ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས«ཀྲུའུ་ཞི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས«ཀྲུའུ་ཞི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས་ཏེ། དམག་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱེད་དགོས་པའི་རེ་བ་བཏོན།

«བསམ་འཆར»ལས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིགས་གཞུང་མ་ལག་གི་ཆེས་གསར་བའི་གྲུབ་འབྲས་ཡིན་ལ། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཀྱི་ཆེས་གསར་བའི་འཕེལ་རྒྱས་ཡིན་པ་དང་། ང་ཚོ་ཏང་གིས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་བ་གང་མང་ལྡན་པའི་རླབས་ཆེན་འཐབ་རྩོད་དང་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་ལག་བསྟར་བྱེད་པའི་བསམ་བློའི་གོ་ཆ་ཆེན་པོ་ཡང་ཡིན། གནས་བབ་དང་ལས་འགན་གསར་བའི་མདུན་དུ། དམག་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བར་བསུ་མ་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པར་དམིགས་པ་དང་། ཏང་གི་རིགས་གཞུང་དང་ལག་ལེན་གསར་སྐྲུན་གྱི་གོམ་སྟབས་དང་འགྲོགས་ནས། ངོས་ཟིན་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་སློབ་སྦྱོང་ནན་མོ་བྱེད་དགོས་ལ། བྱ་བ་གཏིང་ཟབ་ཏུ་སྤེལ་པ་དང་། ཁོང་ཆུད་མ་ལག་དང་སྒྱུར་བཀོད་སློབ་སྲོལ། སྲོག་ཤིང་སྲུང་སྐྱོབ། འཕེལ་རྒྱས་སྣེ་ཁྲིད་བཅས་ཀྱི་ཕྱོགས་སུ་ཤུགས་བསྐྱེད་དེ་མུ་མཐུད་དུ་ཀྲུའུ་ཞི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བཟང་བོ་བྱས་ནས། རྒྱུན་མཐུད་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་དུ་འཇུག་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།