ཀྲང་ཏི་ཅང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་གསར་འགྱུར་དྲིལ་སྒྲོག་བྱ་བར་ཞུགས་པའི་ཀྲུང་དབྱང་གི་སྨྱན་བྱད་གཙོ་བོའི་འགན་འཁུར་བ་དང་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་གསར་འགྱུར་དྲིལ་སྒྲོག་བྱ་བར་ཞུགས་པའི་ཀྲུང་དབྱང་གི་སྨྱན་བྱད་གཙོ་བོའི་འགན་འཁུར་བ་དང་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་བྱས་པར་མ་ཟད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚབ་མཛད་དེ་དམངས་ཆེན་དྲིལ་སྒྲོག་བྱ་བར་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ལ་བརྩེ་བའི་འཚམས་འདྲི་དང་བཀའ་དྲིན་ཆེ་ཞུས།
WtGཀྲུང་གོ་བོད་ཀྱི་དྲ་བ།

ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་གསར་འགྱུར་དྲིལ་སྒྲོག་བྱ་བར་ཞུགས་པའི་ཀྲུང་དབྱང་གི་སྨྱན་བྱད་གཙོ་བོའི་འགན་འཁུར་བ་དང་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་བྱས་པར་མ་ཟད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚབ་མཛད་དེ་དམངས་ཆེན་དྲིལ་སྒྲོག་བྱ་བར་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ལ་བརྩེ་བའི་འཚམས་འདྲི་དང་བཀའ་དྲིན་ཆེ་ཞུས། ཁོང་གིས་གསུངས་རྒྱུར། ད་ལོའི་ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་རྩ་འཛུགས་ཞིབ་མོ་ཡིན་པ་དང་བརྗོད་དོན་གསལ་ལ། ཁ་ཕྱོགས་ཡང་དག་པ་དང་། ནང་དོན་ཕུན་སུམ་ཚོགས་པ་ཡིན་པས་གཟེངས་བསྟོད་བྱེད་འོས་པ་ཞིག་ཡིན་ལ། ཚོགས་ཆེན་བདེ་བླག་ངང་འགྲུབ་པའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཟེར།WtGཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས་ཀྲུང་གོ་འཛམ་གླིང་ཡོངས་ཀྱིས་ཡིད་འཇོག་བྱེད་ཡུལ་དུ་གྱུར་ཡོད། ཚོགས་ཆེན་གཉིས་ནི་འཛམ་གླིང་གིས་ཀྲུང་གོར་ལྟ་ཞིབ་བྱེད་པའི་སྒེའུ་ཁུང་དུ་གྱུར་ཡོད་པ་དང་ཀྲུང་གོས་སྣང་བརྙན་ངོམ་པར་བྱེད་པའི་གོ་སྐབས་གལ་ཆེན་དུ་གྱུར་ཡོད། ཐེངས་འདིའི་ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་ཁྲོད་དུ་ཀྲུང་དབྱང་སྨྱན་བྱད་གཙོ་བོས་ཤུགས་ཆེན་པོས་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བ་དྲིལ་སྒྲོག་བྱས་ཤིང་། ཏང་དང་རྒྱལ་ཁབ་ཀྱིས་ལས་དོན་སྣ་ཚོགས་ཐད་ནས་བླངས་བའི་གྲུབ་འབྲས་གལ་ཆེན་ཁྱོན་ཡོངས་ནས་དྲིལ་སྒྲོག་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིད་ཆེས་དང་རིགས་གཞུང་ཡིད་ཆེས། ལམ་ལུགས་ཡིད་ཆེས། རིག་གནས་ཡིད་ཆེས་བཅས་གང་ལེགས་མཚོན་པར་བྱས་ལ། དམངས་ཆེན་འཐུས་མིས་འགན་འཁྲི་ལག་བསྟར་བྱས་པའི་རྣམ་པ་མཚོན་པར་བྱས་པ་དང་ཡང་དག་པའི་སྣེ་ཁྲིད་གླེང་ཕྱོགས་ཀྱི་ནུས་པ་འདོན་སྤེལ་བཟང་བོ་བྱས། རྒྱ་ཆེའི་གསར་འགྱུར་བྱ་བ་སྒྲུབ་མཁན་གྱིས་འདུ་ཤེས་བཞི་ཆགས་པར་བྱས་ཏེ། གཞི་གྲངས་དང་དོན་དངོས་ལ་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་གསལ་བོར་བརྗོད་དགོས། གཞི་རིམ་དུ་རྐང་འཛུགས་པ་དང་དོན་དངོས་དང་འབྲེལ་ཏེ་ཧུར་ཐག་སྒོས་དམངས་ཆེན་འཐུས་མིས་འགན་འཁྲི་ལག་བསྟར་བྱས་པའི་དཔེ་མཚོན་སྔོག་འདོན་བྱེད་པ་དང་། ཤུགས་ཆེན་པོས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་མི་དམངས་མང་ཚོགས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་དམངས་གཙོའི་ལག་ལེན་དྲིལ་སྒྲོག་བྱེད་དགོས། ཀྲུང་དབྱང་སྨྱན་བྱད་གཙོ་བོས་མིང་གྲགས་གསར་འགོད་པ་དང་རྩོམ་སྒྲིག་པ། མགོ་འཛིན་པ། དཔྱད་བརྗོད་པ་བཅས་སྐྱེད་སྲིང་བཟང་བོ་བྱེད་པ་དང་། གླེང་ཕྱོགས་སྣེ་ཁྲིད་ནུས་པ་ཇེ་ཆེར་གཏོང་དགོས་ལ། རྒྱལ་སྤྱིའི་གཏམ་བཤད་དབང་ཆ་ཇེ་ཆེར་བཏང་ནས། འཛམ་གླིང་ཡོངས་ལ་ཀྲུང་གོ་རྒྱུས་ལོན་ཟབ་མོ་བྱེད་དུ་འཇུག་དགོས་ཟེར། WtGཀྲུང་གོ་བོད་ཀྱི་དྲ་བ།

WtGཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།