ཀྲུང་གོ་བོད་ཀྱི་དྲ་བ།

ཇོ་མོ་གླང་མའི་བྱང་ངོས་ནས་རིར་འཛེག་རྒྱུའི་ལམ་ཐིག་ཕྱེ་བ་དང་། ཀྲུང་གོའི་རུ་མི22ཡོད་པའི་རི་འཛེག་རུ་ཁག་ཅིག་ཉེ་ཆར་རི་རྩེར་འཛེག་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

F2017051614304454167300036.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཇོ་མོ་གླང་མའི་བྱང་ངོས་སུ་རླུང་འཇམ་ཉི་དྲོའི་གནམ་གཤིས་ཡག་པོ་ཞིག་འཆར་བ་དང་། ཤར་པ་མི9ཡིས་བྱང་ངོས་ནས་རིར་འཛེག་རྒྱུའི་ལམ་ཐིག་ཅིག་ལེགས་འགྲུབ་ངང་བཟོས་པས། འདིས་བྱང་ངོས་སུ་གནས་པའི་ཇོ་མོ་གླང་མར་འཛེགས་པའི་རི་འཛེག་རུ་ཁག་ལ་རིར་འཛེག་རྒྱུའི་སྒོ་ཆེན་པོ་ཞིག་ཕྱེ་བ་རེད།

ཚེས13ཉིན་གྱི་ཞོགས་པའི་ཆུ་ཚོད8དང་སྐར་མ20ཐོག མཐོ་རིའི་རོགས་ལས་པས་རོགས་རམ་བྱས་པའི་འོག རྒྱ་གར་གྱི་རི་འཛེག་པ་ཞིག་ལེགས་འགྲུབ་ངང་ཇོ་མོ་གླང་མའི་རི་རྩེར་འཛེགས་པ་དང་། རྒྱ་གར་རུ་ཁག་གིས་རི་འཛེག་དུས་ཚིགས་འདིའི་རི་རྩེར་ཐེངས་དང་པོར་འཛེགས་པའི་ཟིན་ཐོ་བཀོད་པ་རེད།

ཇོ་མོ་གླང་མའི་བྱང་ངོས་ཀྱི་འབྲེལ་གཏུག་དཔོན་བསམ་འགྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱ་གར་གྱི་ཇོ་རིའི་རི་འཛེག་རུ་ཁག་གི་རུ་མི6དང་ཤར་པ་ལམ་ཁྲིད་པ་མི10ཡིས་ཚེས13ཉིན་གྱི་ཆུ་ཚོད8དང་སྐར་མ20ལ་ཇོ་མོ་གླང་མའི་རི་རྩེར་འཛེགས་པ་དང་། ཨུ་རུ་སུའི་རི་འཛེག་པ་ལཱ་པཱ་ཤར་པཱ་དང་ཤར་པ་ལམ་ཁྲིད་པ་ཞིག་གིས་ཉིན་དེའི་ཆུ་ཚོད8དང་སྐར་མ35ལ་ཇོ་མོ་གླང་མའི་རི་རྩེར་འཛེགས་པ་རེད། ཚེས13ཉིན་ཁྱོན་བསྡོམས་མི18ཀྱིས་སྔ་རྟིང་དུ་ལེགས་འགྲུབ་ངང་ཇོ་མོ་གླང་མའི་རི་རྩེར་འཛེགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལཱ་པཱ་ཤར་པཱ་ནི་ཇོ་རིའི་རི་རྩེར་འཛེགས་པ18ཁྲོད་ཀྱི་བུད་མེད་འབའ་ཞིག་ཡིན་པ་ཁོང་གིས་ད་བར་དུ་ལེགས་འགྲུབ་ངང་ཇོ་མོ་གླང་མའི་རི་རྩེར་ཐེངས8འཛེགས་པ་རེད།

བོད་རང་སྐྱོང་ལྗོངས་རི་འཛེགས་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་འབྲེལ་ཡོད་ལས་སྒྲུབ་མི་སྣས་རང་རྒྱལ་གྱི་རི་འཛེགས་པ22ཡོད་པའི་རི་འཛེག་རུ་ཁག་གིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི6500ཡོད་པའི་མདུན་སྐྱོད་སྒར་སར་འཕྲོད་བསྟུན་ལེགས་སྒྲིག་བྱེད་བཞིན་ཡོད་པ་དང་། རི་རྩེར་འཛེགས་པའི་དུས་ཚོད་ནི་ཚེས14ཉིན་ནས་ཚེས18ཉིན་གྱི་བར་དུ་བཀོད་སྒྲིག་བྱས་ཡོད་ཅེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།