ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པ་པེ་ཅིན་ནས་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པ་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པ་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། གྲོས་ཚོགས་ནས་བརྡས་ཐག་བཅད་དེ་གསར་དུ་བཟོ་བཅོས་བྱས་པའི་རྒྱ་གྲམ་དམར་པོ་ཚོགས་པའི་བཅའ་ཁྲིམས་དང་། ཁེ་ལས་ཀྱི་ཐོབ་ཁྲལ་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་བ་དང་། ཞུའུ་ཧྲའོ་ཧྲི་ཡི་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བླངས་ནས། ཧི་ལིས་ཧྥིན་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བསྐོ་རྒྱུ་དང་། ཝུའུ་ཨེ་དབྱིན་གྱི་ཁྲིན་འཛིན་པུའུ་ཡི་པུའུ་ཀྲང་གི་འགན་བླངས་ནས། ཀྲང་ཅོན་ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་ལ་བསྐོ་རྒྱུ། ཀའོ་ཧུའུ་ཁྲིན་གྱི་ཚོང་དོན་པུའུ་ཡི་པུའུ་ཀྲང་གི་འགན་བླངས་ནས། ཀྲུང་ཧྲན་ཚོང་དོན་པུའུ་ཡི་པུའུ་ཀྲང་ལ་བསྐོ་རྒྱུ་བཅས་ཐག་བཅད། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཡིག་ལ་རྩ་དོན་སྟེང་གྲོས་འཆམ་བྱུང་བ་མ་ཟད། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་བྱ་བའི་སྙན་ཞུ་འབུལ་རྒྱུའི་མངགས་བཅོལ་བྱས།

གྲོས་ཚོགས་ནས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་གྲོས་རིམ་འཆར་ཟིན་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་ཀྲུའུ་ཞིའི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་ནས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་གྲ་སྒྲིག་གྲོས་ཚོགས་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད་པ་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་ཟུར་ཞུགས་མི་སྣའི་མིང་ཐོ་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞུའུ་ཞན་མེན་གྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་མི་ཁུར་བའི་རེ་ཞུ་དང་ལེན་བྱེད་པའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་བརྡས་ཐག་བཅད་དེ། ཏུའུ་ཏི་དབྱིན་རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པར་བསྐོས་པ་དང་། ཧོང་ཆི་ཧྥན་དང་ཀྲུའུ་ཞའོ་ཏན། དབྱང་ཞུང་། ལིག་ཁུན་བཅས་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པར་བསྐོས་ལ། ཧོང་ལུང་ཡུན་རྒྱལ་ཡོངས་དམངས་ཆེན་ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པར་བསྐོས།

གྲོས་ཚོགས་ནས་བརྡས་ཐག་བཅད་དེ། ཞུའུ་ཞན་མེན་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་གཞོན་པ་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོས་པ་དང་། ཀྲང་ཁྲང་རིན་དང་ཁི་ཧན་མེན་གྱི་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་གཞོན་པ་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བླངས།

གྲོས་ཚོགས་སྟེང་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་ད་དུང་འགན་བསྐོ་ལེན་གྱི་དོན་དག་གཞན་པར་བརྡས་ཐག་བཅད།

གྲོས་ཚོགས་ཀྱི་གྲོས་རིམ་སྣ་ཚོགས་འགྲུབ་རྗེས། ཀྲང་ཏི་ཅང་གིས་གསུང་བཤད་གནང་།

ཀྲང་ཏིང་ཅང་གིས་བསྟན་དོན། མི་འགྱང་བར་བསྡུ་རྒྱུ་ཡིན་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་ནི། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་གཅིག་གྱུར་གྱིས་ལོ་ཧྲིལ་པོའི་བྱ་བ་བཟང་པོར་སྒྲུབ་པ་དང་། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བར་བསུ་མ་བྱེད་པའི་སྤྱིའི་སྐུལ་སློང་ཞིག་ཡིན་པས། ང་ཚོས་བསམ་སྦྱོར་གཉི་ག་ཏང་ཀྲུང་དབྱང་གི་གནས་བབ་ཐད་ཀྱི་དབྱེ་ཞིབ་བརྡར་བཅད་དང་བྱ་བའི་ཐད་ཀྱི་བཀོད་སྒྲིག་བླང་བྱའི་སྟེང་གཅིག་གྱུར་བྱས་ཏེ། འཐུས་མི་ཡོངས་དང་མཉམ་དུ་འགན་འཁྲི་ལག་བསྟར་བྱེད་པ་དང་། གྲོས་ཚོགས་ཀྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་ཏེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་དེ་དམངས་གཙོ་དང་མཐུན་སྒྲིལ། དངོས་གཉེར། ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་བསྡུ་དགོས་ཟེར།

གྲོས་ཚོགས་གྲོས་རྗེས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་ཉེར་བདུན་པ་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་དེར་མགོ་འཛིན་མཛད། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཏང་ཙུའུ་ཧྲུའུ་ཅི་ལིས་པེན་གྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་གྱི་རྣམ་པ་གསར་བ་ཧུར་ཐག་གིས་སྐྲུན་དགོས་ཞེས་པའི་སློབ་ཁྲིད་བྱས།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།