ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཁག་གི་གྲོས་ཚོགས་ཐེངས་སོ་གསུམ་པ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཁག་གི་ཚན་གཙོ་ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཁག་གི་གྲོས་ཚོགས་ཐེངས་སོ་གསུམ་པ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཁག་གི་ཚན་གཙོ་གཞོན་པ་ལིག་ཡུན་ཧྲན་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་མཱ་ཁེ་ཡིས་རྒྱལ་དབང་ཁེ་ལས་བཅོས་སྒྱུར་བཟང་བོར་སྒྲུབ་པར་རྟོག་ཞིབ་བྱེད་པ་དང་། མིན་ཅན་ཀྲུའུ་ཡིས་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་ལག་བསྟར་དང་དངོས་འབེབས་བྱེད་པ། ཧན་ཀྲིན་གྱིས་ཧྲང་ཧེ་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་གྱི་བཅོས་སྒྱུར་བྱ་བ་དམ་འཛིན་བྱེད་པ། དབྱིན་ཝེ་མེན་གྱིས་འབྲེལ་ཡོད་ལམ་ལུགས་གསར་སྐྲུན་ལག་བསྟར་བྱེད་པ། ཁྲིན་ཅི་ཉིན་གྱིས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལག་བསྟར་ནན་མོ་བྱེད་པ། ཧན་ཁྲང་པེན་གྱིས་ཞིང་སྡེ་བཅོས་སྒྱུར་བྱ་བ་ལག་བསྟར་བྱེད་པ། ཀྲའོ་ཁི་ཀྲི་ཡིས་བཅོས་སྒྱུར་ལས་འགན་གཙོ་བོ་དངོས་འབེབས་བཟང་བོ་བྱེད་པ། ཞ་པའོ་ལུང་གིས་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་བྱ་བ་དམ་འཛིན་བྱེད་པ། ཡུག་ཆོན་གྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་ལག་བསྟར་བྱེད་པ། ཁྲིན་མེན་ཨར་གྱིས་དབུལ་སྐྱོར་བཅོས་སྒྱུར་དམ་འཛིན་བྱེད་པ། ཞུའུ་ཆིན་གྱིས་ཚན་རྩལ་གསར་སྐྲུན་གྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་སོགས་ཕྱོགས་ཀྱི་གནས་ཚུལ་ཡར་ཞུ་བྱས།

ཚོགས་ཐོག་ནས་ཀྲུང་གོའི་ཧྲང་ཧེ་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་གྱི་བཅོས་སྒྱུར་སྒོ་འབྱེད་ཇུས་གཞི་དང་ཚན་རྩལ་བྱ་དགའི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་སྐོར་གྱི་ཇུས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། ཞིང་ལས་སྤོ་སྒྱུར་མི་གྲངས་གྲོང་ཁྱེར་སྡོད་དམངས་ཅན་དུ་སྒྱུར་བ་དང་དབུལ་ཕོངས་ས་ཁུལ་གྱི་བྱིས་པ་སློབ་གྲྭར་འགྲོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ། ཁྱིམ་ཐོ་མེད་པའི་མི་སྣས་ཁྱིམ་ཐོ་ཐོ་འགོད་བྱེད་པའི་གནད་དོན་ཐག་གཅོད་པ་སོགས་དམངས་ཚིས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་དངོས་འབེབས་གནས་ཚུལ་ལ་ལྟ་ཞིབ་བྱས་པའི་སྙན་ཞུ་ལ་གྲོས་ཞིབ་བྱས།

ཚོགས་ཐོག་ནས་བསྟན་དོན། འགན་འཁུར་བློ་མཐུན་གཙོ་བོར་བཅོས་སྒྱུར་ཁག་ཁུར་གྱི་སྤོབས་པ་ཡོད་དགོས་ལ། གནད་འགག་གི་གནད་དོན་ལ་ཐུག་ན་སྤོབས་པ་ཆེན་པོས་སྒྲུབ་དགོས་པ་དང་། ཏང་ཀྲུང་དབྱང་གི་རེ་བ་དང་མཐུན་པ་དང་གཞི་རིམ་གྱི་དོན་དངོས་དང་མཐུན་ལ། མང་ཚོགས་ཀྱི་དགོས་མཁོ་དང་མཐུན་པ་ཞིག་ཡིན་ན་རྦད་ཆོད་སྒོས་བཅོས་སྒྱུར་དང་སྤོབས་པ་ཆེན་པོས་ཚོད་ལྟ་བྱེད་དགོས། བཅོས་སྒྱུར་ནི་གནད་དོན་ཐག་གཅོད་པའི་ཆེད་དུ་ཡིན་ལ། གནད་དོན་ཐག་གཅོད་ན་ངེས་པར་དུ་མདུང་རྩེ་ཁ་སྤྲོད་བྱེད་དགོས་པ་དང་བཏོན་པའི་བྱེད་ཐབས་ལ་དམིགས་ཡུལ་རང་བཞིན་ཡོད་དགོས། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་བཅོས་སྒྱུར་ལས་འགན་དེ་དངོས་འབེབས་བཟང་བོ་བྱེད་དགོས། འགན་འཁུར་བློ་མཐུན་གཙོ་བོས་བཅོས་སྒྱུར་དངོས་འབེབས་དམ་འཛིན་བྱེད་པའི་འགན་འཁྲི་གཏན་འཁེལ་གསལ་བོ་བྱས་ཏེ། འགན་འཁྲི་དངོས་འབེབས་བྱས་པ་མི་བཟང་ལ། འགན་འཁྲི་སྣང་མེད་དུ་འཇོག་པ་དང་བཅོས་སྒྱུར་འགོར་འགྱངས་སུ་གཏོང་མཁན་ལ་ངེས་པར་དུ་འགན་འདྲི་ནན་མོ་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ལོ་འདི་དག་གི་རིང་ལ། ཏང་ཀྲུང་དབྱང་གིས་དམངས་ཚིས་ལ་ཕན་པའི་བཅོས་སྒྱུར་བྱེད་ཐབས་རབ་དང་རིམ་པ་གཏན་འཁེལ་བྱས་པ་དེར་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་དང་གནད་འགག་ནི་དངོས་འབེབས་བྱ་བ་དམ་འཛིན་བྱས་ནས་ཕན་འབྲས་ཐོབ་ཏུ་འཇུག་རྒྱུ་དེ་ཡིན། བཅོས་སྒྱུར་དངོས་འབེབས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་དང་ཆེས་ཐད་ཀར། ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་དམ་འཛིན་བྱེད་དགོས་ལ། གཙོ་གཞིའི་འགན་འཁྲི་དངོས་འབེབས་བཟང་བོ་བྱེད་པ་དང་། ཚན་རིག་དང་མཐུན་པའི་བཅོས་སྒྱུར་དཔྱད་འཇོག་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་ལ། བཅོས་སྒྱུར་ལྟ་ཞིབ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་བཅོས་སྒྱུར་བྱེད་ཐབས་ཕན་འབྲས་འདོན་སྤེལ་བྱས་ནས། མི་དམངས་མང་ཚོགས་ལ་ཕན་འབྲས་ཐོབ་ཚད་ཇེ་ཆེར་གཏོང་དགོས་ཟེར།

ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཁག་གི་ཁོངས་མི་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་དེ་མིན་འབྲེལ་ཡོད་ས་གནས་ཀྱི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།