ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སི་རི་ལན་ཁར་ཆུ་ལོག་དང་རི་ཉིལ་བའི་གནོད་འཚེ་ཐེབས་པའི་སྐོར་ནས་སི་རི་ལན་ཁའི་ཙུང་ཐུང་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། : 选择作者   སྤེལ་དུས། : 2017-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་བརྒྱད་ཉིན་སི་རི་ལན་ཁར་ཆུ་ལོག་དང་རི་ཉིལ་བའི་གནོད་འཚེ་ཐེབས་པའི་སྐོར་ནས་སི་རི་ལན་ཁའི་ཙུང་ཐུང་ཞི་ལི་སེ་ནར་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་སྟེ། གནོད་འཚེའི་ཁྲོད་ཀྱི་ཚེ་འདས་རྣམས་ལ་སེམས་གཏིང་ནས་འཚམས་འདྲི་ཞུས་པ་དང་། གནོད་འཚེ་ཐེབས་པའི་མང་ཚོགས་དང་ཚེ་འདས་རྣམས་ཀྱི་ཁྱིམ་མིར་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་འཚམས་འདྲི་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཀྲུང་གོ་དང་སི་རི་ལན་ཁ་གཉིས་ནི་མཛའ་མཐུན་ལྡན་པའི་ཁྱིམ་མཚེས་ཡིན། ཀྲུང་གོ་མི་དམངས་ཀྱིས་སི་རི་ལན་ཁའི་མི་དམངས་ལ་གནོད་འཚེ་ཐེབས་པར་ཧ་ཅང་སེམས་ཁུར་བྱེད་ཀྱིན་ཡོད། ཀྲུང་གོ་སྲིད་གཞུང་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་སི་རི་ལན་ཁའི་སྲིད་གཞུང་གི་གནོད་སེལ་རྒུད་སྐྱོབ་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། སི་རི་ལན་ཁ་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་འདོན་སྤྲོད་བྱེད་འདོད་ཡོད། སི་རི་ལན་ཁ་སྲིད་གཞུང་དང་མི་དམངས་ཀྱིས་གནོད་འཚེ་ལས་རྣམ་པར་རྒྱལ་བ་དང་ཁྱིམ་གཞིས་བསྐྱར་འཛུགས་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སི་རི་ལན་ཁའི་ཙུང་ལི་ཝེ་ཁི་ལ་མཱ་ཞིན་ཧ་ལའང་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

བསྟུད་མར་ཉིན་འགའི་རིང་ལ། སི་རི་ལན་ཁར་དྲག་ཆར་བབས་ཏེ་ཆུ་ལོག་དང་རི་ཉིལ་བའི་གནོད་འཚེ་བྱུང་སྟེ་མི་སྣར་ཤི་རྨས་ཚབས་ཆེན་ཐེབས། སི་རི་ལན་ཁའི་གནོད་ཐེབས་མང་ཚོགས་དོ་དམ་ལྟེ་གནས་ཀྱིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས་ཉེར་བརྒྱད་ཉིན་གྱི་ཉིན་གུང་བར་གནོད་འཚེའི་ཁྲོད་མི་བརྒྱ་དང་ཞེ་དྲུག་ཤི་བ་དང་མི་བརྒྱ་གར་སོང་མི་ཤེས། མི་ས་ཡ་གཅིག་ལྷག་ལ་གནོད་འཚེ་ཐེབས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།