ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ལྷོ་ཕྱོགས་དམག་ཁུལ་སྐམ་དམག་ལས་ཁུངས་ལ་གཟིགས་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་གཅིག་ཉིན་ལྷོ་ཕྱོགས་དམག་ཁུལ་སྐམ་དམག་ལས་ཁུངས་ལ་གཟིགས་ཞིབ་མཛད། པར་འདི་ནི་ཞི་ཅིན་ཕིང་གིས་ཀོང་ཞིར་སྡོད་པའི་དམག་དཔུང་གི་ཁྲི་ཤོག་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་། ནན་ཉིན་གྲོང་ཁྱེར་དུ་སྡོད་པའི་དམག་དཔུང་གི་མདའ་ཤོག་ཡན་ཀྱི་ལས་ཁུངས་ཀྱི་དཔོན་རིགས། ལྷོ་ཕྱོགས་དམག་ཁུལ་སྐམ་དམག་ལས་ཁུངས་ཀྱི་མདའ་དཔོན་རིམ་པའི་ལས་བྱེད་པ་བཅས་ལ་བརྩེ་བའི་མཇལ་འཕྲད་གནང་བའི་ཚུལ་རེད། 

4.jpg

པར་འདི་ནི་ཞི་ཅིན་ཕིང་གིས་བྱ་བའི་གནས་ཚུར་ཡར་ཞུ་ལ་ཉན་རྗེས་གསུང་བཤད་གལ་ཆེན་གནང་བའི་ཚུལ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་གཅིག་ཉིན་ལྷོ་ཕྱོགས་དམག་ཁུལ་སྐམ་དམག་ལས་ཁུངས་ལ་གཟིགས་ཞིབ་མཛད། ཁོང་གིས་ཏང་གི་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་གྱིས་མཛུབ་ཁྲིད་བྱེད་པ་དང་། གནས་བབ་གསར་བའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ནས། བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་། བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ། དངོས་གཉེར་དངོས་སྒྲུབ་བྱེད་པ། གསར་གཏོད་གསར་སྐྲུན་བྱེད་པ། ཏན་ཏན་ཏིག་ཏིག་གི་སྒོ་ནས་དམག་དོན་ཨུ་ཡོན་ལྷན་ཁང་གིས་བཀོད་སྒྲིག་བྱས་པའི་བྱ་བའི་ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ལ། དམག་དཔུང་བྱ་བའི་རྣམ་པ་གསར་བ་ཧུར་ཐག་སྒོས་གསར་གཏོད་བྱེད་པ་དང་། བྱས་རྗེས་ཕུལ་དུ་བྱུང་བ་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསྡུ་བར་བསུ་མ་བྱེད་དགོས་ཞེས་ནན་གྱིས་བསྟན།

སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུ་ཡས་མས་སུ། ཞི་ཅིན་ཕིང་ལྷོ་ཕྱོགས་དམག་ཁུལ་སྐམ་དམག་ལས་ཁུངས་སུ་ཕེབས་ཏེ། ཀོང་ཞིར་སྡོད་པའི་དམག་དཔུང་གི་ཁྲི་ཤོག་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་། ནན་ཉིན་གྲོང་ཁྱེར་དུ་སྡོད་པའི་དམག་དཔུང་གི་མདའ་ཤོག་ཡན་གྱི་ལས་ཁུངས་ཀྱི་དཔོན་རིགས། ལྷོ་ཕྱོགས་དམག་ཁུལ་སྐམ་དམག་ལས་ཁུངས་ཀྱི་མདའ་དཔོན་རིམ་པའི་ལས་བྱེད་པ་བཅས་ལ་བརྩེ་བའི་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་ཚང་མ་དང་མཉམ་དུ་པར་བླངས།

པར་བླངས་ཚར་རྗེས། ཞི་ཅིན་ཕིང་གིས་ལྷོ་ཕྱོགས་དམག་ཁུལ་སྐམ་དམག་གི་བྱ་བའི་གནས་ཚུལ་ཡར་ཞུ་ལ་ཉན་པར་མ་ཟད། གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། ད་ལོ་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་རྒྱུད་རིམ་ཁྲོད་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་པས། བསམ་བློའི་ཆབ་སྲིད་འཛུགས་སྐྲུན་བྱ་བ་དམ་འཛིན་ལེགས་འཛིན་བྱེད་དགོས་ལ། དམག་སྦྱོང་དམག་འཁྲུག་གྲ་སྒྲིག་བྱ་བ་དམ་འཛིན་ལེགས་འཛིན་བྱེད་དགོས་པར་མ་ཟད། དམག་དཔུང་གི་བཅོས་སྒྱུར་བྱ་བ་དམ་འཛིན་ལེགས་འཛིན་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། ལངས་ཕྱོགས་གསལ་བའི་སྒོ་ནས་ཆབ་སྲིད་སྐྱོང་བ་དང་། བློ་བརྟན་འགྱུར་མེད་སྒོས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་གི་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པ། གཡོ་འགུལ་མེད་པར་ཏང་གིས་དམག་དཔུང་ལ་མཐའ་གཅིག་གིས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ཀུའུ་ཐེན་དམག་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། གོ་པོ་ཞུང་དང་ཞུའུ་ཚེ་ཧུ་གཉིས་ཀྱི་དུག་རྒྱུན་ཤུགས་རྐྱེན་ཁྱོན་ཡོངས་ནས་མེད་པར་བཏང་སྟེ། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་གཟབ་ནན་བྱས་ནས། དུས་རྣམ་ཡང་དང་གནས་ཚུལ་ཅི་འདྲའི་འོག་དམག་དཔུང་གིས་བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཀོད་འདོམས་ལ་ཉན་པར་ཁག་ཐེག་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། འཐབ་ཁུལ་གྱི་དམག་དཔུང་ལས་ཁུངས་ཀྱི་འགན་འཁྲིའི་ནུས་ཐིག་གཏན་འཁེལ་ལ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་དང་། འཐབ་ཁུལ་གྱི་བཀོད་འདོམས་བདེ་བླག་ཡིན་པ་དང་། འཛགས་སྐྲུན་དང་དོ་དམ་ཕན་ནུས་ལྡན་པར་ཁག་ཐེག་བྱེད་དགོས། སྤོབས་པ་ཆེན་པོས་བསམ་བློ་བཅིངས་འགྲོལ་བྱེད་པ་དང་། ལག་ལེན་དང་འཚོལ་ཞིབ་ལ་ཤུགས་བསྣན་ཏེ། འཐབ་ཁུལ་མཉམ་འབྲེལ་སྒོས་དམག་འཁྲུག་རྒྱག་པ་དང་བཀོད་འདོམས་བྱེད་པའི་མ་ལག་འཛུགས་སྐྲུན་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་དགོས་ལ། དམངས་དམག་མཉམ་འབྲེལ་སྒོས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས། རྒྱལ་སྲུང་སྟོབས་ཤུགས་དང་དཔལ་འབྱོར་འཕེལ་རྒྱས་གཉིས་མཉམ་དུ་མཐོར་འདེགས་སུ་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་རིམ་པ་སོ་སོས་གཞི་རིམ་འཛིན་པ་དང་རྨང་གཞི་ཇེ་བརྟན་དུ་གཏོང་བའི་བྱ་བ་གཙིགས་འཛིན་བྱས་ནས། ཁྲིམས་ལྟར་དམག་དཔུང་སྐྱོང་བ་དང་། དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ། དམག་དཔུང་སློབ་གསོ་དང་དོ་དམ་ནན་མོ་བྱེད་པ། སྤྲོ་སེམས་ཆེན་པོས་དཔོན་དམག་ལ་སེམས་ཁུར་དང་གཅེས་སྐྱོང་བྱས་ནས། དམག་དཔུང་གཅིག་སྡུད་གཅིག་གྱུར་དང་བདེ་འཇགས་བརྟན་འཇགས་ཡོང་བར་ཁག་ཐེག་བྱས་ཏེ། དམག་དཔུང་འཛུགས་སྐྲུན་དང་འཐབ་འཛིང་སྟོབས་ཤུགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས་པའི་སྐུལ་མ་བཏང་།

ཧྥན་ཁྲང་ལུང་སོགས་ཀྱིས་མཉམ་དུ་རྟོག་ཞིབ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།