ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས«ཞང་གྲོང་སྲིད་གཞུང་གི་ཞབས་ཕྱིའི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས«ཞང་གྲོང་སྲིད་གཞུང་གི་ཞབས་ཕྱིའི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

«བསམ་འཆར»ལས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོའི་བར་དུ་ཞང་གྲོང་སྲིད་གཞུང་གི་ཞབས་ཕྱིའི་ནུས་པ་ཁྱོན་ཡོངས་ནས་ཇེ་ཆེར་གཏོང་བ་དང་། ཞབས་ཕྱིའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ་དང་ཞབས་ཕྱིའི་རྣམ་པ་སྔར་ལས་སྟབས་བདེ་རུ་གཏོང་བ། ཞབས་ཕྱིའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས། འགན་ནུས་ཚན་རིག་དང་མཐུན་ལ། འཁོར་སྐྱོད་ལ་གོ་རིམ་ལྡན་པ་དང་། ནུས་པར་འགན་སྲུང་བྱེད་པ། ཞབས་ཕྱིའི་ཐད་ལ་ཕན་འབྲས་ཐོབ་པ། མི་དམངས་ཡིད་ཚིམས་པའི་ཞང་གྲོང་སྲིད་གཞུང་གི་ཞབས་ཕྱིའི་དོ་དམ་སྒྲིག་སྲོལ་རྐྱེན་སྲོལ་ཆགས་པར་བྱེད་དགོས་ཟེར།

«བསམ་འཆར»ལས་ད་དུང་ཞང་གྲོང་སྲིད་གཞུང་གི་ཞབས་ཕྱིའི་ནུས་པ་ཇེ་ཆེར་གཏོང་བ་དང་ཞང་གྲོང་གི་གཞི་རྩའི་སྤྱི་ཐུན་ཞབས་ཕྱིའི་ཐོན་ཁུངས་སྒྲིག་ཆས་ལེགས་སྒྱུར་བྱེད་པ། ཞང་གྲོང་གི་སྤྱི་ཐུན་ཞབས་ཕྱིའི་འདོན་སྤྲོད་རྣམ་པ་གསར་སྐྲུན་བྱེད་པ། རྩ་འཛུགས་ལ་ཤུགས་སྣོན་པ་བཅས་ཀྱི་ཐད་ལ་བཀོད་སྒྲིག་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།