ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་ཀྲི་ལི་རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་དཔོན་ཨེ་སི་ཕིས་ནོ་ས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

张德江会见智利国会众议长埃斯皮诺萨 1.jpg

ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་ཀྲི་ལི་གཉིས་ཀྱི་གྲོས་ཁང་ཆབ་སྲིད་གྲོས་མོལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པར་ཞུགས་པའི་ཀྲི་ལི་རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་དཔོན་ཨེ་སི་ཕིས་ནོ་ས་སོགས་ལ་མཇལ་འཕྲད་གནང་། 

张德江会见智利国会众议长埃斯皮诺萨 2.jpg

ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་ཀྲི་ལི་གཉིས་ཀྱི་གྲོས་ཁང་ཆབ་སྲིད་གྲོས་མོལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པར་ཞུགས་པའི་ཀྲི་ལི་རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་དཔོན་ཨེ་སི་ཕིས་ནོ་ས་སོགས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉེར་བཞི་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་ཀྲི་ལི་གཉིས་ཀྱི་གྲོས་ཁང་ཆབ་སྲིད་གྲོས་མོལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པར་ཞུགས་པའི་ཀྲི་ལི་རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་དཔོན་ཨེ་སི་ཕིས་ནོ་ས་སོགས་ལ་མཇལ་འཕྲད་གནང་།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཀྲི་ལི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ནས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སྤྱི་ཁོག་ནང་གི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱེད་པར་ཤུགས་བསྣན་ཏེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། ཆབ་སྲིད་གྲོས་མོལ་ཨུ་ཡོན་ལྷན་ཁང་དེ་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་ཀྲི་ལི་རྒྱལ་ཚོགས་བར་འབྲེལ་འདྲིས་དང་མཐུན་སྦྱོར། བརྗེ་རེས་མཉམ་ལས་བཅས་བྱེད་པའི་ལས་ཁུངས་གལ་ཆེན་ཞིག་ཏུ་སྒྱུར་ནས། ཕྱོགས་གཉིས་ཀྱིས་དེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། བརྗེ་རེས་དང་ཕན་ཚུན་བར་དཔྱད་གཞིར་འཛིན་པར་ཤུགས་སྣོན་པ། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། མཛའ་མཐུན་མཉམ་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་ཀྲི་ལི་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་བཟང་བོ་འཇོག་དགོས་ཟེར།

ཨེ་སི་ཕིས་ནོ་ས་ཡིས་བཤད་རྒྱུར། ཀྲི་ལི་དམངས་གྲོས་ཁང་གི་ཏང་ཁག་སོ་སོའི་གྲོས་མིས་ཀྲི་ལི་དང་ཀྲུང་གོ་གཉིས་ཀྱི་གྲོས་ཁང་བར་གྱི་བརྗེ་རེས་ཁྲོད་ཧུར་ཐག་སྒོས་ཞུགས་ཏེ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་འབད་བརྩོན་སྔར་ལས་ཆེན་པོ་བྱེད་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།