ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱི་ཤེས་ལྡན་མི་སྣའི་བྱ་བའི་སྐོར་གྱི་རྣམ་བཤད་བཤུས་སྒྲིག་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན། ཞི་ཅིན་ཕེན་གྱི་ཤེས་ལྡན་མི་སྣའི་བྱ་བའི་སྐོར་གྱི་རྣམ་བཤད་བཤུས་སྒྲིག་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧུའུ་ཁྲང་ཧྲིན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཧུའུ་ཁྲང་ཧྲིན་གྱིས་བསྟན་དོན། ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཤེས་ལྡན་མི་སྣའི་བྱ་བའི་ཐད་ནས་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པ་གནང་བ་དང་། དེ་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་གྱི་ཕྱོགས་སོ་སོར་འབྲེལ་ལ། རྣམ་བཤད་གལ་ཆེན་དེ་དག་ལ་བསམ་བློ་རང་བཞིན་དང་ལག་བསྟར་རང་བཞིན། ཁ་གཏད་རང་བཞིན་ཆེན་པོ་ལྡན་པ་མ་ཟད། ཤེས་ལྡན་མི་སྣའི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཟེར།

ཧུའུ་ཁྲང་ཧྲིན་གྱིས་ནན་གྱིས་བསྟན་དོན། རྣམ་བཤད་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་རྨང་གཞི་ནི་སློབ་སྦྱོང་ཡིན་པ་དང་། བསམ་བློ་གཅིག་གྱུར་བྱེད་པ་དང་། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་བ་བརྒྱུད་དེ། རྣམ་བཤད་ལ་སློབ་སྦྱོང་བྱེད་རྒྱུ་དེ་མིག་སྔའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། རྣམ་བཤད་སློབ་སྦྱོང་བྱེད་པའི་ཆབ་སྲིད་རང་རྟོགས་མཐོར་འདེགས་གཏོང་བ་དང་། རྣམ་བཤད་སློབ་སྦྱོང་བྱེད་པའི་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་གཏོང་བ། རྣམ་བཤད་ལ་ཞིབ་འཇུག་དང་འགྲེལ་བཤད་བྱེད་ཚད་ཇེ་ཆེར་གཏོང་དགོས། རྣམ་བཤད་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྲོག་ཤིང་ནི་བསམ་གཞིགས་གཏོང་རྒྱུ་དེ་ཡིན་ལ། བསམ་གཞིགས་གཏོང་བ་བརྒྱུད་དེ་ནང་དོན་ལ་རྒྱུས་ལོན་བྱེད་པ་དང་། ངོ་བོ་ཁོང་དུ་ཆུད་པར་བྱེད་པ། ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་འདུ་ཤེས་བརྟན་པོ་བཅངས་པ། སྣེ་ཁྲིད་ཀྱི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་དགོས། སྦྱངས་པ་གོ་ཆོད་དང་བྱ་བར་སྐུལ་འདེད་བྱེད་པ་བརྒྱུད་དེ། བཅོས་སྒྱུར་གྱི་བྱེད་ཐབས་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ་དང་། མཚོ་སྔོན་གྱི་ཤེས་ལྡན་མི་སྣའི་བཅོས་སྒྱུར་ཐད་ཀྱི་ས་མཐོ་གསར་བ་འཛུགས་སྐྲུན་བྱེད་དགོས། བཟོ་སྐྲུན་གལ་ཆེན་ལག་བསྟར་བྱེད་པའི་ཐད་ཤུགས་འདོན་པ་དང་། མཚོ་སྔོན་ཁྱད་ཆོད་ཀྱི་ཤེས་ལྡན་མི་སྣའི་འདུས་སྡོད་བྱེད་ས་གསར་སྐྲུན་བྱེད་པ། མཐོ་རིམ་གསར་གཏོད་ཤེས་ལྡན་མི་སྣའི་མི་སྟོང་གི་འཆར་གཞི་ལག་བསྟར་བྱེད་པ། མུ་མཐུད་དུ་འབྲིང་རིམ་ཤེས་ལྡན་མི་སྣའི་སྐྱེད་སྲིང་ལ་ཤུགས་སྣོན་པ། སྟོབས་ཤུགས་ཡོད་རྒུས་ཤེས་ལྡན་མི་སྣའི་ཁོར་ཡུག་འཛུགས་སྐྲུན་བྱེད་པ། གསར་གཏོད་རང་བཞིན་གྱི་ཤེས་ལྡན་མི་སྣའི་སྐྱེས་ཁམས་མ་ལག་སྐྱེད་སྲིང་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།