ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་བདུན་ལོའི་ལོ་ཚོགས་ཚོགས་མགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

63664d1d0dea7cac6ec1ade8a877a498.jpg

ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཧེ་ནན་ཞིང་ཆེན་དུ་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་བདུན་ལོའི་ལོ་ཚོགས་ཚོགས་མགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད། ཁ་ཡིག་ལ་དཔལ་འབྱོར་འཛམ་གླིང་ཅན་དུ་སྒྱུར་བར་སྐུལ་འདེད་བཏང་ནས་ཨེ་ཤ་ཡ་དང་འཛམ་གླིང་གི་མཛེས་པའི་མ་འོངས་པ་མཉམ་དུ་གསར་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཧེ་ནན་ཞིང་ཆེན་དུ་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་བདུན་ལོའི་ལོ་ཚོགས་ཚོགས་མགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད། ཁ་ཡིག་ལ་དཔལ་འབྱོར་འཛམ་གླིང་ཅན་དུ་སྒྱུར་བར་སྐུལ་འདེད་བཏང་ནས་ཨེ་ཤ་ཡ་དང་འཛམ་གླིང་གི་མཛེས་པའི་མ་འོངས་པ་མཉམ་དུ་གསར་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གནང་། རྒྱལ་ཁབ་དང་ས་གནས་ལྔ་བཅུ་ནས་ཡོང་བའི་སྲིད་གཞུང་དང་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་དང་རིག་མཛོད་ཤེས་ཡོན་ཅན་སྟོང་གཅིག་དང་བདུན་བརྒྱ་ལྷག་ཚོགས་མགོ་བརྩམས་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ད་ལོའི་ཟླ་དང་པོར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཏ་ཝོ་སི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་སྟེ། དེང་སྐབས་འཛམ་གླིང་དཔལ་འབྱོར་གྱི་མདུན་དུ་ལྷགས་པའི་དཀའ་ཁག་དང་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་མིའི་རིགས་སྤྱི་ཚོགས་དར་རྒྱས་དང་ཡར་ཐོན་གྱི་ཕྱོགས་སུ་སྐྱོད་པར་ཁ་ཕྱོགས་གསལ་བོར་བསྟན། ད་ལོར་ཀྲུང་གོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསྡུ་རྒྱུ་ཡིན་ལ། ཀྲུང་གོས་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལོ་ཡང་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག བློ་བརྟན་འགྱུར་མེད་སྒོས་ཕྱི་ཕྱོགས་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱེད་ངེས་ཡིན། ཀྲུང་གོས་ཨེ་ཤ་ཡའི་རྒྱལ་ཁབ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལས་དོན་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད། ད་ལོའི་ཟླ་ལྔ་བར་ཀྲུང་གོས་པེ་ཅིན་ནས་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་བསྡུས་ཏེ། མཉམ་ལས་ཀྱི་ཇུས་གཞི་ཆེན་པོར་མཉམ་གྲོས་བྱེད་པ་དང་མཉམ་ལས་བྱེད་ས་མཉམ་སྐྲུན་བྱེད་རྒྱུ་ཡིན་པར་མ་ཟད། མཉམ་ལས་གྲུབ་འབྲས་མཉམ་སྤྱོད་བྱས་ནས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱིས་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་ངེས་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།