ཙམ་པི་ཁེ་ནི་དཀའ་སྡུག་མཉམ་ཁུར་གྱི་གྲོགས་པོ་བཟང་བོ་ཡིན། ན་ནིང་གི་ཟླ་ལྔ་བར་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ཐུང་ཉིག་ཞི་རྣམ་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་མོ་ཙམ་པི་ཁེའི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་མཐོ་ཚད་གསར་བར་ཇེ་མཐོར་གཏོང་རྒྱུ་ཁྱབ་སྒྲོག་བྱས་པ་དང་མཉམ་ལས་འཕེལ་རྒྱས་ཐད་ལ་འཆར་འགོད་བཟང་བོ་བྱས། ཀྲུང་གོ་ཕྱོགས་ཀྱིས་ལྷག་བསམ་རྣམ་དག་སྒོས་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པའི་འདུ་ཤེས་དང་ཡང་དག་པའི་ཁེ་ཕན་ལྟ་བ་རྒྱུན་འཁྱོངས་བྱེད་པར་མ་ཟད། མོ་ཙམ་པི་ཁེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ནས། ཀྲུང་གོ་དང་མོ་ཙམ་པི་ཁེའི་འབྲེལ་བའི་འཕེལ་རྒྱས་ཐད་ལ་སྒུལ་ཤུགས་གསར་བ་སྣོན་འདོད་ཡོད་ཟེར།

ཀྲང་ཏི་ཅང་གིས་གསུངས་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བྱས་ཏེ་མཉམ་ལས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་མོ་ཙམ་པི་ཁེ་སྤྱི་མཐུན་རྒྱལ་ཁབ་གྲོས་ཁང་གི་ཐུན་མོང་གི་ལས་འགན་ཡིན། དེ་རིང་གི་གྲོས་མོལ་དང་མཉམ་དུ་བཀོད་པའི་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མཉམ་ལས་ལ་ཤུགས་སྣོན་པའི་བཟོད་སྒོམ་བརྗེད་ཐོ་ཡིས་ཕྱོགས་གཉིས་ཀྱི་མཉམ་ལས་ཐད་ལ་ཁ་ཕྱོགས་གསལ་བོ་སྟོན་ངེས་ཡིན། གཅིག ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་དགོས། གཉིས། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་དགོས། གསུམ། གཉིས་ཕན་མཉམ་ལས་ཐད་ལ་ཁོར་ཡུག་བཟང་བོ་སྐྲུན་དགོས། བཞི། དམངས་ཁྲོད་དང་ས་གནས་བར་གྱི་མཛའ་མཐུན་འགྲོ་འོང་ལ་སྐུལ་འདེད་གཏོང་དགོས་ཟེར།

མཱ་ཁ་མའོ་ཡིས་བཤད་རྒྱུར། མོ་ཙམ་པི་ཁེའི་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ནས། མོ་ཙམ་པི་ཁེ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་སྔར་ལས་ཇེ་བཟང་དུ་གཏོང་བར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།