ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐི་ཨུན་པུའུ་ཨར་དང་ལྷན་དུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལིའི་ཐུག་འཕྲད་སྐོར་ཐེངས་ལྔ་བ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

6cd3ba243297dbed1ef5d002636625b8.jpg

ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁན་ཕེ་ལ་གྲོང་ཁྱེར་ནས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐི་ཨུན་པུའུ་ཨར་དང་ལྷན་དུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལིའི་ཐུག་འཕྲད་སྐོར་ཐེངས་ལྔ་བ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁན་ཕེ་ལ་གྲོང་ཁྱེར་ནས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐི་ཨུན་པུའུ་ཨར་དང་ལྷན་དུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལིའི་ཐུག་འཕྲད་སྐོར་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་སོང་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ད་ལོ་ནི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་ལོན་པའི་ལོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དེ་དུས་སྐབས་གསར་བར་སླེབ་འདུག དེང་སྐབས་རྒྱལ་སྤྱི་དང་ས་གནས་ཀྱི་གནས་བབ་རྙིང་འཛིང་ཆེ་བ་དང་འགྱུར་ལྡོག་མང་བའི་རྒྱབ་ལྗོངས་འོག་ཏུ་རྒྱལ་ཁབ་གཉིས་ཀྱིས་རང་རང་རྒྱལ་ཁབ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་ས་གནས་དཔལ་འབྱོར་འཕར་བར་ཡར་སྐུལ་བྱེད་པ། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ཕྱོགས་སུ་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་མཉམ་དུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་། ཁྲིམས་སྐྱོང་བདེ་འཇགས་སོགས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཆུ་ཚད་ཇེ་མཐོར་བཏང་ནས། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་དང་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ལེན་འདོད་ཡོད་ཟེར།

ཐི་ཨུན་པུའུ་ཨར་གྱིས་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡ་ནི་ཀྲུང་གོས་ཡུན་རིང་ལ་ཡིད་རྟོན་བྱེད་ཆོག་པའི་མཉམ་ལས་ཀྱི་གྲོགས་པོ་བཟང་བོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཕྱོགས་སུ་ཁ་གསབ་རང་བཞིན་ལྡན། ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་རང་མོས་ཉོ་ཚོང་གྲོས་མཐུན་ལག་བསྟར་བྱེད་པ་དེས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕར་སྣོན་དང་ཕྱོགས་གཉིས་ཀྱི་མཉམ་ལས་ཐད་ལ་རྨང་གཞི་འདོན་སྤྲོད་བྱས་པ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་འགྲོ་བར་ཕན་པ་ཡོད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་བར་གྱི་འགྲོ་འོང་ཇེ་མང་དུ་གཏོང་བ་དང་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ། མཉམ་ལས་རྒྱ་བསྐྱེད་ནས་ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོ ཐ་ན་འཛམ་གླིང་གི་རྒྱལ་ཁབ་སོ་སོ་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།