ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས«ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་སྒྱུར་ཟབ་སྤེལ་ཇུས་གཞི»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས«ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་སྒྱུར་ཟབ་སྤེལ་ཇུས་གཞི»འགྲེམ་སྤེལ་བྱས། «ཇུས་གཞིའི»ནང་བསྟན་དོན། རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ནི་ཏང་གིས་མགོ་ཁྲིད་པའི་རྩོམ་རིག་སྒྱུ་རྩལ་ལས་རིགས་ཀྱི་མི་དམངས་ཚོགས་པ་ཞིག་ཡིན་ལ། ཏང་དང་སྲིད་གཞུང་གིས་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་ལ་འབྲེལ་འདྲིས་བྱེད་པའི་སྒྲོག་ཐག་ལྟ་བུ་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་སྒྱུ་རྩལ་ལས་དོན་དར་རྒྱས་གོང་འཕེལ་དུ་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན། གནས་བབ་གསར་བ་དང་ལས་འགན་གསར་བའི་མདུན་དུ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ངེས་པར་དུ་གནད་དོན་ལ་དམིགས་ཏེ་རང་ཉིད་སྒྱུར་བཅོས་བྱེད་པ་དང་གནས་བབ་དང་བསྟུན་དགོས་ལ། སྤོབས་པ་ཆེན་པོས་འགན་འཁྲི་ཁག་ཁུར་བྱེད་པ་དང་། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱས་པ་བརྒྱུད་དེ་མྱུར་དུ་ཚུལ་སྒྱུར་བྱེད་པ་དང་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

«ཇུས་གཞིའི»ནང་དུ་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཅོས་སྒྱུར་གྱི་མཛུབ་སྟོན་བསམ་བློ་དང་གཞི་རྩའི་རྩ་དོན། སྤྱིའི་དམིགས་འབེན་བཅས་གསལ་བོར་བསྟན་ཡོད་པར་མ་ཟད། རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་གཞི་རྩའི་འགན་ནུས་ལེགས་སྒྱུར་བྱེད་པ་དང་། རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་དེའི་ཁོངས་སུ་གཏོགས་པའི་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་ལས་ཁུངས་ལེགས་སྒྲིག་དང་མི་སྣ་བཀོད་སྒྲིག་བྱེད་པ། རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་དེའི་ཁོངས་སུ་གཏོགས་པའི་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་འཁོར་སྐྱོད་རྐྱེན་སྲོལ་བཅོས་སྒྱུར་བྱེད་པ་བཅས་ཕྱོགས་གསུམ་གྱི་ཐད་ལ་བཅོས་སྒྱུར་བྱེད་ཐབས་བཞི་བཅུ་ལྷག་བཏོན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།