ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་བདུན་ལོའི་ལོ་ཚོགས་མགོ་བརྩམས་པར་རྟེན་འབྲེལ་ཞུ་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་ལྔ་ཉིན་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་བདུན་ལོའི་ལོ་ཚོགས་མགོ་བརྩམས་པར་རྟེན་འབྲེལ་ཞུ་ཡིག་བསྐུར། ཞི་ཅིན་ཕེན་གྱིས་བསྟན་དོན། པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་བཙུགས་ནས་ལོ་ངོ་བཅུ་དྲུག་གི་རིང་ལ་ཨེ་ཤ་ཡ་ནས་རྐང་ཚུགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་པ། ཨེ་ཤ་ཡའི་ཐུན་མོང་ལྟ་ཚུལ་གཅིག་བསྡུས་བྱས་ཏེ། ཨེ་ཤ་ཡའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཨེ་ཤ་ཡའི་ཤུགས་རྐྱེན་མཐོར་འདེགས་སུ་གཏོང་བའི་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད། སྦྱིན་བདག་རྒྱལ་ཁབ་གཙོ་བོ་ཡིན་པའི་ཆ་ནས་ཀྲུང་གོའི་ཕྱོགས་ལ་མཚོན་ན་གླེང་སྟེགས་ནས་བླངས་པའི་གྲུབ་འབྲས་ལ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་པ་དང་། གླེང་སྟེགས་ཀྱི་རྒྱུན་འཁུར་ལས་འཛིན་དང་བློ་འདྲི་ཨུ་ཡོན་ལྷན་ཁང་། ལས་རིགས་སོ་སོའི་མི་སྣ་བཅས་ཀྱིས་བཞག་པའི་བྱས་རྗེས་ལ་བཀའ་དྲིན་ཆེ་ཞུ་བཞིན་ཡོད་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། ད་ལོར་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ལོ་ཚོགས་ཀྱིས་འཛམ་གླིང་ཅན་དང་རང་དབང་ཉོ་ཚོང་གི་མ་འོངས་པར་ཁ་ཕྱོགས་པ་ཞེས་པ་བརྗོད་དོན་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དང་ཁྱད་པར་དུ་ཨེ་ཤ་ཡའི་རྒྱལ་ཁབ་སོ་སོས་དཔལ་འབྱོར་འཛམ་གླིང་ཅན་གྱི་གནད་དོན་ལ་དོ་སྣང་བྱེད་བཞིན་པ་མངོན་པར་མཚོན་ཡོད་པས། ཚོགས་ཞུགས་ཀྱི་སྐུ་མགྲོན་རྣམས་ཀྱིས་བློ་རིག་གཅིག་བསྡུས་དང་སྟོབས་ཤུགས་མཉམ་འདོན་བྱས་ཏེ། འཛམ་གླིང་དང་ཁུལ་ཁོངས་དཔལ་འབྱོར་ལ་འཕྲད་པའི་འབུར་ཐོན་གནད་དོན་ཐག་གཅོད་པར་བློ་གྲོས་འབུལ་དགོས་པར་མ་ཟད། སྔར་ལས་གསོན་ཤུགས་དང་བཟོད་སྒོམ། རྒྱུན་མཐུད་བཅས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་གྱི་འཕེལ་རིམ་ལ་ཐུན་མོང་གིས་སྐུལ་འདེད་གཏོང་རྒྱུར་རེ་བ་བྱེད་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།