ཀྲུང་གོ་བོད་ཀྱི་དྲ་བ།

“རྒྱུད་གཅིག་ལམ་གཅིག”གི་སློབ་གསོའི་བྱ་སྤྱོད་བཀོད་པ་གཞི་རྩའི་ཆར་གྲུབ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་4ཚེས་10ཉིན་སློབ་གསོ་པུས་ནང་སོག་དང་། ཅི་ལིན། ཧེ་ལུང་ཅང་། ཧྲའན་ཤིས། མཚོ་སྔོན། ཆིང་ཏའོ་སོགས་ཞིང་ཆེན(རང་སྐྱོང་ལྗོངས)དང་གྲོང་ཁྱེར་དྲུག་དང་པེ་ཅིང་དུ“རྒྱུད་གཅིག་ལམ་གཅིག”གི་སློབ་གསོའི་བྱ་སྤྱོད་ཀྱི་རྒྱལ་སྤྱིའི་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་པ་རེད། མིག་སྔའི་བར་སློབ་གསོ་པུས་ཞིང་ཆེན(རང་སྐྱོང་ལྗོངས)དང་གྲོང་ཁྱེར་14དང་གན་རྒྱ་བཞག་སྟེ་མཚམས་ཚིགས་གལ་ཆེན་གྱི་ཞིང་ཆེན་དང“རྒྱུད་གཅིག་ལམ་གཅིག”གི་སློབ་གསོའི་བྱ་སྤྱོད་འཆར་གཞི་གཞི་རྩའི་ཆར་བཏིང་བས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་སློབ་གསོའི་བྱ་སྤྱོད་ཀྱི་སྤྱིའི་བཀོད་པ་ཞིག་རྩ་བའི་ཆ་ནས་གྲུབ་པ་རེད། གོང་གསལ་གནས་ཚུལ་དེ་ནི་གསར་འགོད་པས་ཚེས་11ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པ་ཞིག་རེད།

མཉམ་ལས་ཀྱི་དྲན་ཐོར་གཞིགས་ན། སློབ་གསོ་པུའུ་དང་ཞིང་ཆེན(རང་སྐྱོང་ལྗོངས)དང་གྲོང་ཁྱེར་དྲུག་གིས་རྒྱལ་ཁབ་ཕྱི་ནང་གི་སྤུས་ལེགས་ཐོན་ཁུངས་སྤྱི་འདོམས་མཐུན་སྦྱོར་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ཐོག་ནས“རྒྱུད་གཅིག་ལམ་གཅིག”གི་སློབ་གསོའི་ཐུན་མོང་སྒྲིག་གཞི་འཛུགས་རྒྱུ་སྤྱིའི་དམིགས་ཚད་དུ་བརྩི་བ་དང་ཤེས་ལྡན་པའི་འདེགས་སྐྱོར་དང་། དམངས་སེམས་གཅིག་མཐུན་ལ་སྐུལ་འདེད། ཐུན་མོང་འཕེལ་རྒྱས་ཡོང་རྒྱུ་བཅས་ལས་འགན་གཙོ་བོར་བརྩིས་ནས་ཁྱབ་ཁོངས་དེ་བས་ཆེ་བ་དང་། ཆུ་ཚད་དེ་བས་མཐོ་བ། རིམ་པ་དེ་བས་མཐོ་བ་བཅས་ཀྱི་སློབ་གསོའི་རྒྱལ་སྤྱིའི་མཉམ་ལས་སྤེལ་རེས་གཏིང་ཟབ་བྱེད་པ་དང་ཆབས་ཅིག “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུར་འཕྲལ་མཁོ་ཆེ་བའི་ཤེས་ལྡན་པ་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཏེ“མཉམ་དུ་བསྐྱོད་པ་དང་། རྩེ་རིམ་ཇུས་འགོད། སྲིད་ཇུས་ཀྱི་གཟིགས་སྐྱོང་། གཙོ་གནད་ཚད་བརྒལ”བཅས་ཀྱི“རྒྱུད་གཅིག་ལམ་གཅིག”གི་སློབ་གསོའི་བྱ་སྤྱོད་ཀྱི་རྒྱལ་སྤྱིའི་མཉམ་ལས་ཀྱི་རྣམ་པ་གསར་པ་ཞིག་ཧུར་ཐག་ཆགས་པ་བྱ་རྒྱུ་རེད།

སློབ་གསོ་པུས་སྤྱི་ཁོག་མཛུབ་ཁྲིད་དང་། རྒྱལ་ཁབ་གཉིས་ཀར་སློབ་སྦྱོང་། ཕྱི་དོན་དང་འབྲེལ་བའི་སློབ་གཉེར། རྒྱལ་ཁབ་དབར་གྱི་ཁྱད་པར་དང་ས་ཁོངས་ཞིབ་འཇུག སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས། ནུས་པ་འཛུགས་སྐྱོང་། ལས་སྟེགས་འཛུགས་སྐྲུན་སོགས་ཕྱོགས་བདུན་ཐད་ལ་དངོས་སུ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་གན་རྒྱ་བཞག་པའི་ཚན་པས་རང་སོ་སོའི་ས་བབ་ཀྱི་ལེགས་ཆ་དང་ས་གནས་ཀྱི་ཁྱད་ཆོས་འདོན་སྤེལ་ཐུབ་རྒྱུར་སྣེ་ཁྲིད་དང་སྐུལ་འདེད་གཏོང་བ་དང“རྒྱུད་གཅིག་ལམ་གཅིག”གི་སློབ་གསོའི་བྱ་སྤྱོད་ལ་ཕྱར་བ་གྲུ་འདེགས་ངང་སྐུལ་འདེད་གཏོང་རྒྱུ་རེད། གཞན་ཡང་ཞིང་ཆེན་དང་པུའུ་ཡིས་རྣམ་གྲངས་བརྒྱ་ཕྲག་ཁ་ཤས་མཉམ་སྐྲུན་དང་། གན་རྒྱ་འཇོག་པ། འཆར་འགོད་བཅས་བྱས་ཡོད་པས། སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་སློབ་གསོའི་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། སློབ་གསོ་པུས་ཟླ་4ཚེས་11དང་12ཉིན་གན་རྒྱ་བཞག་པའི་ཞིང་ཆེན་དང་གྲོང་ཁྱེར་དང་འབྲེལ་མཐུད་སྤེལ་རེས་ཚོགས་འདུ་འཚོག་རྒྱུ་མ་ཟད། རྣམ་གྲངས་འབྲེལ་མཐུད་ཀྱི་སྐུལ་འདེད་སྒོ་དབྱེ་ཉིན་མོའི་བྱེད་སྒོའང་སྤེལ་རྒྱུ་རེད། དེའི་ནང་ཟླ་4ཚེས་11ཉིན་ནི་སློབ་གསོ་པུའུ་རྒྱལ་སྤྱི་སིའི་སྒོ་དབྱེའི་ཉིན་མོ་དང་། ཟླ་4ཚེས་12ཉིན་ནི་རྒྱལ་ཁབ་རྒྱ་ཡིག་རྒྱལ་སྤྱིར་ཁྱབ་གདལ་གཞུང་ལས་ཁང་དང་། རྒྱལ་ཁབ་ཕྱི་སྦྱོང་ཐེབས་རྩ་ཨུ་ལྷན། སློབ་གསོ་པུའི་ཕྱི་སྦྱོང་ཞབས་ཞུའི་ལྟེ་གནས། ཀྲུང་གོ་སློབ་གསོའི་རྒྱལ་སྤྱིའི་སྤེལ་རེས་མཐུན་ཚོགས་བཅས་ཀྱི་སྒོ་དབྱེའི་ཉིན་མོ་ཡིན་པས། སློབ་གསོ་པུས་གན་རྒྱ་བཞག་པའི་ཞིང་ཆེན་གྱི་སློབ་གསོ་ཐིང(ཅུས)དང་མཉམ་ལས་དྲན་ཐོའི་ཞིང་ཆེན་དང་པུའུ་ཡི་མཉམ་སྐྲུན་ལས་སྟེགས་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ་འབྲེལ་མཐུད་སྤེལ་རེས་བྱ་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།