ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་ལྟར«ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ལྡན་དར་རྒྱས་སུ་གཏོང་བའི་སྐོར་གླེང་བ»ཞེས་པའི་དཔེ་དེབ་དམག་ཡོངས་སུ་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དམག་དཔུང་གི་མདའ་ཤོག་ཡན་གྱི་མགོ་ཁྲིད་ལས་བྱེད་པས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་ཇི་མ་ཇི་བཞིན་དང་ཁྱོན་ཡོངས་ནས་སློབ་སྦྱོང་བྱེད་པར་རོགས་རམ་བྱེད་པ་དང་། སྲོག་ཤིང་ལ་བློ་དཀར་བ་དང་། སྲོག་ཤིང་ལ་གོང་བཀུར་བྱེད་པ། སྲོག་ཤིང་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། བསམ་བློར་དྲག་ཆས་སྤྲས་པ་དང་བློ་སྦྱོང་ལ་ཤུགས་སྣོན་པ། བྱ་བར་མཛུབ་སྟོན་བྱེད་པ་བཅས་སྔར་ལས་བཟང་བོར་བྱེད་ཆེད། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་ལྟར། དམག་ཨུའི་ཆབ་སྲིད་བྱ་བའི་པུའུ་ཡིས«ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ལྡན་དར་རྒྱས་སུ་གཏོང་བའི་སྐོར་གླེང་བ»ཞེས་པའི་དཔེ་དེབ་རྩོམ་སྒྲིག་དང་འགྲེམ་སྤེལ་བྱས་པར་མ་ཟད། ཉེ་ལམ་བཅིངས་འགྲོལ་དམག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས། དམག་ཡོངས་ཀྱི་མདའ་ཤོག་ཡན་གྱི་མགོ་ཁྲིད་ལས་བྱེད་པའི་ཁྲོད་འགྲེམ་སྤེལ་བྱས།

དཔེ་དེབ་དེའི་ནང2012ལོའི་ཟླ་བཅུ་གཅིག་པ་ནས2017ལོའི་ཟླ་བཞི་བའི་བར་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་རེ་བདུན་བསྡུས་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དར་རྒྱས་སུ་གཏོང་བའི་སྐོར་གྱི་འཐབ་ཇུས་བསམ་བློ་གལ་ཆེན་དང་རིགས་གཞུང་ལྟ་བ་གལ་ཆེན། འཐབ་ཇུས་བཀོད་སྒྲིག་གལ་ཆེན་བཅས་རབ་དང་རིམ་པ་གཅིག་སྡུད་སྒོས་མཚོན་པར་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།